Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚ... more
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.
November 10, 2018ཨ་རིའི་བར་མའི་འོས་བསྡུར་བོད་པ་མཉམ་ཞུགས། - ཟླ་བ་བཅུ་གཅིག་པ། ༡༡, ༢༠༡༨༢༠༡༨་ལོའི་ཨ་མི་རི་ཀའི་བར་མའི་འོས་བསྡུ་དེར་ཨ་རིའི་བོད་པ་ཚོ་རྣམ་པ་འདྲ་མིན་གྱི་སྒོ་ནས་མཉམ་ཞུགས་བྱས་ཡོད་པ་སྟེ། བོད་པ་མང་པོ་ཞིག་གིས་གྲོས་ཚོགས་འཐུས་མིའི་འོས་བསྡུར་འགྲན་ཞུགས་བྱེད་མཁན་འོས་མི་ཚོར་རྒྱབ་སྐྱོར་གྱི་དྲིལ་བསྒྲགས་ལས་འགུལ་སྤེལ་རོགས་བྱས་ཡོད་པ་རེད།གཟའ་འཁོར་འདིའི་ལས་རིམ་ལ་༢༠༡༨་ལོའི་ཨ་རིའི་བར་མའི་འོས་བསྡུར་དངོས་སུ་དྲིལ་བསྒྲགས་ལས་འགུལ་སྤེལ་རོགས་བྱེད་མཁན་བོད་པ་བཞི་ལ་གླེང་མོལ་ཞུ་ཡི་ཡིན།...more24minPlay
October 28, 2018རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྐྱར་ཞིབ། - ཟླ་བ་བཅུ་པ། ༢༨, ༢༠༡༨ཟླ་བ་རྗེས་མའི་ཚེས་༦་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་གསུམ་པ་བྱ་འཆར་ཡོད་ཅིང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་བསྐྱར་ཞིབ་བྱ་རྒྱུ་འགོ་མ་ཚུགས་སྔོན་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་དབུས་བོད་མིའི་སྒྲིག་འཛུགས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་བྱ་དགོས་པའི་...more23minPlay
October 20, 2018བོད་ལ་འགྲོ་སྐྱོད་འདྲ་མཉམ་གྱི་ཞུ་སྐུལ་ལས་འགུལ། - ཟླ་བ་བཅུ་པ། ༢༡, ༢༠༡༨ཉེ་དུས་ཨ་མི་རི་ཀའི་གྲོས་ཚོགས་འོག་མས་ཨ་རིའི་བོད་པ་ཚོར་བོད་ལ་འགྲོ་སྐྱོད་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་ནས་གྲོང་ཆོད་བཞག་ཡོད་ཅིང་། ད་ལྟ་ཁྲིམས་འཆར་དེ་དངོས་སུ་ཁྲིགས་ཡིག་ལ་འགྱུར་བར་ཨ་རིའི་གྲོས་ཚོགས་གོང་མས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱས་ནས་གྲོང་ཆོད་འཇོག་དགོས། དེར་བརྟེན་ཨ་རིའི་བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་གྲོས་ཚོགས་གོང་མའི་འཐུས་མི་ཚོར་འབྲེལ་བ་གནང་སྟེ་ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་ཐབས་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་རེད།...more25minPlay
