Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
May 31, 2022ཨ་ཧྥི་རི་ཀར་བཀྲེས་སྐོམ་གྱི་དཀའ་ངལ་ཇེ་ཆེ། - ཟླ་བ་ལྔ་པ། ༣༡, ༢༠༢༢༄༅།། ཡུཀ་རེན་གྱི་དམག་འཁྲུག་གིས་རྐྱེན་པས་གླིང་ཆེན་ཨ་ཧྥི་རི་ཀར་འབྲུ་རིགས་ནང་འདྲེན་བྱ་ཡུལ་མེད་པར་བཀྲེས་སྐོམ་གྱི་དཀའ་ངལ་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་རྡོ་རྗེ་ཐོགས་མེད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།5 minPlay
May 31, 2022བལ་བོའི་འགྲུལ་སྐྱེལ་གནམ་གྲུ་བརྡབས་ཡུལ་ནས་ཕུང་པོ་ཚང་མ་རྙེད་སོན། - ཟླ་བ་ལྔ་པ། ༣༡, ༢༠༢༢ཁ་སྔོན་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་རི་ཁུག་ཅིག་ཏུ་འགྲུལ་སྐྱེལ་གནམ་གྲུ་ཞིག་བརྡབས་སྐྱོན་བྱུང་སྟེ་འགྲུལ་པ་༢༢་ཡོད་པ་ཚང་མར་སྲོག་སྐྱོན་བྱུང་ཞིང་། ད་ལྟ་བལ་ཡུལ་གཞུང་གིས་འགྲུལ་པ་འདས་པོ་མི་གྲངས་༢༢་ཀྱི་ཕུང་པོ་རྣམས་གནམ་གྲུའི་ཆག་རོའི་འོག་ནས་ལེན་ཐུབ་ཡོད་པ་དང་གནམ་གྲུའི་སྒྲ་སྡུད་འཕྲུལ་ཆས་ཀྱང་ལག་སོན་བྱུང་ཡོད་པའི་སྐོར།3 minPlay
May 31, 2022༡༩༥༠་ལོ་བར་དུ་བོད་རྒྱ་ནག་གི་ཆ་ཤས་སུ་གྱུར་མེད་པའི་གླེང་སློང། - ཟླ་བ་ལྔ་པ། ༣༡, ༢༠༢༢བོད་དོན་དག་སྐྱེལ་ཞེས་པའི་དཔེ་དེབ་དེར་༡༩༥༠་བར་དུ་བོད་རྒྱ་ནག་གི་ཆ་ཤས་སུ་གྱུར་མེད་པར་མ་ཟད། ལོ་རབས་༧༠་བའི་མཇུག་ཏུ་ཨ་རིའི་སྲིད་འཛིན་ཁ་ཊར་གྱི་གཞུང་འཛིན་ལྷན་ཁང་གིས་ད་གཟོད་རྒྱ་ནག་ལ་བོད་ཀྱི་བདག་དབང་ཡོད་པ་རེད་ཅེས་གཞུང་འབྲེལ་གྱིས་ངོས་འཛིན་བྱེད་འགོ་ཚུགས་ཡོད་པ་དང་རྒྱ་དམག་གིས་བོད་ལ་དཔུང་འཇུག་ཇི་ལྟར་བྱས་པ་སོགས་14 minPlay
May 31, 2022ལོ་མཇུག་བར་དུ་ཨུ་རུ་སུའི་རྡོ་སྣུམ་བརྒྱ་ཆ་༩༠་ཙམ་འགོག་རྒྱུ། - ཟླ་བ་ལྔ་པ། ༣༡, ༢༠༢༢༄༅།། ཡུ་རོབ་མཉམ་འབྲེལ་གྱིས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཉེས་ཆད་གཅོད་རྒྱུའི་ཐག་བཅོད་གསར་ཤོས་ནི་༢༠༢༢་ཀྱི་ལོ་མཇུག་བར་དུ་ཨུ་རུ་སུའི་རྡོ་སྣུམ་བརྒྱ་ཆ་༩༠་ཡུ་རོབ་ལ་ནང་འདྲེན་བྱེད་ཀྱི་ཡོད་པ་བཀག་འགོག་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།6 minPlay
