Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚ... more
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.
April 28, 2019ཕ་ཡུལ་དང་ཕ་མའི་དྲན་གསོ། - ཟླ་བ་བཞི་པ། ༢༨, ༢༠༡༩ལོ་རབས་༨༠་པའི་འགོ་སྟོད་དེར་རྒྱ་ནག་གཞུང་གིས་བོད་ལ་སྲིད་བྱུས་གུ་ཡངས་ཅུང་ཙམ་ལག་ལེན་བསྟར་འགོ་ཚུགས་པའི་རྗེས་སུ་བོད་ནས་བོད་ཕྲུག་སྟོང་ཕྲག་མང་པོ་རྒྱ་གར་ལ་སློབ་སྦྱོང་གི་ཆེད་དུ་བྲོས་བྱོལ་ལ་སླེབས་ཡོད་པ་རེད། བོད་ཕྲུག་བཙན་བྱོལ་བ་དེ་དག་གི་མང་ཆེ་བ་ཕ་མ་དང་ནང་མི་སྤུ་མཆེད་ཚོར་ཐུག་འཕྲད་ཐུབ་མེད་ཅིང་། ཁོ་ཚོ་མང་པོ་ཞིག་ལ་རྒྱ་གར་དང་བལ་ཡུལ་སོགས་སུ་ཕ་མ་སྤུན་མཆེད་ལ་ཐུག་འཕྲད་བྱེད་པའི་གོ་སྐབས་ཐོབ། ཁ་ཤས་ཤིག་བོད་ལ་ཕ་མ་སྤུན་མཆེད་ཚོར་གཉེན་འཕྲད་དུ་བསྐྱོད་ཐུབ་ཡོད་རེད།...more24minPlay
April 20, 2019ཕ་ཡུལ་དང་ཕ་མ་ཕྱིར་དྲན། - ཟླ་བ་བཞི་པ། ༢༠, ༢༠༡༩གཟའ་འཁོར་འདིའི་ལས་རིམ་ལ་ལོ་རབས་༨༠་པའི་ནང་དུ་བོད་ནས་རྒྱ་གར་ལ་སློབ་སྦྱོང་ཆེད་དུ་བྲོས་བྱོལ་ལ་སླེབས་མཁན་བོད་པ་གཉིས་ལ་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་དུ་བོད་ནང་གི་བཟའ་མི་ཚོར་འབྲེལ་གང་འདྲ་བྱུང་ཡོད་མེད་དང་ཕ་མ་སྤུན་མཆེད་ཚོར་ཐུག་འཕྲད་བྱུང་ཡོད་མེད། ལོ་མང་རྗེས་སུ་བསྐྱར་དུ་ཕ་མར་ཐུག་འཕྲད་བྱུང་དུས་མྱོང་ཚོར་ཅི་བྱུང་སོགས་ལ་བཞུགས་སྒར་རྡ་རམ་ས་ལར་གནས་འཁོད་ནོར་བུ་ལགས་དང་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་གནས་འཁོད་བུ་ཆུང་ལགས་གཉིས་སུ་གླེང་མོལ་ཞུས་ཡོད།།...more24minPlay
April 14, 2019ལོ་བཅུ་ཕྲག་མང་པོར་བཟའ་མི་ཁ་བྲལ་གྱི་དཀའ་སྡུག - ཟླ་བ་བཞི་པ། ༡༤, ༢༠༡༩ལོ་རབས་༨༠་པའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་བོད་ལ་སྲིད་བྱུས་ཕྲན་བུ་ཞིག་གུ་ཡངས་གཏོང་འགོ་ཚུགས། དེའི་རྗེས་སུ་བོད་ནས་བོད་ཕྲུག་བརྒྱ་ཕྲག་མང་པོ་རྒྱ་གར་ལ་སློབ་སྦྱོང་ཆེད་དུ་བྲོས་བྱོལ་ལ་སླེབས་ཡོད་ཅིང་། དེ་བཞིན་བོད་པ་མང་པོ་ཞིག་རྒྱ་བལ་གཉིས་ཀྱི་དགོན་པ་དང་གྲྭ་ཚང་ཁག་ལ་ཆོས་ཞུགས་བྱས་ཡོད་རེད།།...more25minPlay