October 15, 2018ཁྲེན་ཏུའུ་ནས་ལྷ་སའི་བར་གྱི་མེ་འཁོར་ལྕགས་ལམ། - ཟླ་བ་བཅུ་པ། ༡༦, ༢༠༡༨༄༅།། རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེན་ཏུའུ་གྲོང་ཁྱེར་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་ཧ་ཅང་རྒྱ་ཆེན་པོ་ཞིག་གཉེར་འགོ་ཚུགས་ཡོད་ཅེས་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་ཅིང་། རྒྱང་ཐག་སྤྱི་ལེ་༡༧༠༠་ཡོད་པའི་མེ་འཁོར་ལྕགས་ལམ་འདི་ཕྱི་ལོ་༢༠༢༦་ཡས་མས་སུ་ལེགས་འགྲུབ་འབྱུང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།...more23minPlay
October 06, 2018འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་དེའི་ཤུགས་རྐྱེན། - ཟླ་བ་བཅུ་པ། ༠༧, ༢༠༡༨གཟའ་འཁོར་འདིའི་ལས་རིམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུའི་སྒྲིག་གཞིའི་བསྐྱར་ཟིན་ཚོགས་ཆུང་གི་འཐུས་མི་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལ་གྲོས་ཚོགས་ཀྱིས་འོས་བསྡུ་དང་འབྲེལ་བའི་བསྐྱར་བཅོས་ཅི་ཞིག་བྱས་ཡོད་མེད། བསྐྱར་བཅོས་ཟིན་པའི་གནད་དོན་ཁག་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བསམ་ཚུལ་ཅི་ཡོད་ཐད་དུ་བཅར་འདྲི་ཞུ་ཡི་ཡིན།...more20minPlay
September 29, 2018དཔྱད་རྩོམ་ལ་གསུམ་གླེང་བ། - ཟླ་བ་དགུ་པ། ༣༠, ༢༠༡༨བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བཞུགས་སྒར་ཁུལ་གྱི་བོད་པ་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་བསྐོངས་ཤིང་། ཉིན་བཞིའི་ཉམས་ཞིབ་པའི་ཚོགས་འདུའི་སྐབས་སུ་བོད་པ་ཉམས་ཞིབ་པ་མང་པོ་ཞིག་གིས་ཉམས་ཞིབ་ཀྱི་དཔྱད་རྩོམ་༣༢་སྒྲོགས་སྦྱང་གནང་འདུག གཟའ་འཁོར་འདིའི་ལས་རིམ་ནང་དུ་ན་གཞོན་ཉམས་ཞིབ་པའི་ཚོགས་འདུར་ཞུགས་མཁན་ཉམས་ཞིབ་པ་དཀོན་མཆོག་དང་བཀྲ་ཤིས་གཡང་འཛོམས། དེ་བཞིན་སྙན་ཐར་གསུམ་ལ་རང་རང་གིས་སྒྲོགས་སྦྱང་གནང་བའི་དཔྱད་རྩོམ་སྐོར་བཀའ་མོལ་ཞུ་ཡི་ཡིན།།...more24minPlay
September 23, 2018ས་བྱིའི་ཞི་རྒོལ་ཆེན་མོའི་ཤུགས་རྐྱེན་དང་གནད་འགག - ཟླ་བ་དགུ་པ། ༢༤, ༢༠༡༨ཡུ་རོབ་རྒྱལ་ཁབ་སི་པེན་དུ་གནས་འཁོད་བོད་གནས་ཉམས་ཞིབ་པ་དང་རྩོམ་པ་པོ་སངས་རྒྱས་སྐྱབས་ཀྱིས་༢༠༠༨་ལོའི་ས་ཞིའི་ཞི་རྒོལ་ཆེན་མོའི་སྐོར་གྱི་རྩོམ་ཡིག་མ་འདྲ་བ་གསུམ་སྤེལ་ཟིན་ཡོད་ཅིང་། ད་ལྟ་ཁོང་གི་རྩོམ་ཡིག་བཞི་པ་དེ་ཡང་ཡུན་རིང་མི་འགོར་པར་སྤེལ་འཆར་ཡོད་པ་རེད། ཁོང་གིས་རྒྱ་ཡིག་ཏུ་བྲིས་པའི་རྩོམ་ཡིག་དེ་དག་གིས་༢༠༠༨་ཀྱི་ཞི་རྒོལ་ཆེན་མོའི་འབྱུང་རྐྱེན་དང་རྒྱ་གཞུང་གིས་གདོང་ལེན་བྱེད་ཕྱོགས། ཞི་རྒོལ་གྱི་ཤུགས་རྐྱེན་དང་གནད་འགག་སོགས་གླེང་འདུག...more24minPlay
