Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
ཨ་རིའི་རླུང་འཕྲིན་ཁང་གིས་དམིགས་བསལ་ལས་རིམ་མང་པོ་ཞིག་པོ་ཊི་ཁ་སི་ལེ་ཚན་གྱི་ངོ་བོའི་ཐོག་རྒྱང་སྒྲོག་བྱེད་བཞིན་པ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་སྡེ་ཚན་འདིར་ཡོངས་སུ་གསན་ཐུབ།... more
FAQs about པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 293 episodes available.
March 23, 2024བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཞུ་གཏུག་དང་རྒྱལ་སྤྱིའི་སྤྱི་ཚོཊ་ཀྱི་གཟིཊ་ཕྱོཊ། - སྤྱི་ཟླ་གསུམ་པ། ༢༣, ༢༠༢༤བསྟན་འཛིན་ནོར་བཟང་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་དང་ལྷན་དུ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཞུ་གཏུག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོང་ཐང་གི་གནས་སྟངས་ལ་གཟིགས་ཕྱོགས་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད།...more21minPlay
March 18, 2024བོད་ནང་ཚར་ལོངས་དང་ཆོས་ཞུགས་ལ་དཀའ་ངལ། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་བོད་ནང་ཚར་ལོངས་དང་ཆོས་ཞུགས་མི་ཆོག་པའི་དཀའ་ངལ་འཕྲད་པའི་གནས་ཚུལ་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་དང་གླེང་མོལ་ཞུས་པ་ཞིག་གསན་གནང་གི་རེད།...more14minPlay
March 18, 2024རྒྱ་གར་དང་སིང་ཀ་པོར་ཉི་ཧོང་བཅས་ཀྱི་ནང་སཱི་ཤེས་ཡོན་ཟབ་སྦྱོང་གནང་བ། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤ཨ་མི་རི་ཀའི་ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་ སཱི་ཤེས་ཡོན་བསླབ་གཞིའི་རྐང་ཐུགས་འགན་བཞེས་མཁན་བརྩོན་འགྲུས་བསམ་འཕེལ་ལགས་གཉིས་ཀྱིས་ཉེ་དུས་རྒྱ་གར་དང་སིང་ཀ་པོར་དེ་བཞིན་ཉི་ཧོང་བཅས་ནང་སཱི་ཤེས་ཡོན་གྱི་ཟབ་སྦྱོང་གནང་བ་ཞིག་གསན་གྱི་རེད།...more15minPlay
March 17, 2024༢༠༢༤ ལོའི་ཕྱི་ཟླ་༢ པ་དེ་འདས་པའི་ལོ་མང་ནང་གི་ཚ་ཚད་མཐོ་ཤོས་སུ་གྱུར། - སྤྱི་ཟླ་གསུམ་པ། ༡༧, ༢༠༢༤༢༠༢༤ ལོའི་ཕྱི་ཟླ་༢ པ་དེ་ནི་། དེ་སྔ་ ༡༩༩༡ ནས་ ༢༠༢༠ བར་གྱི་ཕྱི་ཟླ་གཉིས་པ་ཚང་མ་ཆ་སྙོམས་བྱས་པའི་ཚ་ཚད་ལས་མཐོ་བ་བྱུང་ཡོད་པ་དེས། ལོ་འདིར་ཚ་བ་ཆེ་ཙམ་ཡོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར་འདིར་གསལ།...more11minPlay
March 13, 2024རིག་གནས་གསར་བརྗེ་གཉིས་པ་སྟེ། གུང་ཁྲན་རིང་ལུགས་ནས་མི་རིགས་རིང་ལུགས། - སྤྱི་ཟླ་གསུམ་པ། ༡༤, ༢༠༢༤དེང་སྐབས་མི་ཚོས་རྒྱ་ནག་ལ་རིག་གནས་གསར་བརྗེ་གཉིས་པ་ཞིག་ལང་རྒྱུའི་བློ་འཚབ་བྱེད་བཞིན་ཡོད་པ་མ་ཟད། གལ་སྲིད་དེ་འདྲ་ཞིག་བྱུང་ན་རིག་གནས་གསར་བརྗེ་གཉིས་པ་དེ་རྣམ་པ་གང་འདྲ་ཞིག་གི་ཐོག་ཏུ་ལང་རྒྱུ་ཡིན་མིན་ཐད་བགྲོ་གླེང་བྱེད་བཞིན་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།...more21minPlay
