Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་... more
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.
February 17, 2021གསར་ཁང་དང་གསར་འགོད་པའི་གདོང་ལེན་གསར་པ། - ཟླ་བ་གཉིས་པ། ༡༧, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་གསར་འགོད་པ་བསྟན་འཛིན་པདྨ་ལགས་ལ་གསར་ཁང་དང་གསར་འགོད་པའི་གདོང་ལེན་གསར་པའི་ཐད་བགྲོ་གླེང་ཞུས་ཡོད།...more20minPlay
February 17, 2021དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལ་དམིགས་བསལ་བཅར་འདྲི། - ཟླ་བ་གཉིས་པ། ༡༧, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་དུ་བསྟན་འཛིན་བཟང་མོ་ལགས་ཀྱིས་དབུས་འོས་བསྡུ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ལ་སྔོན་འགྲོའི་འོས་བསྡུའི་མཇུག་འབྲས་དང་དངོས་གཞིའི་འོས་བསྡུའི་སྟ་གོན་སོགས་ཀྱི་ཐད་བཅར་འདྲི་ཞུས་ཡོད།...more21minPlay
February 12, 2021བོད་ཀྱི་ལོ་སར་དང་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས། - ཟླ་བ་གཉིས་པ། ༡༣, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་ལ་བོད་པའི་ལོ་སར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དེས་བོད་པའི་བསམ་བློ་དང་འཚོ་བ། སྤྱི་ཚོགས་བཅས་ལ་གཅིག་གྱུར་གྱི་ནུས་པ་ཐེབས་ཀྱི་ཡོད་པ་བཅས་ལ་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ཧོང་གཙང་འཇིགས་མེད་ལགས་སུ་བཅར་འདྲི་ཞུས་ཡོད།།...more21minPlay
February 10, 2021སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་དང་དངོས་གཞིའི་འོས་བསྡུ། - ཟླ་བ་གཉིས་པ། ༡༠, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་དུ་པདྨ་རྡོ་རྗེ་ལགས་ཀྱིས་བོད་དོན་དབྱེ་ཞིབ་པ་ཀུན་བཟང་བསྟན་འཛིན་ལགས་དང་། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་རྣམ་རྒྱལ་ཤཱསྟྲི་ལགས་རྣམ་གཉིས་དང་ལྷན་བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་དབྱེ་ཞིབ་བྱས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།...more41minPlay
February 05, 2021ཉིན་༩༤ རིང་སྤྱི་ལེ་༢༢༢༣ ལ་བོད་དོན་ཞི་བའི་གོམ་བགྲོད། - ཟླ་བ་གཉིས་པ། ༠༥, ༢༠༢༡རྡ་ས་ནས་སྣ་ཐོད་ལ་བར་བསྐྱོད་པའི་བོད་དོན་ཞི་བའི་གོམ་བགྲོད་ཀྱི་བརྒྱུད་རིམ་སྤྱི་ཡོངས་སྐོར་ལ་གོམ་བགྲོད་པ་བསྟན་འཛིན་དོན་གྲུབ་ལགས་དང་བསྟན་འཛིན་ཉི་མ་ལགས་གཉིས་དང་ལྷན་དུ་དམིགས་བསལ་བཅར་འདྲི་བྱས་པ་ལ་གཟིགས་པར་ཞུ།...more21minPlay
