Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་... more
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.
April 17, 2021ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གྲོས་ཆོད་ཕྱིར་འཐེན་དགོས་པའི་སྙན་ཞུ། - ཟླ་བ་བཞི་པ། ༡༧, ༢༠༢༡སྐབས་བཅུ་དྲུག་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འཕོ་འགྱུར་བཏང་བའི་གྲོས་ཆོད་བཞག་པ་ཕྱིར་འཐེན་བྱ་དགོས་ཞེས་ཁྲིམས་ཞིབ་པ་པ་དང་གཞུང་ཞབས་ཟུར་པ་མང་པོ་ཞིག་གིས་འབོད་སྐུལ་གནང་ཡོད་པ་སོགས་ཀྱི་ཐད་པདྨ་བདེ་ཆེན་ལགས་སུ་བཅར་འདྲི་ཞུས་ཡོད།།...more21minPlay
April 16, 2021རྡོ་རྗེ་གླིང་ལྕགས་པོ་རི་སྨན་རྩིས་ཁང་གི་བྱུང་རབས་དང་གནས་སྟངས། - ཟླ་བ་བཞི་པ། ༡༦, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་དུ་བསྟན་འཛིན་ནོར་བཟང་ལགས་ཀྱིས་རྒྱ་གར་རྡོ་རྗེ་གླིང་ལྕགས་པོ་རི་སྨན་རྩིས་ཁང་གི་བྱུང་རབས་དང་ད་ལྟའི་གནས་སྟངས། རིག་གཞུང་གཅེས་འཛིན་དང་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཕྱོགས་ཐད་ལ་ལྟེ་གནས་ཁང་དེའི་འགན་འཛིན་འཕྲིན་ལས་དཔལ་བཟང་ལགས་སུ་བཅར་འདྲི་ཞུས་ཡོད།...more19minPlay
April 16, 2021བོད་དགོན་ཞིག་གིས་གདོད་མའི་ཁོར་ཡུག་སྲུང་སྐྱོབ་བྱེད་པ། - ཟླ་བ་བཞི་པ། ༡༦, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་བཀའ་བརྒྱུད་ནཱ་ལེནྡྲ་དགོན་པའི་བླ་མ་ཨོ་རྒྱན་བསམ་གཏན་གླིང་པ་ཀརྨ་རིན་པོ་ཆེས་ས་གནས་དེའི་གདོད་མའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་གནང་གི་ཡོད་པ་སོགས་ལ་བཅར་འདྲི་ཞུས་ཡོད།...more17minPlay
April 14, 2021སྒོ་ཤེར་གྱི་ཤུགས་རྐྱེན་དང་བསམ་བློ་བར་དྲག་གནོན། - ཟླ་བ་བཞི་པ། ༡༤, ༢༠༢༡བོད་ནང་གི་་གྲྭ་རྐྱང་དཀྱུས་མ་སྒོ་ཤེས་རབ་རྒྱ་མཚོ་སུ་ཡིན་པ་དང་བོད་ཕྱི་ནང་གཉིས་སུ་ཤུགས་རྐྱེན་ཆེན་པོ་ཆགས་དོན། ཁོང་གི་བསམ་བློ་དང་དཔེ་ཆ་ཁག་གི་སྙིང་དོན་བཅས་ཀྱི་ཐད་ལ་ཨ་རིར་གནས་སྡོད་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་དང་ཨོ་གླིང་དུ་གནས་སྡོད་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་གཉིས་ལ་བཅར་འདྲི་ཞུས་ཡོད།...more28minPlay
April 09, 2021བོད་མིའི་སྒྲིག་འཛུགས་ཀྱི་གདོང་ལེན་དང་ཛ་དྲག་གི་གནད་དོན། - ཟླ་བ་བཞི་པ། ༠༩, ༢༠༢༡བཙན་བྱོལ་བོད་མི་ཚོས་༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་བརྒྱུད་ནས་མ་འོངས་པའི་ལོ་ལྔའི་དབུ་ཁྲིད་རྣམས་འདེམས་བསྐོ། རྩ་དོན་མདུན་སྐྱོད། སྒྲིག་འཛུགས་སྲ་བརྟན་སོགས་ལ་གདོང་ལེན་བྱེད་ཕྱོགས་ཐད་སྤྱི་འཐུས་ཐུབ་བསྟན་ལུང་རིགས་དང་། སྤྱི་འཐུས་ཕྱག་མཛོད་ཚང་པདྨ། སྤྱི་འཐུས་ཟམ་མདོ་བྱམས་པ་བཅས་ལ་བཅར་འདྲི་ཞུས་ཡོད།...more46minPlay
