Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚ... more
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.
May 27, 2018རྒྱལ་སྤྱིས་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ལ་དོ་འཁུར་གནང་ཕྱོགས། - ཟླ་བ་ལྔ་པ། ༢༧, ༢༠༡༨གཟའ་འཁོར་འདིའི་ལས་རིམ་ནང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ལ་དོ་འཁུར་ཧ་ཅང་ཆེན་པོ་གནང་བ་འདིས་གང་མངོན་གྱི་ཡོད་པ་དང་། ཁོང་གི་གནད་དོན་ལ་དོ་འཁུར་ཆེན་པོ་འདི་འདྲ་གནང་དོན་གང་ཡིན་སྐོར་འབྲེལ་ཡོད་མི་སྣ་གསུམ་དང་ལྷན་དུ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།...more23minPlay
May 18, 2018བོད་ཀྱི་འགྲེམ་སྟོན་ཁང་གི་དམིགས་ཡུལ་དང་འཆར་གཞི། - ཟླ་བ་ལྔ་པ། ༡༩, ༢༠༡༨བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམ་སྟོན་ཁང་ནི་༡༩༩༨་ལོར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླེང་གཙུག་ལག་ཁང་གི་ཉེ་འདབས་སུ་གསར་ཚུགས་བྱས་ཤིང་། བོད་ཀྱི་འགྲེམ་སྟོན་ཁང་གི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་བོད་ཀྱི་གནས་སྟངས་ལ་ཞིབ་འཇུག་དང་གཅེས་འཛིན། དེ་བཞིན་བོད་པ་དང་རྒྱལ་སྤྱིའི་མི་དམངས་ལ་བོད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སོགས་ངོ་སྤྲོད་བྱ་རྒྱུའི་ཆེད་དུ་ཡིན་འདུག...more30minPlay
May 11, 2018རྒྱ་གཞུང་གི་སྐུ་ཚབ་ཚོས་ཁེ་ན་ཊའི་གྲོས་ཚོགས་སུ་བོད་དོན་གླེང་བར་ལན་འདེབས། - ཟླ་བ་ལྔ་པ། ༡༢, ༢༠༡༨ཉེ་དུས་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ཚོགས་འདུ་ཞིག་གི་ཐོག་ཏུ་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཁག་ཅིག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་རྒྱའི་འབྲེལ་མོལ། དེ་བཞིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན། བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་སོགས་ཀྱི་སྐོར་ལ་འདྲི་རྩད་བྱས་འདུག...more29minPlay
May 05, 2018བོད་པ་གློང་བརྙན་འཁྲབ་མཁན་གཉིས་ཀྱི་ཉམས་མྱོང་དང་ལོ་རྒྱུས། - ཟླ་བ་ལྔ་པ། ༠༥, ༢༠༡༨གློག་བརྙན་འཁྲབ་སྟོན་པ་འབའ་པ་ཚི་རིང་རྡོ་རྗེ་དང་བཀྲ་ཤིས་དབང་ལྡན་གཉིས་ལ་བོད་ཀྱི་གློག་འཁྲབ་སྟོན་སྒྱུ་རྩལ་སྤྱི་དང། གློག་བརྙན་འཁྲབ་མཁན་ཚོར་མདུན་ལམ་ཅི་ཡོད། བོད་པ་གློག་བརྙན་འཁྲབ་མཁན་ཚོར་འཕྲད་བཞིན་པའི་དཀའ་ངལ། དེ་བཞིན་དོ་བདག་གཉིས་གློག་བརྙན་འཁྲབ་མཁན་ལ་ཇི་ལྟར་གྱུར་པ་སོགས་ལ་གླེང་མོལ་ཞུ་ཡི་ཡིན། ཁོང་གཉིས་ཨ་རིའི་ཁེ་ལི་ཧྥོ་ཎི་ཡ་མངའ་སྡེར་གནས་སྡོད་བྱེད་བཞིན་ཡོད་པ་དང་ད་སྔ་གློང་བརྙན་མང་པོ་འཁྲབ་མྱོང་ཡོད་པ་རེད།།...more29minPlay