March 11, 2024གསོ་ཆུད་ནུས་པ་གོང་འཕེལ་གཏོང་སྟངས། - སྤྱི་ཟླ་གསུམ་པ། ༡༡, ༢༠༢༤སློབ་གྲྭ་ཁག་ཏུ་སཱི་ཤེས་ཡོན་སློབ་ཁྲིད་བྱེད་པའི་སྐབས་དེར་དགེ་རྒན་ཚོས་སློབ་ཕྲུག་ལ་གསོ་ཆུད་ནུས་པ་གོང་འཕེལ་གཏོང་སྟངས་སྐོར་ལ་ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་བསླབ་གཞིའི་འབྲེལ་མཐུད་པ་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་བ་ཞིག་གསན་གྱི་རེད།...more14minPlay
March 11, 2024བྱིས་པ་ཞིག་གི་བཙན་བྱོལ་གྱི་ལམ་བུ། - སྤྱི་ཟླ་གསུམ་པ། ༡༡, ༢༠༢༤དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་སྤྱི་ལོ་བརྒྱད་ཅུ་དང་དགུ་ཅུ་ལོའི་ནང་བོད་ནས་བྱིས་པ་ལོ་ཆུང་ཁྱོན་ཆེ་ཞིག་རྒྱ་གར་ལ་སློབ་སྦྱོང་ཆེད་དུ་བཏང་བའི་གནས་ཚུལ་སྐོར་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་དང་བགྲོ་གླེང་ཞུ་ཡི་ཡིན།...more17minPlay
March 07, 2024བོད་ཀྱི་རིག་གཞུང་གསོ་གནས་ཐུབ་མིན་དེ་བོད་དང་ནང་པའི་རྒྱལ་ཁབ་མང་པོ་དང་འབྲེལ་བ་ཡོད་པ། - སྤྱི་ཟླ་གསུམ་པ། ༠༨, ༢༠༢༤༄༅། །བོད་ཀྱི་ཆོས་དང་རིག་གཞུང་འདི་གསོ་གནས་ཐུབ་མི་ཐུབ་དེ་བོད་མི་ཙམ་མ་ཟད་ནང་པའི་རྒྱལ་ཁབ་མང་པོ་དང་འབྲེལ་བ་ཆགས་ཀྱི་ཡོད་པའི་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་གླེང་མོལ་ཞུས་པ་ཞིག་གསན་གྱི་རེད།...more29minPlay
March 04, 2024ཊོ་རོན་ཀྲོའི་བོད་ཕྲུག་ཁག་ཅིག་གིས་ཟླ་བ་བདུན་གྱི་སཱི་ཤེས་ཡོན་གྱི་སྦྱོང་བརྡར་ལེགས་གྲུབ། - སྤྱི་ཟླ་གསུམ་པ། ༠༥, ༢༠༢༤ཁེ་ནེ་ཌའི་ནང་གནས་འཁོད་བོད་པའི་སློབ་ཕྲུག་ཁག་ཅིག་ལ་ཟླ་བ་བདུན་གྱི་སཱི་ཤེས་ཡོན་གྱི་སྦྱོང་བརྡར་ལེགས་གྲུབ་ཟིན་པའི་ལག་ཁྱེར་གསོལ་སྩལ་གནང་པ་བཅས་ཀྱི་སྐོར་ལ་ཊོ་རོན་ཀྲོའི་ནང་བཞུགས་མཁན་བོད་མིའི་སྐུ་ཚབ་དོན་གཅོད་ཟུར་པ་སྐུ་ངོ་ཚེ་དབང་ཕུན་ཚོགས་ལགས་སུ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་གསན་གྱི་རེད།...more10minPlay
March 03, 2024རི་བོ་ཇོ་མོ་གླང་མར་རི་འཛེཊ་བྱེད་མཁན་ཚོས་བཙོག་གཅིན་ཕྱིར་མཉམ་འཁྱེར་བྱ་དགོས་པ། - སྤྱི་ཟླ་གསུམ་པ། ༠༣, ༢༠༢༤བལ་ཡུལ་ཕྱོཊ་ནས་རི་བོ་ཇོ་མོ་གླང་མར་འཛེཊ་མཁན་ཚོས་ཕྱི་ལོ་༢༠༢༤ ནས་འགོ་འཛུཊ་ཀྱིས་རི་འཛེཊ་པ་རྣམས་དང་ལམ་རྒྱུས་པ་ཚོས་སོ་སོའི་བཙོག་གཅིན་ཁག་རི་བོའི་སྟེང་དུ་མ་བཞག་པར་ཕྱིར་མཉམ་འཁྱེར་བྱ་དགོས་པའི་སྒྲིག་གཞི་དེའི་གནད་འགག་ཅི་ཡིན་དང་། མཉམ་འཁྱེར་བྱས་པའི་བཙོག་གཅིན་ཁག་ལག་བསྟར་ཇི་ལྟར་བྱ་རྩིས་ཡོད་མེད་ཐད་གླེང་མོལ་ཞུས་ཡོད།...more13minPlay
FAQs about པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 293 episodes available.