April 06, 2019བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་དུ་སྐྱིད། - ཟླ་བ་བཞི་པ། ༠༦, ༢༠༡༩༄༅།། ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་དོན་ལས་འགུལ་བ་དགའ་ལྡན་གྲྭ་བག་གྲོས་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་པའི་དཔེ་དེབ་ཅིག་བརྩམས་ཡོད་ཅིང་། འདི་ནི་སྐུ་ཞབས་བག་གྲོས་བརྩམས་པའི་བོད་དོན་དཔེ་དེབ་༡༥ པ་དེ་ཡིན། གཟའ་འཁོར་འདིའི་ལས་རིམ་ལ་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོས་བོད་ཀྱི་ལོ་རྒྱུས་སྐོར་བརྩམས་པའི་དཔེ་དེབ་གསར་ཤོས་དེའི་བརྗོད་བྱ་སོགས་ལ་གླེང་མོལ་ཞུས་ཡོད།།...more22minPlay
March 24, 2019བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཡར་རྒྱས་འགྲོ་བཞིན་པའམ་ཉམས་ཆག་འགྲོ་བཞིན་པའི་བགྲོ་གླེང་། - ཟླ་བ་གསུམ་པ། ༢༤, ༢༠༡༩འདས་པའི་ལོ་ངོ་དྲུག་ཅུའི་རིང་གི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་བསྐྱར་ཞིབ་བྱས་པའི་ཐོག་ནས་ད་ཆ་བོད་དོན་འཐབ་རྩོད་ཀྱི་གནས་བབས་གང་འདྲ་ཞིག་ཆགས་ཡོད་པ་དང། འཐབ་རྩོད་ཀྱི་གོ་སྐབས་དང་དཀའ་ངལ་སོགས་ཀྱི་ཐད་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་དང། བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་གཉིས་དང་མཉམ་དུ་གླེང་མོལ་ཞུས་པ་ཡིན།...more25minPlay
March 09, 2019བོད་མིའི་རང་དབང་སྒེར་ལངས་བྱུང་སྟེ་ལོ་ངོ་དྲུག་ཅུ་འཁོར་བའི་གནད་འགག - ཟླ་བ་གསུམ་པ། ༡༠, ༢༠༡༩བོད་མིའི་རང་དབང་སྒེར་ལངས་བྱུང་སྟེ་ལོ་ངོ་དྲུག་ཅུ་འཁོར་བའི་དུས་ཚིགས་འདི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་གལ་གནད་ཆེ་ཆུང་ཇི་ཙམ་ཆགས་ཀྱི་ཡོད་པ་དང་། བོད་མི་ཚོས་དུས་ཚིགས་འདི་རྗེས་དྲན་གང་འདྲ་བྱས་ཏེ་བྱེད་དགོས་པ་སོགས་ཀྱི་ཐད་ལ་གླེང་མོལ་ཞུ་ཡི་ཡིན། གླེང་མོལ་ཞུ་ཡུལ་དེ་བོད་དང་རྒྱ་ནག་གི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་དང། ཨ་རིའི་ཀོ་ལོན་ཕི་ཡ་གཙུག་ལག་སློབ་ཁང་ནང་ལ་འབུམ་རམས་པའི་ཉམས་ཞིབ་སློབ་སྦྱོང་གནང་བཞིན་པ་ཚེ་དབང་རིག་འཛིན་ལགས་ཡིན།...more24minPlay
March 03, 2019བོད་པ་བཙན་བྱོལ་བའི་ལོ་༦༠་ལོ་རྒྱུས་ལ་རྗེས་དྲན། - ཟླ་བ་གསུམ་པ། ༠༣, ༢༠༡༩འདི་ལོ་བོད་པ་བཙན་བྱོལ་བ་རྣམས་རྒྱ་གར་ལ་འབྱོར་ཏེ་ལོ་དྲུག་ཅུ་འཁོར་བཞིན་ཡོད་སྟབས། གཟའ་འཁོར་འདིའི་ལས་རིམ་ལ་འདས་པའི་ལོ་དྲུག་ཅུའི་རིང་གི་བོད་པ་བཙན་བྱོལ་བའི་ལོ་རྒྱུས་ལ་རྗེས་དྲན་བྱས་པ་དང་སྦྲགས། འདས་པའི་ལོ་དྲུག་ཅུའི་རིང་གི་བྱས་རྗེས་དང་གྲུབ་འབྲས། འཐུས་ཤོར་དང་མ་འོངས་པར་བོད་པ་བཙན་བྱོལ་བ་ཚོས་གདོང་ལེན་བྱ་དགོས་པའི་གནད་དོན་ཁག་ལ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་དང་བཀའ་ཟུར་བློ་བཟང་སྙན་གྲགས་རྣམ་གཉིས་ལ་གླེང་སློང་ཞུས་ཡོད།།...more25minPlay
