Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་... more
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.
March 10, 2021གསུམ་བཅུའི་དུས་དྲན་དང་དེའི་ཤུགས་རྐྱེན། - ཟླ་བ་གསུམ་པ། ༡༠, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་ལ་༡༩༥༩་ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་དམངས་ཀྱིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་པའི་ལས་འགུལ་དེའི་ཆབ་སྲིད་ཀྱི་གནད་འགག་དང་གསུམ་བཅུ་དུས་དྲན་ཁག་གིས་བོད་ནང་ལོགས་སུ་ཐེབས་པའི་ཤུགས་རྐྱེན། རྒྱ་ནག་གཞུང་གིས་ཕྱི་ཟླ་༣་པའི་ནང་དུ་བོད་ལ་དམ་དྲག་སྐོར་སོགས་ལ་བཅར་འདྲི་ཞུས་ཡོད།...more19minPlay
March 05, 2021༧གོང་ས་མཆོག་གི་སྐད་ཡིག་བཀའ་སློབ་ཐད་སྐུའི་གསུང་སྒྱུར་ལ་བཅར་འདྲི། - ཟླ་བ་གསུམ་པ། ༠༥, ༢༠༢༡༄༅།། ཐེངས་འདིའི་ཀུན་གླེང་ལས་རིམ་ལ་༧གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བོད་ཡིག་ལ་དོ་སྣང་བྱ་དགོས་ཞེས་བཀའ་སློབ་ཡང་ཡང་གནང་བ་དང་། བོད་པ་ཚོས་དངོས་ཡོད་འཚོ་བའི་ནང་དུ་ལག་ལེན་དོན་འཁྱོལ་ཡོང་ཐབས་བཅས་ལ་སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་སུ་བཅར་འདྲི་ཞུས་ཡོད།...more40minPlay
March 03, 2021མགོ་མཇུག་འཆོལ་བའི་བོད་ནང་གི་ཡར་རྒྱས་འཛུགས་སྐྲུན། - ཟླ་བ་གསུམ་པ། ༠༣, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་དུ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་དང་ལྷན་མགོ་མཇུག་འཆོལ་བའི་བོད་ནང་གི་ཡར་རྒྱས་འཛུགས་སྐྲུན་ཞེས་པའི་སྙན་ཐོའི་ཐད་བགྲོ་གླེང་ཞུས་ཡོད།།...more20minPlay
February 28, 2021ལ་དྭགས་སེམས་བསྐྱེད་ཚོགས་པའི་གསོལ་འདེབས། - ཟླ་བ་གསུམ་པ། ༠༡, ༢༠༢༡ལ་དྭགས་སེམས་བསྐྱེད་ཚོགས་པས་གསོལ་འདེབས་ཞུས་པ་ལྟར་༧གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་སེམས་བསྐྱེད་སོགས་ཀྱི་བཀའ་ཆོས་སྩལ། ཀུན་གླེང་ལས་རིམ་དུ་ལ་དྭགས་དང་བོད་བར་གྱི་ཆོས་རིག་འབྲེལ་ལམ་འཕེལ་རྒྱས་ཇི་ལྟར་ཕྱིན་པའི་ཐད་སེམས་བསྐྱེད་ཚོགས་པའི་ཚོགས་གཙོ་དང་སློབ་སྟོན་པ་ཞིག་ལ་གླེང་མོལ་ཞུས་པར་གཟིགས་རོགས་གནང་།...more21minPlay
February 26, 2021བོད་མདུན་ངོས་སུ་འཇོག་པའི་གལ་གནད། - ཟླ་བ་གཉིས་པ། ༢༧, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་མདུན་ངོས་སུ་འཇོག་ཅེས་པའི་བརྗོད་གཞིའི་ཐོག་ཏུ་ཉམས་ཞིབ་པའི་བགྲོ་གླེང་ཞིག་ཚོགས་ཤིང་། དམིགས་བསལ་གྱི་དུས་དེབ་ཅིག་ཀྱང་འགྲེམ་སྤེལ་བྱས་ནས་བོད་ཀྱི་གནད་དོན་ནི་བོད་པ་རང་གིས་གླེང་སློང་བྱ་རྒྱུའི་གནད་འགག་སོགས་ལ་བགྲོ་གླེང་ཞུས་ཡོད།...more18minPlay