May 31, 2022ཡུཀ་རེན་གྱི་དམག་འཁྲུག་ལ་བལྟས་ནས་ཏུར་ཀིའི་འཕུར་གྲུ་མངགས་ཉོ། - ཟླ་བ་ལྔ་པ། ༣༡, ༢༠༢༢༄༅།། ཡུཀ་རེན་གྱི་དམག་གིས་ཏུར་ཀིས་བཟོས་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དང་མཚོན་ལྡན་འཐབ་འཁོར་སོགས་ཀྱི་མ་ལག་ཁག་ལ་གཏོར་རྒོལ་ཚབས་ཆེན་བྱས་ནས་གྲུབ་འབྲས་ཐོན་ནས་བཟུང་། འཛམ་གླིང་ཡོངས་སུ་ཏུར་ཀིའི་ཁ་ལོ་བ་མེད་པའི་འཕུར་གྲུ་མངགས་ཉོ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐོར།5 minPlay
May 31, 2022དགོང་དྲོའི་རླུང་འཕྲིན། - ཟླ་བ་ལྔ་པ། ༣༡, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
May 31, 2022འགྱིག་གི་ཅ་དངོས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན། - ཟླ་བ་ལྔ་པ། ༣༡, ༢༠༢༢༄༅།། འཇིག་རྟེན་ཁམས་དང་ང་ཚོའི་མ་འོངས་པ་ཞེས་པའི་ལེ་ཚན་འདིར་དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་འགྱིག་གི་ཅ་དངོས་བཀོལ་སྤྱོད་མང་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་རང་བྱུང་ཁམས་དང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་འཕོག་གི་ཡོད་པར་མ་ཟད། མི་དང་དུད་འགྲོ་གཉིས་ཀྱི་འཕྲོད་བསྟེན་ལའང་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར།17 minPlay
May 31, 2022ས་རཱ་བོད་ཀྱི་སློབ་གཉེར་ཁང་དུ་སཱི་ཤེས་ཡོན་སློབ་ཁྲིད་འགོ་འཛུགས། - ཟླ་བ་ལྔ་པ། ༣༡, ༢༠༢༢༄༅།། བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུའི་སཱི་ཤེས་ཡོན་སློབ་ཁྲིད་འགོ་འཛུགས་གནང་བའི་སྐོར། སློབ་གཉེར་ཁང་དེའི་སློབ་དཔོན་དགེ་བཤེས་བསྟན་འཛིན་མཚན་ལེགས་ལགས་སུ་ཀུན་བཟང་སྒྲོལ་མས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།11 minPlay
May 31, 2022འགྲོ་བ་མིའི་ཐོབ་ཐང་གིས་སུད་རྒྱ་གཉིས་ཀྱི་ཚོང་གྲོས་ལ་འགོག་རྐྱེན། - ཟླ་བ་ལྔ་པ། ༣༡, ༢༠༢༢༄༅།། སུད་ཛར་ལན་ཌི་ནི་ཡུ་རོབ་གླིང་གི་རྒྱ་ནག་དང་རང་དབང་ཚོང་ལས་ཀྱི་གྲོས་མཐུན་འཇོག་མཁན་རྒྱལ་ཁབ་དང་པོ་ཡིན་མོད། ད་ལྟ་སུད་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མཐུན་དེར་འགྱུར་བ་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་དེའི་སྐོར་གྲོས་མོལ་བྱེད་ཀྱི་མེད་ཟེར་གྱི་ཡོད་པ་སོགས་ཀྱི་སྐོར།3 minPlay
May 31, 2022སྔ་དྲོའི་རླུང་འཕྲིན། - ཟླ་བ་ལྔ་པ། ༣༡, ༢༠༢༢ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay