Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚ... more
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.
October 02, 2022བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་ཏོག་དབྱིབས་ནད་ཡམས་ཀྱི་དམ་དྲག - ཟླ་བ་བཅུ་པ། ༠༢, ༢༠༢༢ཐེངས་འདིའི་བགྲོ་གླེང་མདུན་ལྕོག་གི་ལས་རིམ་ནང་ཕྱིར་སྡོད་བོད་མི་ཚོས་བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་ཏོག་དབྱིབས་ནད་ཡམས་ཀྱི་དམ་དྲག་གི་བཀའ་རྒྱའི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད་ཤུགས་ཆེ་བྱེད་བཞིན་པའི་གནད་དོན་ཐད་གླེང་མོལ་ཞུས་གསན་རོགས།...more21minPlay
September 24, 2022བོད་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དམ་དྲག་དང་འདིའི་ཤུགས་རྐྱེན། - ཟླ་བ་དགུ་པ། ༢༥, ༢༠༢༢༄༅། །དེང་སྐབས་བོད་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་ཤུགས་ཆེ་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་འདིར་བོད་མི་ཚོས་བསམ་བློ་གཏོང་ཕྱོགས་དང་། ལུས་སེམས་གཉིས་བདེ་ཐང་བྱེད་ཕྱོགས་ཐད་ལ་སྐུའི་གསུང་བསྒྱུར་ངག་དབང་བསོད་ནམས་ལགས་དང་གསར་འཁོད་པ་དཀོན་མཆོག་དོན་གྲུབ་ལགས་དང་གླེང་མོལ་ཞུ་ཡི་ཡིན།...more23minPlay
September 18, 2022བགྲོ་གླེང་མདུན་ལྕོག - ཟླ་བ་དགུ་པ། ༡༨, ༢༠༢༢ཐེངས་འདིའི་བགྲོ་གླེང་མདུན་ལྕོག་གི་ལས་རིམ་ནང་། བོད་མིའི་སྒྲིག་འཛུགས་ཀྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ད་ལྟའི་གནས་བབ་སྐོར་ལ། བསྟན་འཛིན་ནོར་བཟང་གིས་བོོད་མི་དམངས་སྤྱི་འཐུས་ཀརྨ་དགེ་ལེགས་དང་ལྷན་དུ་གླེང་མོལ་ཞུས་ཡོད།...more20minPlay
September 11, 2022དབྱིན་ཇིའི་རྒྱལ་པོ་ཅལ་སི་དང་བོད་ཀྱི་འབྲེལ་བ་དང། རྒྱལ་མོ་དམ་པའི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས། - ཟླ་བ་དགུ་པ། ༡༢, ༢༠༢༢༄༅། ཕྱི་ཚེས་༨ཉིན་དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛེ་སྦེད་མཆོག་སྐུ་ཚེའི་འཕེན་པ་རྗོགས་ཡོད་པ་དང་རྒྱས་སྲས་ཅལ་སི་གསུམ་པ་དབྱིན་ཇིའི་རྒྱལ་པོའི་ཁྲི་ཐོག་ཏུ་འཁོད་པ་ཁོང་དང་བོད་མིའི་འབྲེལ་བའི་སྐོར་དབྱིན་ཡུལ་བོད་རིགས་བསྟན་འཛིན་ཀུན་དགའ་ལགས་དང་དོན་གཅོད་ཟུར་པ་མི་འགྱུར་རྡོ་རྗེ་ལགས་དང་གླེང་མོལ་ཞུས་པ་དེ་སྙན་སྒྲོན་གནང་གི་རེད།...more27minPlay
September 04, 2022བཙན་བྱོལ་བོད་མིའི་མང་གཙོའི་ཁ་ཕྱོགས། - ཟླ་བ་དགུ་པ། ༠༤, ༢༠༢༢རེས་གཟའ་པ་སངས་ཉིན་བཙན་བྱོལ་བོད་མི་ཚོས་མང་གཙོའི་དུས་དྲན་ཐེངས་ ༦༢ པ་སྲུང་རྩིས་བྱས་ཡོད་ཅིང་། ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་བཞིན་བཙན་བྱོལ་བོད་མི་ཚོས་མང་གཙོ་སྲུང་སྐྱོབ་བྱེད་ཐུབ་ཡོད་དམ། དེའི་འགན་སུ་ལ་ཡོད་བཅས་ཀྱི་སྐོར་ལ་གླེང་མོལ་ཞུ་ཡོད།...more28minPlay