February 26, 2021ཧྥ་རན་སིར་བོད་དོན་ལས་འགུལ་སྤེལ་མཁན། - ཟླ་བ་གཉིས་པ། ༢༦, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་ལ་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིའི་ལྕགས་མཁར་མདུན་དུ་བོད་དོན་ལས་འགུལ་བ་བསྟན་པ་དར་རྒྱས་ཀྱིས་ལོ་སར་ཚེས་གཅིག་ཉིན་ནས་བཟུང་སྟེ་བོད་དོན་ཆེད་དུ་ཞི་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པར་མ་ཟད། ཁོང་གི་མཉམ་དུ་ལས་འགུལ་དེར་ཞུགས་མཁན་ལྷ་རི་ཡེ་ཤེས་ལགས་སུ་བཅར་འདྲི་ཞུས་ཡོད།...more21minPlay
February 24, 2021དཀོན་མཆོག་སྦྱིན་པ་དང་འབྲི་རུའི་གནས་བབ། - ཟླ་བ་གཉིས་པ། ༢༤, ༢༠༢༡༄༅།། ཐེངས་འདིའི་ཀུན་གླེང་ལས་རིམ་ལ་འབྲི་རུའི་དཀོན་མཆོག་སྦྱིན་པར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པ་རེད་ཅེས་ནག་ཉེས་བཙུགས་ནས་ལོ་༢༡་གི་བཙོན་འཇུག་ཁྲིམས་ཐག་བཅད། ཁོང་ལ་བཙོན་ཁང་དུ་མནར་གཅོད་དྲག་པོ་ཕོག་སྟེ་ཉེ་ཆར་སྨན་ཁང་དུ་འདས་གྲོངས་སུ་གྱུར་པ་སོགས་ལ་བགྲོ་གླེང་ཞུས་ཡོད།...more21minPlay
February 24, 2021Kunleng Show Live Feb 24, 2021 VOA Tibetan ཀུན་གླེང་ཐད་གཏོང་། ༢༠༢༡ཟླ་ ༢ ཚེས་༢༤ - ཟླ་བ་གཉིས་པ། ༢༤, ༢༠༢༡...more1h 1minPlay
February 21, 2021རྡ་ས་ནས་ལྡི་ལི་བར་གོམ་འགྲོད་ལས་འགུལ། - ཟླ་བ་གཉིས་པ། ༢༢, ༢༠༢༡༄༅།། ཀུན་གླེང་ལས་རིམ་དུ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལི་བར་གྱི་གོམ་འགྲོད་ལས་འགུལ་ཁྲོད། རྒྱ་གར་གཞུང་དམངས་ལ་རྒྱ་བོད་ས་མཚམས་སུ་རྒྱ་དཀར་ནག་གདོང་ཐུག་བྱུང་བའི་གནས་ཚུལ་དང་འབྲེལ་བོད་དོན་ངོ་སྤྲོད་དང་བཅས་པའི་ལས་འགུལ་སྤེལ་བཞིན་པའི་སྐོར་ལ་བཀའ་མོལ་གནང་ཡོད།...more21minPlay
February 19, 2021རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དམིགས་ཡུལ་དང་ལས་འགུལ། - ཟླ་བ་གཉིས་པ། ༡༩, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཚུགས་ནས་ལོ་༣༣་འཁོར་ལ་ཉེ་བའི་སྐབས་འདིར་ལས་འགུལ་ཁང་དེའི་བར་བརྒལ་འགན་འཛིན་གཙོ་གཞོན་གཉིས་ཏེ། བུ་ཆུང་ཚེ་རིང་ལགས་དང་བསྟན་ཆོས་རྒྱ་མཚོ་རྣམ་གཉིས་གདན་འདྲེན་ཞུས་ནས་ད་ལྟའི་གནས་སྟངས་དང་ལས་དོན་ཐད་བགྲོ་གླེང་ཞུས་ཡོད།...more36minPlay
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.