Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་... more
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.
April 03, 2024བོད་སོག་འབྲེལ་ལམ་ཚོགས་འདུ་ཐེངས་དང་པོ་དང་དེའི་གལ་གནད། - སྤྱི་ཟླ་བཞི་པ། ༠༣, ༢༠༢༤ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་ཆེ་བསྟོད་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་ལྷན་དུ། བོད་སོག་འབྲེལ་ལམ་གྱི་ཚོགས་འདུ་ཐེངས་དང་པོའི་གལ་གནད་དང་མ་འོངས་པར་བོད་སོག་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུ་རྒྱུ།...more22minPlay
March 29, 2024གྲོས་ཚོགས་ཚོགས་དུས་བདུན་པའི་ཁྲིམས་སྒྲིག་བསྐྱར་བཅོས། - སྤྱི་ཟླ་གསུམ་པ། ༣༠, ༢༠༢༤དེ་རིང་གི་ཀུན་གླེང་ལས་རིམ་དུ་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་གི་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་ནས་མ་འོངས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་གནས་སྟངས་ཇི་ཆགས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།...more38minPlay
March 27, 2024རྒྱལ་ཚོགས་ཀྱི་ཚོགས་ཆེན་དུ་བོད་གནས་སྙན་སེང་ཞུས་པ། - སྤྱི་ཟླ་གསུམ་པ། ༢༧, ༢༠༢༤སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་དང་ལྷན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༥་པའི་སྟེང་བོད་དོན་སྙན་སེང་ཞུས་པའི་སྐོར་དང་། རྒན་རྒྱལ་ལོ་ལགས་ཀྱིས་ཚོགས་ཟུར་དུ་བོད་ནང་གི་གནས་སྟངས་འགྲེལ་བརྗོད་བྱས་པའི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་ཡོད།...more15minPlay
March 27, 2024༢༠༢༣་ལོའི་བོད་ནང་གི་གནས་སྟངས་ལོ་འཁོར་སྙན་ཐོ། - སྤྱི་ཟླ་གསུམ་པ། ༢༧, ༢༠༢༤ཀུན་གླེང་ལས་རིམ་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤྱི་ལོ་༢༠༢༣་ལོའི་བོད་ནང་གི་གནས་སྟངས་སྤྱིའི་སྐོར་གྱི་ལོ་འཁོར་སྙན་ཐོའི་ཐད་ཚེ་རིང་སྐྱིད་ལགས་ཀྱིས་ལྟེ་གནས་ཁང་དེའི་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་དང་ཞིབ་ཕྲ་བགྲོ་གླེང་ཞུ་རྒྱུ་ཡིན།...more23minPlay
March 22, 2024གདན་ས་ཁག་གི་ཚན་རིག་སློབ་གཉེར། - སྤྱི་ཟླ་གསུམ་པ། ༢༣, ༢༠༢༤ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་འབྲས་སྤུངས་བློ་གསལ་གླིང་གི་ཚན་རིག་དགེ་རྒན་དགེ་བཤེས་ལྷ་རམས་པ་དགེ་ལེགས་རྒྱ་མཚོ་ལགས་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པའི་དགོན་སྡེ་ཁག་ཏུ་ཚན་རིག་སློབ་ཚན་བཙུགས་པའི་གྲུབ་འབྲས་དང་ཉམས་མྱོང་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།།...more27minPlay
March 20, 2024ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་གཏན་འབེབས། - སྤྱི་ཟླ་གསུམ་པ། ༢༠, ༢༠༢༤ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་གདན་འདྲེན་ཞུས་ནས་ཧོང་ཀོང་གི་བཅའ་ཁྲིམས་དོན་ཚན་༢༣ པ་ཞེས་པ་དེ་གཏན་འབེབས་བྱེད་དགོས་པའི་རྒྱུ་མཚན་དང་དེའི་ཤུགས་རྐྱེན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།...more19minPlay
March 20, 2024བྱང་ཨ་རིའི་ནང་གི་བོད་དོན་ལས་འགུལ། - སྤྱི་ཟླ་གསུམ་པ། ༢༠, ༢༠༢༤ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་གདན་འདྲེན་ཞུས་ནས་ཨ་རི་དང་ཁེ་ན་ཌ་གཞུང་གཉིས་ཀྱིས་བོད་དོན་ཐོག་ལ་མཉམ་ལས་ཀྱིས་ནུས་པ་འདོན་བཞིན་པའི་ཐད་བགྲོ་གླེང་ཞུས་ཡོད།...more21minPlay
March 15, 2024གྲངས་འཛིན་དཔེ་མཛོད་ཚོགས་ཆེན། - སྤྱི་ཟླ་གསུམ་པ། ༡༦, ༢༠༢༤བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་དང་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གི་དཔེ་མཛོད་དོ་དམ་འགོ་འཛིན་ཀརྨ་གོང་བདེ་རྣམ་གཉིས་གདན་འདྲེན་ཞུས་ནས་རྒྱལ་བའི་བཀའ་བསྟན་དཔེ་རྙིང་གཅིག་བསྡུས་ཀྱི་གྲངས་འཛིན་དཔེ་མཛོད་ལས་འཆར་ཐད་བགྲོ་གླེང་ཞུས་ཡོད།...more33minPlay
March 13, 2024༢༠༢༤་ལོའི་བོད་དོན་ཞུ་གཏུག - སྤྱི་ཟླ་གསུམ་པ། ༡༣, ༢༠༢༤ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཨ་རིའི་བོད་པ་སྔ་ཤོས་གྲས་ཚེ་བརྟན་སྒྲོལ་དཀར་ལགས་དང་། ཝ་ཤིན་ཀྲོན་བོད་རིགས་ཚོགས་པའི་ཚོགས་གཙོ་ནང་ལོ་རྣམ་རྒྱལ་སྒྲོལ་དཀར་ལགས། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ་བཅས་གདན་འདྲེན་ཞུས་ཏེ་ད་ལོའི་བོད་དོན་ཞུ་གཏུག་དང་འབྲེལ་བའི་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན།...more37minPlay
March 08, 2024སེར་བྱེས་དཔེ་མཛོད་ཁང་། - སྤྱི་ཟླ་གསུམ་པ། ༠༩, ༢༠༢༤ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་སེར་བྱེས་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷ་རམས་པ་ངག་དབང་སྟོབས་ལྡན་ལགས་ལ་སེར་བྱེས་དཔེ་མཛོད་ཁང་དུ་དཔེ་ཆ་ལག་བྲིས་མ་དང་རྡོ་པར་མ། ཤིང་པར་མ་དང་ལྕགས་པར་མ། དཔེ་ཆ་དཀོན་རིགས་རྣམས་ཉར་ཚགས་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།...more26minPlay
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.