Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚ... more
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.
January 25, 2020བོད་དོན་རྒྱབ་སྐྱོར་བ་གཉིས་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་གྲས་ཐོབ་པ། - ཟླ་བ་དང་པོ། ༢༦, ༢༠༢༠༄༅། འདི་ལོ་༢༠༢༠ ལོའི་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་གཉིས་པ་Padma Vibhushan ཞེས་པ་དེ་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་འདས་པོ་སྐུ་ཞབས་ཇོར་ཇི་ཕི་ནན་ཊས་ལ་ཕུལ་གནང་རྒྱུ་དང། རྒྱ་གར་གྱི་སྤྱི་དམང་གཟེངས་རྟགས་མཐོ་ཤོས་བཞི་པ་Padma Shri ཞེས་པ་དེ་ཨ་རིའི་ཀོ་ལོམ་བྷི་བ་གཙུག་ལག་སློབ་ཁང་གི་སློབ་དཔོན་ཟུར་པ་དང།གྲོང་ཁྱེར་ནེའུ་ཡོག་གི་བོད་ཁང་གི་འགན་འཛིན་སྐུ་ཞབས་རོ་བྷཊ་ཐར་མན་གཉིས་ལ་ཕུལ་གཏན་འཁེལ་ཡོད་པའི་གནས་ཚུལ་འདུག...more20minPlay
January 18, 2020མི་རིགས་མཐུན་སྒྲིལ་ཞེས་པའི་སྒྲིག་སྲོལ་དང་དེའི་ཤུགས་རྐྱེན། - ཟླ་བ་དང་པོ། ༡༨, ༢༠༢༠གཟའ་འཁོར་འདིའི་ལས་རིམ་ལ་ཁྲིམས་སྒྲིག་དེའི་ནང་དོན་དང་ཁྲིམས་སྒྲིག་དེ་འདྲ་ཞིག་གཏན་འབེབས་བྱ་དགོས་དོན་ཅི་ཡིན། ཁྲིམས་སྒྲིག་དེས་བོད་པའི་ངོ་བོ་དང་འཐབ་རྩོད་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་སྲིད་པའི་ཐད་ལ་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་སུ་བཅར་འདྲི་ཞུས་ཡོད།...more26minPlay
January 11, 2020ཏཱ་ལའི་བླ་མ་མཐོ་སློབ་ནང་འབུམ་རམས་ཀྱི་ལག་འཁྱེར་སློབ་སྦྱོང་འགོ་འཛུགས་དགོས་དོན། - ཟླ་བ་དང་པོ། ༡༢, ༢༠༢༠རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བྷེང་ལོར་ནང་གི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་བོད་ཀྱི་རིག་གནས་ཐད་ལ་Ph.D. འམ་འབུམ་རམས་ཀྱི་ཉམས་ཞིབ་སློབ་སྦྱོང་ཞིག་འགོ་བཙུགས་ཡོད་པ་དང་། མཐོ་རིམ་སློབ་གཉེར་ཁང་གིས་བོད་ཀྱི་རིག་གནས་ཐད་ལ་Ph.D. ཡི་ཉམས་ཞིབ་སློབ་སྦྱོང་འགོ་བཙུགས་དགོས་དོན་ག་རེ་ཡིན་པ་དང་།དེ་བཞིན་མཐོ་རིམ་སློབ་གཉེར་ཁང་གི་ད་ལྟའི་ཤེས་ཡོན་གནས་ཚད་གང་འདྲ་ཡོད་པ་སོགས་ཀྱི་ཐད་མཐོ་སློབ་གྱི་སློབ་སྤྱི་རྒན་བུ་མོ་ཚེ་རིང་ལགས་དང་མཉམ་དུ་གླེང་མོལ་ཞུ་གི་ཡིན།...more25minPlay
