Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་... more
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.
January 27, 2021བོད་མཐོ་སྒང་གི་ས་འཁྱག་དང་འཛམ་གླིང་གི་ཁོར་ཡུག - ཟླ་བ་དང་པོ། ༢༧, ༢༠༢༡༄༅།།ཐེངས་འདིའི་ཀུན་གླེང་ལས་རིམ་ལ་བོད་མཐོ་སྒང་གི་ས་འོག་འཁྱག་རོམ་ཞུ་བའི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་ཡོད་ཅིང་།རྒྱ་གར་ནས་བོད་ཀྱི་དགོན་པ་ཞིག་ལ་ལོ་མང་རིང་ཁོར་ཡུག་སྲུང་སྐྱོབ་ཐད་དུ་ཚན་རིག་གི་སྟོན་ཞུས་ཏེ་ལས་དོན་སྤེལ་བ་བཅས་ལ་གླེང་མོལ་ཞུས་ཡོད།།...more20minPlay
January 27, 2021ཨ་རིའི་ཕྱི་མི་གཞིས་ཀྱི་ཁྲིམས་གཞི་གསར་པ། - ཟླ་བ་དང་པོ། ༢༧, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ནེའུ་ཡོག་གི་ཁྲིམས་རྩོད་པ་བསྟན་འཛིན་དབང་རྒྱལ་ལགས་ལ་ཨ་རིའི་ཕྱི་མི་གཞིས་ཆགས་ཀྱི་སྲིད་ཇུས་གསར་པའི་ཐད་བཅར་འདྲི་ཞུས་ཡོད།...more20minPlay
January 22, 2021བོད་པ་ཨ་རི་བ་ཞིག་གི་སྲིད་འཛིན་དམ་འབུལ་མཛད་སྒོའི་ཚོར་སྣང་། - ཟླ་བ་དང་པོ། ༢༢, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་ལ་བལྟས་རྗེས་ཀྱི་ཚོར་སྣང་ཐད་ཚེ་རིང་དབང་མོ་ལགས་ཀྱིས་ཨ་རིའི་མི་སེར་ཡིན་པའི་བསོད་ནམས་རྫོགས་སངས་ལགས་ལ་བཅར་འདྲི་ཞུས་ཡོད།...more15minPlay
January 22, 2021རྒྱ་གར་གྱི་ཏོག་དབྱིབས་ནད་དུག་གི་འགོག་ཁབ་དང་གྲ་སྒྲིག - ཟླ་བ་དང་པོ། ༢༢, ༢༠༢༡བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་ལྷན་དུ་ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་དུག་ཕོག་པའི་མི་སྣ་དྲག་སྐྱེད་བྱུང་ཚད་བརྒྱ་ཆ་༩༥ལྷག་ཟིན་ཡོད་པའི་སྐབས་འདིར། རྒྱ་གར་ནས་ཐོན་སྐྱེད་བྱས་པའི་ཏོག་དབྱིབས་ནད་དུག་གི་སྔོན་འགོག་སྨན་ཁབ་གཉིས་དང་འབྲེལ་བའི་སྐོར་ལ་བཀའ་འདྲི་ཞུས་པ་ཡིན།...more17minPlay
January 21, 2021ཨ་རིའི་སྲིད་འཛིན་བྷ་ཌན་གྱི་དམ་འབུལ་མཛད་སྒོ། - ཟླ་བ་དང་པོ། ༢༡, ༢༠༢༡ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱི་དམ་འབུལ་མཛད་སྒོའི་རྣམ་པ་དང་ཁོང་གི་གཏམ་བཤད་སྐོར་གླེང་བ།...more16minPlay