September 16, 2018བོད་ཕྲུག་ཚོའི་ཤེས་ཚད་གོང་མཐོར་གཏོང་ཐབས། - ཟླ་བ་དགུ་པ། ༡༧, ༢༠༡༨ཉེ་དུས་རྒྱ་གར་ལྷོ་ཕྱོགས་ལ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྦྱི་བུ་མོ་ཚེ་རིང་གིས་བོད་གནས་བསྐྱར་ཞིབ་དུས་དེབ་ལ་དབྱིན་ཡིག་གི་དཔྱད་རྩོམ་ཞིག་སྤེལ་ཏེ། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་ཤེས་ཚད་གོང་མཐོར་གཏོང་ཐབས་ལ་དམིགས་པའི་བསམ་འཆར་ཁག་ཅིག་བཏོན་འདུག གཟའ་འཁོར་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་ནང་དུ་འབུམ་རམས་པ་བུ་མོ་ཚེ་རིང་ལ་གོང་ཞུས་ཀྱི་དཔྱད་རྩོམ་དེའི་གལ་གནད་ཁག་ལ་བཀའ་མོལ་ཞུ་ཡོད།།...more23minPlay
September 09, 2018ཨ་རིའི་ནང་བོད་ཀྱི་སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་གྱི་མདུན་ལམ་དང་དཀའ་ངལ། - ཟླ་བ་དགུ་པ། ༠༩, ༢༠༡༨དེ་རིང་གི་ལས་རིམ་འདིར་ཨ་རིའི་སན་ཧྥ་རན་སི་སི་ཀོ་ཁུལ་དུ་གནས་འཁོད་ཚེ་རིང་དབང་མོ་ལགས་དང་། ནེའུ་ཡོག་ཏུ་གནས་འཁོད་ཟློས་གར་པ་ཟུར་པ་བསྟན་འཛིན་ ནོར་བུ་གཉིས་སུ་ཨ་རིར་ཟློས་གར་ཚོགས་པའི་ཚོགས་མི་ཟུར་པ་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་འཁྲབ་གཞུང་རྣམས་མི་ཉམས་རྒྱུན་འཛིན་བྱེད་ཕྱོགས་དང་བོད་ཀྱི་སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་ལ་མདུན་ལམ་དང་དཀའ་ངལ་ཅི་ཙམ་ཡོད་མེད་ཐད་དུ་བཀའ་མོལ་ཞུ་ཡི་ཡིན།།...more24minPlay
August 26, 2018གུ་གུལ་བཟོ་ཚོང་ཁང་གིས་རྒྱ་ནག་ལ་འཚོལ་ཞིབ་མཉེན་ཆས་བཟོ་འཆར། - ཟླ་བ་བརྒྱད་པ། ༢༦, ༢༠༡༨ཨ་མི་རི་ཀའི་གུ་གུལ་བཟོ་ཚོང་ཁང་གིས་རྒྱ་ནག་ལ་གནས་ཚུལ་འཚོལ་ཞིབ་བྱེད་པའི་མཉེན་ཆས་གསར་པ་སྟེ། ཌི་ར་ཌོན་ཧྥི་ལ་དབྱི་ཟེར་པ་ཞིག་གསར་བཟོ་བྱ་འཆར་ཡོད་ཅིང་། འཚོལ་ཞིབ་མཉེན་ཆས་དེ་རྒྱ་ནག་གི་དྲྭ་རྒྱའི་དམ་དྲག་གི་སྲིད་བྱུས་དང་སྒྲིག་ཁྲིམས་ཁག་ལ་མཐུན་པ་ཞིག་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག དེར་བརྟེན་གུ་གུལ་བཟོ་ཚོང་ཁང་གི་ལས་འཆར་འདིར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་༡༧༠ ཙམ་གྱིས་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་པའི་སྙན་ཞུ་ཞིག་བཟོ་ཚོང་ཁང་དེའི་འགན་འཛིན་ལ་བཏང་ཡོད་པ།...more22minPlay
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.