Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་... more
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.
January 07, 2025རྒྱ་ནག་ཏུ་ཁྱབ་བཞིན་པའི་ HMPV ནད་དུག - སྤྱི་ཟླ་དང་པོ། ༠༧, ༢༠༢༥ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཉེ་ལམ་བོད་དང་རྒྱ་ནག་གི་ས་ཁུལ་འགའ་ཤས་ནང་HMPV ཞེས་པའི་ནད་དུག་འགོས་མཁན་ཇེ་མང་འགྲོ་བཞིན་པའི་སྐབས་འདིར་ཚེ་རིང་དབང་མོ་ལགས་ཀྱིས་རྡོ་རྗེ་ཚེ་བརྟན་ལགས་ལ་HMPV ནད་དུག་ཅེས་པ་དེ་ག་འདྲ་ཞིག་ཡིན་པ་དང་། དེའི་ནད་རྟགས་དང་ཁྱབ་གདལ་འགྲོ་སྟངས་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུས་པ་ཡིན།...more8minPlay
January 06, 2025དམག་སྒར་ཨང་༢༢ པའི་དགོས་དམིགས་དང་བོད་དམག་གི་སྙིང་སྟོབས། - སྤྱི་ཟླ་དང་པོ། ༠༦, ༢༠༢༥ཀུན་གླེང་ལས་རིམ་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་མི་ལོ་སུམ་ཅུ་ཙམ་རིང་དང་ཞབས་དམག་སྒར་དུ་དམག་ཞབས་བསྒྲུབས་གནང་མཁན་ཟླ་བ་ཤཱོརྱ་ཅཀྲ་ལགས་དང་ལྷན་དུ་དམག་སྒར་ཨང་ ༢༢ པ་གསར་འཛུགས་ཀྱི་རྒྱབ་ལྗོངས་དང་དམིགས་ཡུལ། དེ་བཞིན་དམག་སྡེ་དེ་ཡིས་རྒྱ་གར་གཞུང་དམངས་ལ་ཞབས་འདེགས་ཇི་བསྒྲུབས་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་པ་ཡིན།...more21minPlay
January 03, 2025ཨ་རིའི་སྲིད་འཛིན་དམ་པ་ཁར་ཊར་དང་བོད་དོན། - སྤྱི་ཟླ་དང་པོ། ༠༣, ༢༠༢༥ཀུན་གླེང་ལས་རིམ་དུ་ཨ་རིའི་སྲིད་འཛིན་དམ་པ་ཇཱི་མཱི་ཁར་ཊར་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་རྒྱ་འབྲེལ་མོལ་བྱ་དགོས་པའི་ནན་སྐུལ་དང་༧གོང་ས་མཆོག་ནས་ཡུ་རོབ་གྲོས་ཚོགས་སུ་སྩལ་བའི་གསུང་བཤད་ཀྱི་ཟིན་བྲིས་ལ་དགོངས་ཚུལ་ལྷུག་སྩོལ་གནང་མྱོང་ཡོད་པ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།...more21minPlay
January 02, 2025རང་བཙན་གཞོན་ནུའི་གཞས་པ་ཚེ་རིང་དཔལ་འབྱོར་དང་ཁོང་གི་རོལ་དབྱངས། - སྤྱི་ཟླ་དང་པོ། ༠༢, ༢༠༢༥ཕྱི་ལོ་༡༩༨༧ ལོར་བཙན་བྱོལ་དུ་གསར་འཛུཊ་གནང་བའི་རང་བཙན་གཞོན་ནུ་རོལ་དབྱངས་ཚོགས་པའི་སྒྱུ་རྩལ་པ་ཕུར་པ་ཚང་ཚེ་རིང་དཔལ་འབྱོར་ལགས་ཀྱིས་བོད་ཀྱི་འཐབ་རྩོད་དང་འབྲེལ་ནས་རོལ་དབྱངས་སྒྱུ་རྩལ་གྱི་ལམ་དུ་ཞུགས་པའི་འགྲུལ་བཞུད་ལ་ཕྱིར་དྲན་དང་། ཁོང་གིས་མ་འོངས་པར་མུ་མཐུད་གླུ་གཞས་སྒྱུ་རྩལ་གཉེར་འཆར་ཡོད་པའི་ཐད་ངོ་སྤྲོད་ཞུས་ཡོད།...more12minPlay