January 20, 2021བྷ་ཌན་དང་ཧེ་རི་སིའི་གཞུང་གསར་པའི་སྲིད་ཇུས་དང་གདོང་ལེན། - ཟླ་བ་དང་པོ། ༢༠, ༢༠༢༡ཐེངས་འདིའི་ཀུན་གླེང་དུ་པདྨ་རྡོ་རྗེ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་དང་། འབུམ་རམས་སློབ་གཉེར་བ་ཚེ་དབང་རིག་འཛིན་གཉིས་ལ་བྷ་ཌན་གཞུང་གི་སྲིད་ཇུས་གསར་པ་དང་གདོང་ལེན་བྱ་དགོས་པའི་དཀའ་ངལ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གཟིགས་པར་ཞུ།།...more25minPlay
January 20, 2021ཨ་རིའི་སྲིད་འཛིན་དམ་འབུལ་གྱི་ལོ་རྒྱུས་དང་ཁྱད་ཆོས། - ཟླ་བ་དང་པོ། ༢༠, ༢༠༢༡ད་ལོའི་ཨ་རིའི་སྲིད་འཛིན་དམ་འབུལ་གྱི་མཛད་སྒོའི་ཁྱད་ཆོས་དང་འདས་པའི་སྲིད་འཛིན་དམ་འབུལ་གྱི་ལོ་རྒྱུས་སོགས་གླེང་བ།...more16minPlay
January 15, 2021སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་དམ་དྲག་དང་སྨྲ་བརྗོད་རང་དབང་། - ཟླ་བ་དང་པོ། ༡༥, ༢༠༢༡རྒྱ་ནག་གི་གསར་ལམ་ཁག་ཏུ་ཨ་རིའི་གྲོས་ཚོགས་ཀྱི་དོན་རྐྱེན་དང་ཊོས་ཊར་སོགས་དྲྭ་རྒྱའི་བཟོ་ཚོང་ཁང་དེ་དག་གིས་སྲིད་འཛིན་ཊམ་གྱི་སྐུ་སྒེར་དྲྭ་རྒྱའི་ཁྲ་ཐོ་རྣམས་སྒོ་བརྒྱབ་པར་གླེང་སློང་ཅི་ཞིག་བྱེད་ཀྱི་ཡོད་མེད། དེ་བཞིན་སྤྱི་ཚོགས་དྲྭ་ལམ་ཁག་གི་ཐག་གཅོད་དེས་སྨྲ་བརྗོད་རང་དབང་ལ་དོ་ཕོག་བཏང་ཡོད་མེད་སོགས་ལ་བགྲོ་གླེང་།...more20minPlay
January 15, 2021ནེའུ་ཡོག་གི་ཧི་མ་ལ་ཡའི་རིག་གཞུང་གཅེས་སྐྱོང་ཁང་། - ཟླ་བ་དང་པོ། ༡༥, ༢༠༢༡ནེའུ་ཡོག་གྲོང་ཁྱེར་གྱི་ཁུའི་དབྱིན་སི་ས་གནས་སུ་རྒྱལ་བ་ཀརྨ་པའི་དགོངས་བཞེད་ལྟར་ཧི་མ་ལ་ཡའི་དཔེ་མཛོད་ཁང་གསར་འཛུཊ་གནང་ཡོད་ཅིང་། གཙོ་བོ་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། རྒྱའི་བཀའ་འགྱུར། བོད་ཀྱི་ཕུལ་བྱུང་རྩོམ་རིག རིག་གནས་ཆེ་ཆུང་ཁག་གི་རྩ་འགྲེལ་སོཊ་ཀྱི་དཔེ་དེབ་རྣམས་གསན་གཟིཊ་ཀྱི་མཐུན་རྐྱེན་སྦྱར་ཡོད་པའི་སྐོར།...more16minPlay
January 13, 2021ཨ་རིའི་ཕྱི་སྲིད་དྲུང་ཆེའི་གསུང་བཤད་དང་བོད་སྐད་སྡེ་ཚན། - ཟླ་བ་དང་པོ། ༡༣, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཨ་རིའི་རླུང་འཕྲིན་ཁང་ལ་གནང་བའི་གསུང་བཤད་ཀྱི་ནང་དོན་དང་ཨ་རིའི་རླུང་འཕྲིན་ཁང་ལ་བོད་སྐད་སྡེ་ཚན་གསར་འཛུགས་ཀྱི་བྱུང་རིམ། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་འགན་དང་དམིགས་ཡུལ་བཅས་ལ་བགྲོ་གླེང་ཞུས་ཡོད།།...more39minPlay
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.