Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚ... more
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.
August 25, 2019རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་དང་དེའི་དྲིལ་བསྒྲགས། - ཟླ་བ་བརྒྱད་པ། ༢༥, ༢༠༡༩གཟའ་འཁོར་འདིའི་ལས་རིམ་ལ་བོད་གནས་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་དྲྭ་རྒྱའི་བདེ་འཇགས་འགན་འཛིན་བློ་བཟང་རྒྱ་མཚོ་རྣམ་གཉིས་ལ་རྒྱ་ནག་གཞུང་གིས་སྤྱི་ཚོགས་འབྲེལ་མཐུད་བརྒྱུད་ལམ་བརྒྱུད་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་བློ་ཁ་སྒྱུར་ཐབས་ཇི་ལྟར་བྱེད་བཞིན་ཡོད་པ་དང་གནད་དོན་འདིར་བོད་པ་ཚོས་དོ་སྣང་བྱ་དགོས་པ་ཅི་ཞིག་ཡོད་མེད་སོགས་ལ་གླེང་མོལ་ཞུས་ཡོད།།...more25minPlay
August 18, 2019ལ་དྭགས་བྱང་ཐང་ཁུལ་གྱི་བོད་པའི་འབྲོག་པའི་བུ་ཕྲུག་ཚོའི་ཤེས་ཡོན་གྱི་གནས་སྟངས། - ཟླ་བ་བརྒྱད་པ། ༡༨, ༢༠༡༩༄༅། ཉེ་དུས་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་རྒྱ་གར་བྱང་ཕྱོགས་ལ་དྭགས་བྱང་ཐང་ཁུལ་གྱི་བོད་པའི་འབྲོག་པའི་ས་ཁུལ་གྱི་ན་ཆུང་བྱིས་པ་ཚོ་ལ་དམིགས་པའི་སློབ་གསོའི་ལས་འཆར་ཞིག་སྤེལ་ཡོད། འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་ལས་བྱེད་ངག་དབང་ཚེ་བརྟན་ལགས་ཀྱིས་འབྲོག་པའི་ས་གནས་ཁག་དྲུག་ཙམ་ལ་ཆེད་ཕེབས་ཀྱིས་བྱིས་པའི་སྒམ་ཆུང་ཞེས་པའི་ལས་འཆར་འདི་སྤེལ་ཡོད་པས། གཟའ་འཁོར་འདིའི་ལས་རིམ་ནང་ལས་འཆར་འདི་དང་འབྲེལ་ཡོད་སྐོར་ལ་ངག་དབང་ཚེ་བརྟན་ལགས་མཉམ་དུ་གླེང་མོལ་ཞུས་པ་ཞིག་གསན་རོགས།...more22minPlay
August 10, 2019ཀ་ཤི་མིར་ཐག་གཅོད་ཀྱིས་ལ་དྭགས་ལ་ཕན་གནོད། - ཟླ་བ་བརྒྱད་པ། ༡༡, ༢༠༡༩གཟའ་འཁོར་འདིའི་མདུན་ཅོག་བགྲོ་གླེང་ལས་རིམ་ནང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་མཉམ་དུ་ལ་དྭགས་དེ་རྒྱ་གར་གཞུང་གིས་ཐད་ཀར་འཛིན་སྐྱོང་འོག་ལ་བཅུག་པའི་ཐག་གཅོད་ཀྱི་གལ་གནད་དང་ཕན་ཐོགས་སྐོར་ལ་གླེང་མོལ་ཞུས་པ་ཡིན། དེ་བཞིན་ལ་དྭགས་ནང་གནས་འཁོད་བོད་མི་བློ་བཟང་ཚེ་རིང་ལགས་ཀྱིས་ཐག་གཅོད་འདིར་ས་གནས་བོད་མི་ཚོས་དགའ་བསུ་གང་འདྲ་བྱེད་བཞིན་ཡོད་པའི་སྐོར་ལ་ཡང་གླེང་མོལ་གནང་ཡོད།།...more25minPlay
August 03, 2019བོད་སྐད་སློབ་ཁྲིད་ཀྱི་དབྱར་སྦྱོང་ཐེངས་དང་པོ། - ཟླ་བ་བརྒྱད་པ། ༠༤, ༢༠༡༩ཡུ་རོབ་རྒྱལ་ཁབ་སུད་སི་དང་ལེཀ་ཤི་ཐན་གཉིས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པས་ཟླ་བ་སྔོན་མའི་ཕྱི་ཚེས་༢༧་ནས་ཚེས་༣༡་བར་དུ་ཉི་མ་ལྔར་བོད་ཕྲུག་ན་གཞོན་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་ཀྱི་དབྱར་སྦྱོང་ཞིག་ཚུགས་ཡོད་ཅིང་། དབྱར་སྦྱོང་ལས་རིམ་ཐེངས་དང་པོར་སུད་སི་ཁུལ་གྱི་གཟའ་མཇུག་སློབ་གྲྭ་ཁག་མ་འདྲ་བ་དགུའི་སློབ་ཕྲུག་ཚོ་མཉམ་ཞུགས་བྱས་ཡོད་ས་རེད།...more21minPlay
June 16, 2019ཕ་ཡུལ་དང་ཕ་མའི་དྲན་ཐོ། - ཟླ་བ་དྲུག་པ། ༡༦, ༢༠༡༩གཟའ་འཁོར་འདིའི་ལས་རིམ་ནང་དུ་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་གནས་འཁོད་ཚེ་དབང་རིག་འཛིན་ལགས་དང་རྒྱ་གར་བྱང་ཕྱོགས་མ་ན་ལི་ས་གནས་སུ་གནས་འཁོད་སྐལ་བཟང་ཕུན་ཚོགས་ལགས་གཉིས་ལ་ཐོག་མར་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བའི་ལོ་རྒྱུས་དང་། རྒྱ་གར་ལ་སླེབས་པའི་རྗེས་སུ་བོད་ལ་ཕ་མ་དང་སྤུན་མཆེད་ཚོར་གཉེན་འཕྲད་དུ་བསྐྱོད་པ། ཕ་མ་སྤུན་མཆེད་སོགས་ལ་བསྐྱར་དུ་ཐུག་འཕྲད་བྱུང་བའི་སྐབས་ཀྱི་མྱོང་ཚོར་སོགས་ལ་གླེང་མོལ་ཞུས་ཡོད།།...more24minPlay
June 08, 2019ཕ་ཡུལ་དང་ཕ་མའི་དྲན་ཐོ། - ཟླ་བ་དྲུག་པ། ༠༨, ༢༠༡༩༡༩༩༧་ལོར་བསོད་ནམས་བདེ་སྐྱིད་དང་དོན་གྲུབ་སྐལ་བཟང་གཉིས་ཕ་མ་དང་སྤུན་མཆེད་ཚོར་གཉེན་འཕྲད་དུ་བོད་ལ་བསྐྱོད་ཡོད་ཅིང་། ཕ་ཡུལ་བོད་ལ་འབྱོར་ནས་ཉིན་གཅིག་གི་རྗེས་སུ་རྒྱ་གཞུང་ཉེན་རྟོག་པས་དོ་དམ་བྱས་ཏེ་དུས་ཡུན་ཟླ་བ་གཅིག་ཙམ་བཀག་ཉར་དང་ཚ་འདྲི་བྱས་པའི་གནས་ཚུལ་བྱུང་འདུག ལས་རིམ་ནང་དུ་བསོད་ནམས་བདེ་སྐྱིད་དང་དོན་གྲུབ་སྐལ་བཟང་སྤུན་མཆེད་གཉིས་ལ་བོད་དུ་གཉེན་འཕྲད་ལ་བསྐྱོད་པའི་ལོ་རྒྱུས་དང་དཀའ་སྡུག...more27minPlay