January 01, 2025༢༠༢༤་ལོའི་བོད་དོན་གསར་འགྱུར་ཆེ་ཁག - སྤྱི་ཟླ་དང་པོ། ༠༡, ༢༠༢༥ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་རྣམ་རྒྱལ་ཤཱསྟྲི་དང་ལྷན་དུ་༢༠༢༤ ལོའི་བོད་དོན་གསར་འགྱུར་ཆེ་ཁག་ཐད་བགྲོ་གླེང་ཞུས་ཡོད།...more20minPlay
December 31, 2024རྒྱ་ནག་གི་དཔལ་འབྱོར་དང་མི་འབོར་གྱིས་བོད་ལ་ཐེབས་སྲིད་པའི་ཤུཊ་རྐྱེན། - སྤྱི་ཟླ་དང་པོ། ༠༡, ༢༠༢༥ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་རྒྱ་ནག་གི་དཔལ་འབྱོར་དང་མི་འབོར་གྱིས་བོད་ལ་ཐེབས་སྲིད་པའི་ཤུཊ་རྐྱེན་སོགས་ཀྱི་ཐད་ནས་བགྲོ་གླེང་ཞུ་རྒྱུ་ཡིན།...more21minPlay
December 30, 2024༢༠༢༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། - སྤྱི་ཟླ་བཅུ་གཉིས་པ། ༣༠, ༢༠༢༤ཀུན་གླེང་ལས་རིམ་དུ་༢༠༢༤ ལོའི་ནང་བོད་དུ་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་གནས་སྟངས་ཐད་ཨུ་རྒྱན་བསྟན་འཛིན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་དང་ལྷན་དུ་གླེང་མོལ་ཞུས་ཡོད།...more20minPlay
December 27, 2024༢༠༢༤ ལོའི་གསར་འགྱུར་གལ་ཆེ་ཁག - སྤྱི་ཟླ་བཅུ་གཉིས་པ། ༢༧, ༢༠༢༤ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གསར་འགོད་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་ད་ལོ་༢༠༢༤ ལོའི་ལོ་གཅིག་རིང་གི་གསར་འགྱུར་གལ་ཆེ་ཁག་ཅིག་གི་ཐད་བགྲོ་གླེང་ཞུས་ཡོད།...more17minPlay
December 25, 2024ཇོ་ནང་བའི་དགོས་འདུན། - སྤྱི་ཟླ་བཅུ་གཉིས་པ། ༢༥, ༢༠༢༤ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་རྟག་བརྟན་དགེ་བཤེས་བླ་མ་སྦྱིན་པ་བཟང་པོ་དང་ལྷན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཇོ་ནང་བའི་ཐོབ་ཐང་ཐད་ནས་བགྲོ་གླེང་ཞུ་རྒྱུ་ཡིན།...more18minPlay
December 24, 2024རྒྱ་གཞུང་གིས་ཁ་ན་ཌའི་བོད་དོན་ཚོགས་སྒེར་ལ་བཀག་སྡོམ། - སྤྱི་ཟླ་བཅུ་གཉིས་པ། ༢༥, ༢༠༢༤དེ་རིང་གི་ཀུན་གླེང་ལས་རིམ་ནང་ཚེ་རིང་དབང་མོ་ལགས་ཀྱིས་ཁ་ན་ཌའི་བོད་དོན་ལྷན་ཚོཊ་ཀྱི་ལག་བསྟར་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་གདན་འདྲེན་ཞུས་ནས་རྒྱ་གཞུང་གིས་ཁོང་སྒེར་བ་དང་ཁ་ན་ཌའི་བོད་དོན་ཚོགས་སྒེར་ཁག་ཅིག་ལ་བཀག་སྡོམ་བྱས་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།...more18minPlay
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.