August 28, 2022ཁེ་ནེ་ཌའི་ནང་བོད་དོན་ལས་འགུལ་གྱི་རྐང་འཁོར་སྐོར་སྐྱོད་ཀྱི་མྱོང་བ། - ཟླ་བ་བརྒྱད་པ། ༢༨, ༢༠༢༢ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ལ་གནས་བཞུགས་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་དང་གྲོང་ཁྱེར་ཀལ་ཀེ་རིར་གནས་འཁོད་བསྟན་འཛིན་སྟོབས་ལྡན་ལགས་གཉིས་ཀྱིས་བོད་དོན་དྲིལ་བསྒྲགས་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ད་བར་གྱི་ཉམས་མྱོང་དང། དཀའ་ངལ་ཇི་འཕྲད་སོགས་ཀྱི་ཐད་གླེང་མོལ་ཞུས་ཡོད།...more23minPlay
August 21, 2022ལ་དྭགས་ཕོ་གསར་དྭང་བླང་སྤྱི་ཚོགས་ཞབས་ཞུ། - ཟླ་བ་བརྒྱད་པ། ༢༡, ༢༠༢༢ཐེངས་འདིའི་བགྲོ་གླེང་མདུན་ཅོག་ལས་རིམ་གྱིས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ནང་གི་ཕོ་གསར་དྭང་བླང་སྤྱི་ཚོགས་ཞབས་ཞུ་ཞེས་ན་གཞོན་གྱི་སྒྲིག་འཛུགས་ཤིག་ཡོད་པ་དེས་ཏོག་དབྱིགས་ནད་ཡམས་སྐབས་དྭང་བླང་ཞབས་ཞུའི་ལས་དོན་གཉེར་ཡོད་པ་མ་ཟད། ད་ལྟའང་མུ་མཐུད་སྤྱི་ཚོགས་ཞབས་ཞུ་གཉེར་བཞིན་པའི་སྐོར་ལ་གླེང་མོལ་ཞུ་རྒྱུ་ཡིན།...more23minPlay
August 14, 2022ཞི་ཅིང་པིན་གྱིས་འཐབ་ཕྱོགས་གཅིག་གྱུར་ཚོགས་འདུའི་གཏམ་བཤད་ལ་དཔྱད་པ། - ཟླ་བ་བརྒྱད་པ། ༡༤, ༢༠༢༢ཐེངས་འདིའི་བགྲོ་གླེང་མདུན་ཅོག་ལས་རིམ་གྱིས་ཉེ་ལམ་རྒྱ་ནག་གི་རྒྱལ་ས་པི་ཅིང་ནང་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་ཚོགས་འདུ་ཞིག་ཐོག་ཞི་ཅིང་པིན་གྱིས་གཏམ་བཤད་བྱས་ཡོད་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་ལས་དོན་གང་ཡིན་པ་བཅས་ཀྱི་སྐོར་་ལ་གླེང་མོལ་བྱས་ཡོད།...more23minPlay
August 07, 2022འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལ་དབྱེ་ཞིབ། - ཟླ་བ་བརྒྱད་པ། ༠༧, ༢༠༢༢༄༅། །༢༠༢༢ ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་སློབ་ཕྲུག་བརྒྱ་ཕྲག་འགའ་ཤས་ཀྱིས་ཡིག་རྒྱུགས་བཏང་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་མདུན་ཅོག་ལས་རིམ་གྱིས་ལོ་འདིའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འབྲས་དང། འདས་ལོའི་ཡིག་རྒྱུགས་གྲུབ་འབྲས་གཉིས་ལ་ཁྱད་པར་གང་བྱུང་ཡོད་པ་སོགས་ཀྱི་ཐད་གླེང་མོལ་ཞུ་ཡི་རེད།...more21minPlay
July 31, 2022ལ་དྭགས་ནང་བོད་ཀྱི་སྐད་ཡིག་དང་རིགས་ལམ་སློབ་གཉེར་གྱི་ཕུགས་རེ། - ཟླ་བ་བདུན་པ། ༣༡, ༢༠༢༢ད་རིང་གི་བགྲོ་གླེང་མདུན་ཅོག་ལས་རིམ་གྱིས་ལ་དྭགས་ནང་བོད་ཀྱི་སྐད་ཡིག་དང་རིགས་ལམ་སློབ་གཉེར་ཐོག་ཕུགས་རེའི་སྐོར་ལ་གླེང་མོལ་ཞུས་ཡོད།...more25minPlay
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.