February 22, 2019རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་ལ་བོད། - ཟླ་བ་གཉིས་པ། ༢༣, ༢༠༡༩གཟའ་འཁོར་འདིའི་ལེ་ཚན་ལ་ཡུ་རོབ་རྒྱལ་ཁབ་སི་པེན་དུ་གནས་འཁོད་རྒྱ་ནག་ཉམས་ཞིབ་པ་སངས་རྒྱས་སྐྱབས་དང་། བོད་དོན་དང་རྒྱ་ནག་གི་གནད་དོན་དབྱི་ཞིབ་པ་ཀུན་དགའ་བཀྲ་ཤིས་གཉིས་ལ་འདས་པའི་ལོ་དྲུག་བཅུའི་རིང་གཞིས་ལུས་བོད་པ་ཚོས་གསུམ་བཅུའི་དུས་དྲན་ལ་རྗེས་དྲན་གང་འདྲ་བྱས་ཡོད་མེད། རྒྱ་གཞུང་གི་དབང་སྒྱུར་འོག་ཏུ་བོད་པའི་ངོ་བོ་དང་རིག་གཞུང་། སྐད་ཡིག་སོགས་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་པ་བཅས་བགྲོ་གླེང་ཞུ་ཡི་ཡིན།།...more23minPlay
February 16, 2019༡༩༥༩་ལོའི་རང་དབང་སྒེར་ལངས་ལ་རྗེས་དྲན། - ཟླ་བ་གཉིས་པ། ༡༦, ༢༠༡༩༡༩༥༩་ལོའི་གསུམ་བཅུའི་དུས་དྲན་གྱི་འབྱུང་རྐྱེན་དང་རྒྱ་ནག་གཞུང་གིས་བོད་པར་དྲན་གནོན་བྱེད་ཕྱོགས། དེ་བཞིན་༧གོང་ས་མཆོག་སྐུ་འཁོར་རྣམས་ནོར་གླིང་ཕོ་བྲང་ནས་རྒྱ་གར་ཕྱོགས་སུ་བྲོས་བྱོལ་ལ་ཕེབས་སྟངས་སོགས་ཀྱི་ཐད་དུ་སྐབས་དེའི་ལོ་རྒྱུས་ཀྱི་བྱུང་རིམ་ཁག་མིག་མཐོང་ལག་ཟིན་བྱུང་མྱོང་མཁན་ཐུབ་བསྟན་མཁས་བཙུན་ལགས་སུ་གླེང་མོལ་ཞུ་རྒྱུ་ཡིན། དེ་བཞིན་སྐབས་དེའི་གནས་སྟངས་མིག་མཐོང་བྱུང་མཁན་འབྲེལ་ཡོད་ཁ་ཤས་ཤིག་གིས་བཀའ་མོལ་གནང་བའི་སྒྲ་འཇུག་འགའ་ཞིག་གཏོང་རྒྱུ་ཡོད།།...more26minPlay
January 26, 2019སྲིད་དོན་བཙོན་ཟུར་ཞིག་གི་བོད་དོན་ལས་འགུལ། - ཟླ་བ་དང་པོ། ༢༧, ༢༠༡༩བཞུགས་སྒར་རྡ་རམ་ས་ལར་གནས་སྡོད་པ་བོད་ཀྱི་སྲིད་དོན་བཙོན་པ་ཟུར་པ་དགའ་ལྡན་གྲྭ་བག་བྲོ་ལགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན། རྒྱལ་ཁབ་ཁག་གི་གནད་ཡོད་སྲིད་དོན་པ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས། ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ནས་དུས་ཡུན་གང་འཚམ་ཞིག་ཕྱིན་ཡོད་ཅིང་། ཁོང་གིས་ཞུ་གཏུགས་སྙན་ཞུ་ཕུལ་བ་ཁག་ཅིག་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་དཔོན་རིགས་ཚོས་ཡིག་ལན་བསྐུར་ཡོད་ས་རེད།...more19minPlay
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.