Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
June 02, 2022ཨ་རི་དང་ཐེ་ཝན་གྱིས་ཚོང་དོན་གྲོས་མོལ་བྱ་འཆར། - ཟླ་བ་དྲུག་པ། ༠༣, ༢༠༢༢༄༅།། ཨ་རིའི་ངོས་ནས་མ་འོངས་པར་ཐེ་ཝན་ལ་ལག་རྩལ་དང་ཚོང་ལས་ཐད་དུ་མཉམ་འབྲེལ་བྱེད་ཕྱོགས་ཀྱི་གྲོས་མོལ་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད་པའི་སྐོར། དཀོན་མཆོག་དོན་གྲུབ་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།5 minPlay
June 02, 2022ཨ་རིས་ཡུཀ་རེན་ལ་མེ་ཤུགས་འཕུར་མདེལ་རོགས་རམ། - ཟླ་བ་དྲུག་པ། ༠༢, ༢༠༢༢༄༅།། ཨུ་རུ་སུའི་དམག་དཔུང་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་སི་ཝེ་རོ་ཌོ་ནེ་ཛིཀ་གྲོང་ཁྱེར་ལ་དྲག་རྒོལ་ཤུགས་ཆེན་བྱས་སྟེ་གྲོང་ཁྱེར་དེའི་ས་ཁྱོན་བརྒྱ་ཆ་༩༠་ཡས་མས་ཤིག་བཙན་བཟུང་ཡོད་ཅིང་།5 minPlay
June 02, 2022༧གོང་ས་མཆོག་གིས་བོད་པའི་ན་གཞོན་ཚོར་གསུང་ཆོས་མཇུག་སྒྲིལ། - ཟླ་བ་དྲུག་པ། ༠༢, ༢༠༢༢༧གོང་ས་མཆོག་གིས་མགོན་པོ་གང་ཉིད་སྐུ་ཁམས་བདེ་ཐང་ཡིན་པ་དང་བོད་པ་གཙོས་དད་ལྡན་མང་ཚོགས་རྣམས་བློ་བདེ་པོའི་ངང་དུ་སྡོད་དགོས་པའི་བཀའ་སློབ་སྩལ་བར་མ་ཟད། ༧གོང་ས་མཆོག་ནས་དེ་རིང་གི་དབང་འདི་བོད་ནང་གི་བོད་པ་ཚོ་དང་དད་ལྡན་ཀུན་ལ་གཅིག་མཚུངས་ཤིག་ཐོབ་ཡོད་པ་རེད།5 minPlay
June 02, 2022ས་ག་ཟླ་བའི་དུས་ཆེན་ངོ་སྤྲོད། - ཟླ་བ་དྲུག་པ། ༠༢, ༢༠༢༢ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཞི་བདེ་ཀུན་ཁྱབ་གླིང་ཆོས་ཚོགས་ཀྱི་གཙོ་འཛིན་ཏེ། སེར་སྨད་དབུ་ཟུར་དགེ་བཤེས་བཀྲ་ཤིས་རྡོ་རྗེ་ལགས་སུ་པདྨ་བདེ་ཆེན་ལགས་དང་ཀུན་བཟང་སྒྲོལ་མ་རྣམ་གཉིས་ཀྱིས་ས་ག་ཟླ་བའི་དུས་ཆེན་དང་དེའི་སྐབས་སྡིག་སྤོང་དགེ་སྒྲུབ་བྱེད་ཕྱོགས་སོགས་ལ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།20 minPlay
June 02, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་དྲུག་པ། ༠༢, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
June 02, 2022ཐེ་ཝན་ལ་བཙན་འཛུལ་བྱེད་ན་རྒྱ་ནག་ལ་འབྲེལ་བ་གཅོད་རྒྱུ། - ཟླ་བ་དྲུག་པ། ༠༢, ༢༠༢༢༄༅།། འཛམ་གླིང་ཁྱོན་ཡོངས་སུ་རྒྱལ་ཁབ་༥༣་གྱི་མི་དམངས་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན། རྒྱལ་ཁབ་སྐད་ཆ་འདྲི་ཡུལ་དེའི་ཕྱེད་ཀ་ཙམ་གྱི་མི་མང་ནས་རྒྱ་ནག་གིས་དངོས་སུ་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ཚེ། རྒྱལ་ཁབ་དེ་ཚོས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་གཅོད་དགོས་པའི་ལན་འདེབས་བྱས་འདུག་པའི་སྐོར།5 minPlay
June 02, 2022ཨ་རི་རྒྱ་གར་གྱི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོར་གྱུར། - ཟླ་བ་དྲུག་པ། ༠༢, ༢༠༢༢༄༅།། ད་ལྟའི་བར་དུ་རྒྱ་ནག་ནི་རྒྱ་གར་གྱི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོ་ཡིན་རུང་འདས་པའི་རྩིས་ལོ་དེར་ཨ་རི་རྒྱ་གར་གྱི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོ་གྱུར་པ་དང་རྒྱ་ནག་ཨང་གཉིས་པར་ལྷུང་ཡོད་པར་མ་ཟད། ད་དུང་ཡང་ཨ་རི་དང་རྒྱ་གར་གྱི་ཚོང་འབྲེལ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་སྐོར།6 minPlay
June 02, 2022ཐེ་ཝན་གྱིས་གསང་ཉུལ་ལ་དོགས་ནས་ཧོང་ཀོང་བ་ཚོ་ལེན་རྒྱུ་ནར་འགྱངས། - ཟླ་བ་དྲུག་པ། ༠༢, ༢༠༢༢༄༅།། ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གཉིས་ནས་རྒྱ་ནག་པ་མང་དག་ཅིག་ཐེ་ཝན་ལ་བཙན་བྱོལ་དུ་སོང་སྟེ་མཚོ་གླིང་དེར་གཏན་སྡོད་གཞིས་ཆགས་བྱེད་ཀྱི་ཡོད་ཅིང་། ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཧོང་ཀོང་བ་དང་ཨོ་མེན་བའི་གྲས་སུ་རྒྱ་ནག་གི་གསང་ཉུལ་དང་རྒྱ་གཞུང་གི་ལས་དོན་སྒྲུབ་མཁན་ཡོད་སྲིད་པའི་དོགས་སློང་བྱས་4 minPlay
June 02, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་དྲུག་པ། ༠༢, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
June 01, 2022རྒྱ་གར་གྱི་མང་ཚོགས་ལ་ཧིན་བོད་གཉིས་ཀྱི་འབྲེལ་བ་གོ་རྟོགས་སྤེལ་འཆར། - ཟླ་བ་དྲུག་པ། ༠༢, ༢༠༢༢རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གྷན་རྡིའི་ཞི་བའི་ལྟེ་གནས་ཁང་དུ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་ཏེ་རྒྱ་གར་གྱི་གསར་འགོད་པ་ཅནྡྲ་བྷུ་ཤན་གྱིས་བརྩམས་པའི་དཔེ་དེབ་སྟེ། བོད། ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་པའི་བོད་ཀྱི་དངོས་ཡོད་གནས་ཚུལ་འཁོད་པའི་བརྩམས་ཆོས་དབུ་འབྱེད་གནང་འདུག3 minPlay