Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་... more
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.
February 03, 2025རྒྱ་ནག་གི་མིས་བཟོས་རིག་ནུས་ Deepseek། - སྤྱི་ཟླ་གཉིས་པ། ༠༣, ༢༠༢༥ཀུན་གླེང་དུ་རྒྱ་ནག་གི་མིས་བཟོས་རིག་ནུས་Deepseek ཞེས་པ་དེས་ཨ་རི་གཙོས་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཅི་ཐེབས་དང་། བྱེ་བྲག་Deepseek རིག་ནུས་དེས་རྐྱེན་པས་རྒྱ་ནག་ལ་དྲིལ་བསྒྲགས་དང་བོད་དོན་ལ་ལོག་འགྲེལ་ཇི་འགྲོ། དེ་བཞིན་རིག་ནུས་དེས་འཛད་སྤྱོད་པ་སྒེར་གྱི་བདེ་འཇགས་ཀྱི་གནས་སྟངས་ཅི་ཆགས་སོགས་དང་འབྲེལ་ནས་བཀའ་མོལ་ཞུས།...more24minPlay
January 31, 2025པཎ་ཆེན་རིན་པོ་ཆེ་རྗེས་དྲན། - སྤྱི་ཟླ་དང་པོ། ༣༡, ༢༠༢༥ཀུན་གླེང་ལས་རིམ་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་རྫོགས་ནས་ལོ་༣༦་འཁོར་བའི་དུས་དྲན་དང་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་སུ་བོད་ཀྱི་ཆོས་དང་རིག་འཛིན་སྐྱོང་སྤེལ་གསུམ། རྒྱ་ནག་གི་རྩ་ཁྲིམས་སུ་འཁོད་པའི་བོད་མི་དམངས་ཀྱི་ཐོབ་ཐང་རྩོད་ལེན་གནང་བའི་མཛད་རྗེས་སོགས་ལ་བགྲོ་གླེང་ཁག་ཅིག་ཞུས་ཡོད།།...more24minPlay
January 29, 2025བོད་དོན་འཐབ་རྩོད་དང་འབྲེལ་བའི་༧གོང་ས་མཆོག་གི་ཕྱག་དེབ་གསར་བ། - སྤྱི་ཟླ་དང་པོ། ༢༩, ༢༠༢༥ཀུན་གླེང་ལས་རིམ་དུ་༧གོང་ས་མཆོག་གི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་གདན་འདྲེན་ཞུས་ནས་༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ལོ་ངོ་བདུན་བཅུ་ལྷག་ལ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ཆེད་དུ་རྒྱ་ནག་དང་འཐབ་རྩོད་ཅེས་པའི་དབྱིན་ཡིག་ཕྱག་དེབ་གསར་བའི་ནང་དོན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།...more25minPlay
January 28, 2025ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་གཤེགས་ནས་ལོ་༣༥ འཁོར། - སྤྱི་ཟླ་དང་པོ། ༢༩, ༢༠༢༥ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་རྣམ་རྒྱལ་ཤཱསྟྲི་ལགས་གཉིས་གདན་ཞུས་ཀྱིས། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་གསར་འགྱུར་སྒྲོག་སྤེལ་བརྒྱུད་རིམ་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།...more25minPlay
January 27, 2025པ་ལི་དང་ལེགས་སྦྱར་ཆོས་བརྒྱུད་དབར་ཤེས་ཡོན་བརྗེ་ལེན། - སྤྱི་ཟླ་དང་པོ། ༢༧, ༢༠༢༥ཀུན་གླེང་ལས་རིམ་དུ་སེར་བྱེས་དགེ་བཤེས་ལྷ་རམས་པ་བསོད་ནམས་དཔལ་ལྡན་ལགས་དང་ལྷན་དུ་རྒྱལ་སྤྱའི་པ་ལི་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་འཆར་དེའི་དམིག་ཡུལ་དང་བྱུར་རིམ། དེ་བཞིན་ཉེ་ལམ་ཚོགས་པའི་བགྲོ་གླེང་ཚོགས་འདུ་བཅས་ཀྱི་ཐད་ལ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་ཡོད།...more24minPlay