January 04, 2020གནས་མཆོག་རྡོ་རྗེ་གདན་ལ་གཞོན་ནུའི་དྭང་བླངས་ཞབས་ཞུ། - ཟླ་བ་དང་པོ། ༠༥, ༢༠༢༠༄༅། དེང་སྐབས་བོད་མིའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་མོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ལ་དད་ལྡན་མི་མང་སྟོང་ཚོ་མང་པོར་བཀའ་ཆོས་སྩལ་བཞིན་ཡོད་པ་དང་བསྟུན་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསུང་ཆོས་ལ་ཕེབས་པའི་དད་ལྡན་མི་མང་ཚོར་དྭང་བླངས་ཞབས་ཞུ་སྣ་མང་བསྒྲུབ་བཞིན་ཡོད་པའི་ཐད་ལ་གླེང་མོལ་ཞུ་གི་ཡིན།...more22minPlay
December 29, 2019ལ་དྭགས་བྱང་ཐང་གི་བོད་ཕྲུག་ཚོའི་དགུན་ཁའི་ཟབ་ཁྲིད། - ཟླ་བ་བཅུ་གཉིས། ༢༩, ༢༠༡༩དེང་སྐབས་ལ་དྭགས་བྱང་ཐང་ཁུལ་གྱི་བོད་ཕྲུག་ཚོའི་དགུན་ཁའི་གུང་སེང་དང་བསྟུན་ནས་བོད་ཡིག་དང་དབྱིན་ཇི། དེ་བཞིན་རྩིས་རིག་སོགས་ཀྱི་ཟབ་ཁྲིད་ལས་འཆར་ཞིག་གཉེར་བཞིན་ཡོད་ཅིང་། ལས་འཆར་དེ་རྒན་ཀརྨ་མཁས་གྲུབ་ལགས་ཀྱིས་ལོ་བཅུའི་གོང་དུ་འགོ་འཛུགས་གནང་ཡོད་པ་དང་། ད་ལོའི་ཟབ་ཁྲིད་དེ་བོད་པའི་འབྲོག་ས་ཁུལ་མ་འདྲ་བ་བཞི་ལ་གཉེར་བཞིན་ཡོད་པར་མ་ཟད། དགེ་རྒན་༡༧་དང་ལས་བྱེད་པ་༦་གིས་འབྲོག་པའི་ཕྲུ་གུ་༢༠༠་ཙམ་ལ་ཟབ་ཁྲིད་གནང་བཞིན་ཡོད་ཅེས་ལས་འཆར་གྱི་འགན་འཛིན་གྱིས་གསུངས་སོང་།...more20minPlay
December 22, 2019བོད་ཀྱི་སྒྱུ་སྩལ་བ་ཞིག་གིས་བླ་མ་མ་ཎིའི་སྒྱུ་སྩལ་འཚོལ་ཞིབ། - ཟླ་བ་བཅུ་གཉིས། ༢༢, ༢༠༡༩...more23minPlay
December 15, 2019བོད་དོན་ལས་འགུལ་བ་ཞིག་གི་གཏམ་བཤད་སྐོར་སྐྱོད། - ཟླ་བ་བཅུ་གཉིས། ༡༥, ༢༠༡༩འདས་པའི་ཟླ་བ་བཞི་ཙམ་གྱི་རིང་ལ་བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་གྲུས་ལགས་ཀྱིས་རྒྱ་གར་གྱི་མཐོ་སློབ་མང་པོ་ཞིག་ལ་གཏམ་བཤད་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་ཅིང་། ཁོང་གིས་སོ་སོའི་ལོ་རྒྱུས་དང་་བརྩམས་ཆོས། བོད་དོན་རྣམས་མཉམ་དུ་སྦྲགས་ནས་རྒྱ་གར་གྱི་ན་གཞོན་ཚོར་བོད་པ་བཙན་བྱོལ་བའི་གནས་སྟངས་སོགས་གླེང་སློང་བྱེད་བཞིན་ཡོད་པ་རེད། གཟའ་འཁོར་འདིའི་ལས་རིམ་ལ་གཏམ་བཤད་སྐོར་སྐྱོད་ཀྱི་ལས་འགུལ་འདིའི་དམིགས་ཡུལ་དང་གྲུབ་འབྲས།...more25minPlay