February 05, 2021བྷ་ཌན་གྱི་ཕྱི་འབྲེལ་སྲིད་ཇུས་ལམ་སྟོན་གསུང་བཤད། - ཟླ་བ་གཉིས་པ། ༠༥, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་ལ་ཨ་རིའི་སྲིད་འཛིན་གྱིས་ཕྱི་འབྲེལ་སྲིད་ཇུས་ཀྱི་གཏམ་བཤད་ཐེངས་དང་པོ་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་གནང་ཡོད། གཏམ་བཤད་ཀྱི་མཚོན་དོན་དང་ནང་དོན་གལ་ཆེན་སྐོར་ལ་འདི་ག་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་མཉམ་དུ་གླེང་མོལ་ཞུས་པ་གཟིགས་རོགས་གནང་།...more16minPlay
February 02, 2021འབར་མའི་ཆབ་སྲིད་དཀའ་རྙོག་དང་གཞུང་སྲིད་བཙན་འཕྲོག - ཟླ་བ་གཉིས་པ། ༠༢, ༢༠༢༡གཟའ་ཟླ་བའི་ཉིན་འབར་མའི་དྲག་པོའི་དམག་དཔུང་གིས་གཞུང་སྲིད་བཙན་འཕྲོག་བྱས་ཏེ་ལྕམ་ཨང་སང་སུ་ཅི་དང་དམངས་གཙོ་ཚོགས་པའི་གཞུང་འབྲེལ་མཐོ་རིམ་དཔོན་རིགས་ཚོ་འཛིན་བཟུང་བྱས་རྗེས་རྒྱལ་སྤྱིའི་ནང་དོ་སྣང་ཆེན་པོ་བྱུང་ཡོད་པ་ལས། འབར་མའི་ཆབ་སྲིད་ཀྱི་དཀའ་རྙོག་དང་འབར་མ་དང་བོད་ཀྱི་འབྲེལ་བའི་སྐོར་ལ་བགྲོ་གླེང་ཞུས་ཡོད།...more21minPlay
January 31, 2021རྒྱ་གར་གཞུང་གིས་ཀྱང་བོད་དོན་སྲིད་བྱུས་གཏན་འབེབས་གནང་དགོས། - ཟླ་བ་དང་པོ། ༣༡, ༢༠༢༡ཨ་རིའི་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་གནང་རྗེས་རྒྱ་གར་ངོས་ནས་ཀྱང་བོད་དོན་སྲིད་ཇུས་ཁ་གསལ་ཞིག་དགོས་མིན་ཐད་གླེང་སློང་ཡོང་བཞིན་ཡོད། ཀུན་གླེང་ལས་རིམ་འདིར་བསྟན་འཛིན་ནོར་བཟང་ལགས་ཀྱིས་རྒྱ་དཀར་ནག་གི་གནད་དོན་ཐོག་ཐུགས་སྣང་གནང་མཁན་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་དང་གླེང་མོལ་ཞུས།...more23minPlay
January 29, 2021བཀྲ་ཤིས་དབང་ཕྱུག་གི་ལས་འགུལ་ཐབས་ལམ་དང་ཤུགས་རྐྱེན། - ཟླ་བ་དང་པོ། ༢༩, ༢༠༢༡ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ལ་བོད་ཀྱི་སྐད་ཡིག་ཐོབ་ཐང་བརྩོན་ལེན་པ་བཀྲ་ཤིས་དབང་ཕྱུག་གི་ལས་འགུལ་ཐབས་ལམ་དང་ཤུགས་རྐྱེན་ཐད་བགྲོ་གླེང་ཞུས་ཡོད།...more20minPlay
January 29, 2021བོད་མིར་མནར་གཅོད་འདས་གྲོངས་དང་རང་ལུས་མེར་སྲེག་གནས་ཚུལ། - ཟླ་བ་དང་པོ། ༢༩, ༢༠༢༡བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་སྡེ་ཚན་གྱི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ལ་བསྟན་འཛིན་ཉི་མ་ལགས་མནར་གཅོད་འོག་ཚེ་ལས་འདས་པ་དང་ཤུར་མོ་ལགས་ཀྱིས་རྒྱ་ནག་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གནང་བ་ལོ་ལྔའི་རྗེས་སུ་གཞི་ནས་ཤེས་རྟོགས་བྱུང་བ་སོགས་བོད་ནང་གི་གནས་སྟངས་ཐད་བགྲོ་གླེང་ཞུས་ཡོད།...more16minPlay
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.