April 08, 2021སྒོ་ཤེས་རབ་རྒྱ་མཚོའི་བརྩམས་ཆོས་དང་བསམ་བློ། - ཟླ་བ་བཞི་པ། ༠༨, ༢༠༢༡བོད་ནང་གི་གྲྭ་བཙུན་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོས་བོད་ཀྱི་སྤྱི་ཚོགས་དང་རིག་གནས། མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་བརྩམས་ཆོས་དང་འཆད་ཁྲིད་མང་དུ་གནང་། ཉེ་ཆར་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན། ཐེངས་འདིའི་ཀུན་གླེང་དུ་སྒོ་ཤེར་གྱི་ཐད་ཧྥ་རན་སིར་གནས་འཁོད་སྐྱེས་སར་ཀླུ་སྒྲུབ་ལགས་སུ་བགྲོ་གླེང་ཞུས་ཡོད།...more19minPlay
April 07, 2021བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ལེགས་བཅོས། - ཟླ་བ་བཞི་པ། ༠༧, ༢༠༢༡ཐེངས་འདིའི་ཀུན་གླེང་དུ་ད་ལྟའི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དང་། ལྷག་པར་དུ་བཅའ་ཁྲིམས་དང་སྒྲིག་གཞིར་དུས་བསྟུན་གྱི་ལེགས་བཅོས་ཅི་ཞིག་དགོས་མིན། མང་གཙོའི་སྒྲོམ་གཞིར་མདུན་སྐྱོད་ཡོང་ཐབས་བཅས་ལ་བགྲོ་གླེང་ཞུ་རྒྱུ་ཡིན།...more44minPlay
April 02, 2021སྐལ་བཟང་རྡོ་རྗེ། ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མི། - ཟླ་བ་བཞི་པ། ༠༢, ༢༠༢༡ཨ་རིའི་རླུང་འཕྲིན་ཁང་ནས་༢༠༢༡ ལོའི་སྲིད་སྐྱོང་གི་དངོས་གཞི་འོས་མི་སོ་སོ་ལ་དམིགས་བསལ་བཅར་འདྲི་ཞུས་ཡོད་པས་ཐེངས་འདིའི་ཀུན་གླེང་ལས་རིམ་ནང་། ཨ་རིའི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་བགྲོ་གླེང་བཀའ་འདྲི་ཞུས་པ་ཞིག་རྒྱང་སྲིང་ཞུ་གི་ཡིན།...more46minPlay
April 01, 2021འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ། - ཟླ་བ་བཞི་པ། ༠༡, ༢༠༢༡ཨ་མེ་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ལོ་ལྟར་འདོན་སྤེལ་གནང་བཞིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་༤༥འདིའི་ནང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གསལ་སྟོན་གནང་ཡོད་པ་ཁག་དང་དེ་མིན་འཐུས་ཤོར་གང་བྱུང་ཡོད་མེད། སྙན་ཐོ་འདིའི་ཤུགས་རྐྱེན་དང་ནུས་པ་སོགས་ཀྱི་ཐད་བགྲོ་གླེང་ཞུས་པ།...more24minPlay
March 31, 2021སྤེན་པ་ཚེ་རིང་། ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མི། - ཟླ་བ་གསུམ་པ། ༣༡, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་དུ་བསྟན་འཛིན་ནོར་བཟང་ལགས་ཀྱིས་༢༠༢༡ ལོའི་སྲིད་སྐྱོང་གི་འོས་མི་གཉིས་ལས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་ལགས་ལ་དམིགས་བསལ་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།...more47minPlay
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.