December 08, 2019ཨ་ཉ་སེང་སྒྲའི་རྒྱབ་ལྗོངས་དང་ལྐོག་ཟ་ཐེར་འདོན་གྱི་འཐབ་རྩོད། - ཟླ་བ་བཅུ་གཉིས། ༠༨, ༢༠༡༩རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཐེར་འདོན་པ་སྟེ། བོད་པ་ལས་འགུལ་བ་ཨ་ཉ་སེང་སྒྲར་སྤྱི་ཚོགས་དཀྲུགས་པའི་ནག་ཉེས་བཙུགས་ཏེ་ལོ་༧་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། ཁོང་གི་མཉམ་དུ་བོད་པ་གཞན་པ་༨་ལའང་ནག་ཉེས་གཅིག་མཚུངས་བཙུགས་ནས་བཙོན་འཇུག་གི་ཉེས་ཆད་ཕོག་པའི་གནས་ཚུལ་ཐོན་ཡོད་པ་རེད།གཟའ་འཁོར་འདིའི་ལས་རིམ་ལ་ཨ་ཉ་སེང་སྒྲས་ལྐོག་ཟ་རུལ་སུངས་ཐེར་འདོན་གྱི་ལས་འགུལ་ཅི་ཞིག་སྤེལ་མིན། ཁོ་པར་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་གི་ཉེས་ཁྲིམས་གཅོད་དགོས་དོན་སོགས་ལ་གླེང་མོལ་ཞུས་ཡོད།...more24minPlay
November 30, 2019བོད་པས་བོད་པར་རོགས་སྐྱོར་དང་དེའི་དགེ་མཚན། - ཟླ་བ་བཅུ་གཅིག་པ། ༣༠, ༢༠༡༩བྱང་ཨ་རི་དང་ཡུ་རོབ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་འཁོད་བོད་པའི་གྲས་སུ་རྒྱ་གར་དང་བལ་ཡུལ་སོགས་ཀྱི་བོད་ཕྲུག་ཚོར་སློབ་ཡོན་རོགས་རམ་སོགས་ཀྱི་མཚོན་པའི་རོགས་སྐྱོར་གྱི་ལས་དོན་སྒྲུབ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་རེད། ཨ་རིའི་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་ཚོགས་པ་དང་། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་མ་སུ་རི་བོད་ཁྱིམ་གྱི་སློབ་ཟུར་ཚོགས་པ་སོགས་ཀྱིས་རྒྱ་གར་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་ཕྲུག་ཚོར་ཤེས་ཡོན་དང་འཚོ་གནས་ལ་རོགས་ཕན་ཅི་ཞིག་སྒྲུབ་ཐུབ་གྱི་ཡོད་མེད།...more25minPlay
November 23, 2019སྲིད་སྐྱོང་བློ་བཟང་སེངྒེའི་ཝ་ཤིང་ཊོན་གྱི་མཛད་རིམ། - ཟླ་བ་བཅུ་གཅིག་པ། ༢༣, ༢༠༡༩ཟླ་བ་འདིའི་ཕྱི་ཚེས་༡༩་ནས་༢༡་བར་དུ་ཉིན་གསུམ་གྱི་རིང་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་ཡོད་ཅིང་། སྐབས་དེར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་ལ་མཇལ་མོལ་གནང་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་ཀྱིས་༢༠༡༩་ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞེས་པ་དེ་མགྱོགས་མྱུར་གཏན་འབེབས་ཐུབ་དགོས་པའི་བོད་སྐུལ་ཞུ་ཡོད་རེད། སྲིད་སྐྱོང་གི་ཨ་རི་རྒྱལ་ས་ཝ་ཤིང་ཊོན་གྱི་འཚམས་གཟིགས་སྐོར།...more23minPlay
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.