June 01, 2019ཕ་ཡུལ་དང་ཕ་མའི་དྲན་ཐོ། - ཟླ་བ་དྲུག་པ། ༠༡, ༢༠༡༩རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་ཁུལ་དུ་གནས་འཁོད་པ་ཚུལ་ཁྲིམས་ཤེས་རབ་ལགས་སུ་ཁོ་པ་བོད་ལ་སྔ་རྗས་ཐེངས་གཉིས་བསྐྱོད་པའི་ཉམས་མྱོང་སོགས་གླེང་མོལ་ཞུས་ཡོད། ༡༩༩༤་ལོར་བོད་ལ་ཕ་མ་ཐུག་འཕྲད་ཆེད་དུ་ཐེངས་དང་པོ་བསྐྱོད་ཐུབ་ཡོད་ཅིང་། ༡༩༩༨ ལོར་ངོ་ཤེས་དང་གྲོགས་པོ། སྤུན་མཆེད་དང་སློབ་ཕྲུག་གཞན་ཁག་ཅིག་གི་མཉམ་དུ་བོད་ལ་ཐེངས་གཉིས་པ་བསྐྱོད། ཕ་ཡུལ་ལ་སླེབས་ནས་ཉིན་བདུན་གྱི་རྗེས་སུ་གློ་བུར་དུ་བལ་ཡུལ་ཕྱོགས་སུ་ཕྱིར་བྲོས་བྱོལ་དུ་ཡོང་དགོས་པའི་གནས་སྟངས་བྱུང་ཡོད་རེད།།...more25minPlay
May 18, 2019ཕ་ཡུལ་དང་ཕ་མའི་དྲན་ཐོ། - ཟླ་བ་ལྔ་པ། ༡༨, ༢༠༡༩༄༅།། གཟའ་འཁོར་འདིའི་ལས་རིམ་ལ་བཞུགས་སྒར་བརྡ་རམ་ས་ལར་གནས་འཁོད་མེ་ཏོག་ལྷ་མཛེས་ལགས་སུ་ཁོ་མོ་ཐོག་མར་བོད་ནས་རྒྱ་གར་ལ་བྲོས་བྱོལ་ཕེབས་པའི་རྒྱུད་རིམ་དང་བོད་ལ་ཕ་མར་ཐུག་འཕྲད་དུ་བསྐྱོད་པའི་སྐབས་སུ་རྒྱ་གཞུང་གི་བདེ་འཇགས་མི་སྣ་ཚོས་འཇུ་བཟུང་བྱས་སྟངས། དེ་ནས་སླར་ཡང་རྒྱ་གར་ལ་བྲོས་བྱོལ་འབྱོར་སྟངས་སོགས་ལ་གླེང་མོལ་ཞུས་ཡོད།།...more26minPlay
May 11, 2019ཕ་ཡུལ་དང་ཕ་མའི་དྲན་ཐོ། - ཟླ་བ་ལྔ་པ། ༡༡, ༢༠༡༩༄༅། ལོ་རབས་༨༠་པའི་མགོ་སྟོད་དུ་རྒྱ་ནག་གཞུང་གིས་བོད་ལ་སྲིད་བྱུས་གུ་ཡངས་ཅུང་ཙམ་བཏང་བའི་རྗེས་སུ་བོད་ནས་བོད་ཕྲུག་སྟོང་ཕྲག་མང་པོ་རྒྱ་གར་ལ་སློབ་སྦྱོང་ཆེད་དུ་བྲོས་བྱོལ་ལ་སླེབས་ཡོད་ཅིང་། དེ་ཚོའི་གྲས་ཀྱི་གཅིག་ནི་ཚུལ་ཁྲིམས་ཤེས་རབ་རེད། ༡༩༩༤ ལོར་ཁོང་བོད་ལ་ཕ་མ་ཐུག་འཕྲད་དུ་བསྐྱོད་པའི་སྐབས་སུ་རྒྱ་གཞུང་གི་བདེ་འཇགས་མི་སྣས་འཛིན་བཟུང་དོ་དམ་བྱས་ཏེ་སྡུག་སྦྱོང་ཚད་མེད་བཏང་བ་སོགས་ལ་གླེང་སློང་བྱས་ཡོད།།...more26minPlay
May 05, 2019ཕ་ཡུལ་དང་ཕ་མའི་དྲན་ཐོ། - ཟླ་བ་ལྔ་པ། ༠༥, ༢༠༡༩ལོ་རབས་༨༠་པའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་བོད་ལ་སྲིད་བྱུས་གུ་ཡངས་ཅུང་ཙམ་གཏོང་འགོ་ཚུགས་པའི་རྗེས་སུ་བོད་ནས་བོད་ཕྲུག་སྟོང་ཕྲག་མང་པོ་རྒྱ་གར་ལ་སློབ་སྦྱོང་བྱེད་དུ་བྲོས་བྱོལ་ལ་སླེབས་ཡོད་པ་རེད། གཟའ་འཁོར་འདིའི་ལས་རིམ་ལ་༡༩༨༥་ལོར་བོད་ནས་རྒྱ་གར་ལ་སློབ་སྦྱོང་ཆེད་དུ་བྲོས་བྱོལ་ལ་ཡོང་མཁན་བོད་པ་ཞིག་རང་གི་ཕ་མ་སྤུན་མཆེད་ཚོར་ཐུག་འཕྲད་བྱེད་པར་བོད་ལ་ཐེངས་གཉིས་ལག་འཁྱེར་གང་ཡང་མེད་པར་བསྐྱོད་ཐུབ་པའི་ལོ་རྒྱུས་སོགས་གླེང་སློང་ཞུས་ཡོད།།...more26minPlay
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.