January 27, 2025རྒྱུད་སྨད་གྲྭ་ཚང་གི་བྱང་ཨ་རིའི་ཕྱོགས་བསྐྱོད་དང་སློབ་གཉེར་གནས་སྟངས། - སྤྱི་ཟླ་དང་པོ། ༢༧, ༢༠༢༥ཀུན་གླེང་ལས་རིམ་འདིར་ཕུན་ཚོཊ་ལྷུན་གྲུབ་ལཊ་ཀྱིས་སྔཊ་རམས་པ་ཡེ་ཤེས་རྡོ་རྗེ་ལཊ་དང་ལྷན་དུ་རྒྱུད་སྨད་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་དང་སློབ་པ་བསླབ་གཉེར་གྱི་གནས་སྟངས། བྱང་ཨ་རིའི་ཁུལ་ལ་སྐོར་བསྐྱོད་དུ་ཕེབས་པའི་རྒྱུད་སྨད་གྲྭ་ཚང་གི་ཆོག་གྲྭ་བ་རྣམས་ཀྱི་མཛད་རིམ་བང་སྒྲིག་སོཊ་ཀྱི་ཐད་ལ་བགྲོ་གླེང་ཞུས་ཡོད།...more30minPlay
January 24, 2025བོད་ནང་གི་དགོན་པ་ཁག་ཅིག་ལ་ས་ཡོམ་གྱི་གཏོར་སྐྱོན་ཐེབས། - སྤྱི་ཟླ་དང་པོ། ༢༤, ༢༠༢༥ཀུན་གླེང་ལས་རིམ་དུ་ཀ་སྦུག་ཟེ་དཀར་ཆོས་སྡེའི་དབུ་བླ་ཤྲཱི་ཆུ་བཟང་རིན་པོ་ཆེ་གདན་འདྲེན་ཞུས་ནས་དིང་རིའི་ས་ཡོམ་གྱི་གནོད་འཚེ་ཐེབས་སའི་དགོན་པ་ཁག་ཅིག་ངོས་འཛིན་དང་དགོན་པ་དེ་དག་ཞིག་གསོ་ཐུབ་ཀྱི་ཡོད་མེད། དགོན་པའི་སྐུ་གསུང་ཐུགས་རྟེན་རྩ་ཆེན་དེ་རྣམས་བོར་བརླག་འགྲོ་རྒྱུའི་ཉེན་ཁ་ཡོད་མེད་སོགས་ལ་བགྲོ་གླེང་ཞུས་ཡོད།།...more24minPlay
January 23, 2025དམག་འཁྲུག་མཚམས་འཇོག་གི་ཐབས་ལམ། - སྤྱི་ཟླ་དང་པོ། ༢༤, ༢༠༢༥ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལས་རིམ་ནང་བསོད་ནམས་གཡང་འཛོམས་ལགས་དང་རྡོ་རྗེ་ཚེ་བརྟན་ལགས་གཉིས་ཀྱིས་ཨུ་ཡུག་དམག་འཁྲུག་གི་གནས་སྟངས་དང་། སྲིད་འཛིན་ཊམ་གྱིས་དམག་འགྱེད་ཀྱི་ཕྱོགས་གཉིས་ལ་མཐའ་ཚིག་བསྒྲགས་པའི་གནས་ཚུལ་འགྲེལ་བརྗོད་བྱ་རྒྱུ།...more7minPlay
January 22, 2025གསར་ཐོན་བོད་སྐོར་སྙན་ཐོ་གཉིས་ལ་ལྟ་བ། - སྤྱི་ཟླ་དང་པོ། ༢༢, ༢༠༢༥ཀུན་གླེང་ལས་རིམ་དུ་ཀེམ་བྷི་རི་ཇི་སློབ་ཆེན་གྱི་སོག་པོ་དང་ཨེ་ཤ་ཡ་ཞིབ་འཇུག་སྡེ་ཁག་གི་འབུམ་རམས་པ་སྦྲ་རིགས་ཐོགས་མེད་ལགས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཕུར་བུ་སྒྲོལ་མ་ལགས་རྣམ་གཉིས་གདན་འདྲེན་ཞུས་ནས་བོད་དོན་སྐོར་སྙན་ཐོ་གསར་པ་གཉིས་ཀྱི་ནང་དོན་ཐད་བགྲོ་གླེང་ཞུས་ཡོད།...more23minPlay
January 21, 2025ཨ་རིའི་སྲིད་འཛིན་༤༧ པའི་དམ་འབུལ་མཛད་སྒོ། - སྤྱི་ཟླ་དང་པོ། ༢༡, ༢༠༢༥ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་འདི་ག་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། རྩོམ་སྒྲིག་པ་རྡོ་རྗེ་ཚེ་བརྟན་ལགས་སུ་ཨ་རིའི་སྲིད་འཛིན་ཐེངས་༤༧ པའི་དམ་འབུལ་མཛད་སྒོ་སྤྱི་དང་། ཡང་སྒོས་ཌོ་ནལ་ཊམ་མཆོག་གི་མ་འོངས་སྲིད་ཇུས་འཛིན་ཕྱོགས་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན།...more25minPlay
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.