April 28, 2018རྒྱ་དཀར་ནག་གི་ཆེས་མཐོའི་འགོ་ཁྲིད་ཀྱི་ཐུག་འཕྲད། - ཟླ་བ་བཞི་པ། ༢༨, ༢༠༡༨རྒྱ་གར་གྱི་སྲིད་བློན་ན་རན་དྷྲ་མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་རྒྱ་ནག་དབུས་ཕྱོགས་ཀྱི་ཝུ་ཧན་གྲོང་ཁྱེར་དུ་དངོས་གཞི་མིན་པའི་ཐུག་འཕྲད་གྲོས་མོལ་གནང་ཡོད་ཅིང་། གཟའ་འཁོར་འདིའི་ལས་རིམ་ལ་རྒྱ་དཀར་གཉིས་ཀྱི་འབྲེལ་ལམ་ལ་དོ་སྣང་དང་ཉམས་ཞིབ་གནང་མཁན་འབྲེལ་ཡོད་མི་སྣ་གཉིས་ལ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་མཇལ་འཕྲད་ཀྱི་གནད་འགག་དང། རྒྱ་དཀར་ནག་གི་འབྲེལ་ལམ་ལ་བོད་དོན་གནད་འགག་ཅི་ཙམ་ཆེ་མིན་སོགས་ལ་གླེང་མོལ་ཞུ་ཡི་ཡིན།...more36minPlay
April 23, 2018རྒྱ་རི་རྡོ་རྗེ་གཡུ་སྒྲོན་གྱི་དཔའ་མཛངས་སྙིང་སྟོབས། - ཟླ་བ་བཞི་པ། ༢༣, ༢༠༡༨༡༩༥༥་ལོར་རྒྱ་ནག་གཞུང་གིས་ཉ་རོང་དཔོན་རྒྱ་རི་ཉི་མ་གཙོས་མདོ་ཁམས་སྨད་ཕོགས་ཀྱི་དཔོན་ཁག་མང་པོ་ཞིག་དཀར་མཛེས་ཁུལ་དུ་ཚོགས་འདུར་བསྐོངས་ཏེ། ཁམས་ཕྱོགས་ཀྱི་ས་གནས་ཁག་ལ་དམངས་གཙོའི་སྒྱུར་བཅོས་ཞེས་པའི་ལས་འགུལ་འགོ་ཚུགས་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། དེར་བརྟེན་རྒྱ་རི་ཉི་མ་དང་བཟའ་ཟླ་ཆུང་བ་རྡོ་རྗེ་ཡུལ་སྒྲོན་གྱིས་ཉ་རོང་ཁུལ་དུ་རྒྱ་དམར་ལ་དྲག་པོའི་ངོ་རྒོལ་སྒེར་ལངས་བྱ་རྒྱུའི་འཆར་འགོད་བྱས་ཡོད་ཅིང་། ༡༩༥༦་གི་མགོ་སྟོད་དུ་རྒྱ་ནག་གཞུང་གིས་ཉ་རོང་ཁུལ་ལ་དམངས་གཙོའི་སྒྱུར་བཅོས་......more31minPlay
April 14, 2018བཟི་སྨན་དང་ཆང་རག་སྔོན་འགོག་ལས་འགུལ། - ཟླ་བ་བཞི་པ། ༡༥, ༢༠༡༨དེང་སྐབས་བོད་པ་འཆི་མེད་རྡོ་རྗེ་དང་ལས་རོགས་རྒྱ་གར་བ་ཁག་ཅིག་གིས་རྒྱ་གར་རྒྱལ་ཡོངས་སུ་ངན་ལོབས་གཙང་སེལ་ཞེས་བཟི་སྨན་དང་ཆང་རག་སྔོན་འགོག་གི་གོ་རྟོགས་སྤེལ་བའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་འགོ་ཚུགས་ཡོད་ཅིང་། ངན་ལོབས་གཙང་སེལ་གྱི་ལས་འགུལ་འདི་རྒྱ་གར་གྱི་བོད་པའི་སློབ་གྲྭ་ཁག་དང་མཐོ་སློབ་མང་ཆེ་བར་སྤེལ་བཞིན་ཡོད་པ་མ་ཟད། ད་སྔ་བཞུགས་སྒར་རྡ་རམ་ས་ལ་ཁུལ་གྱི་སློབ་གྲྭ་མང་ཆེ་བར་གོ་རྟོགས་སྤེལ་བའི་ལས་འགུལ་འདི་སྤེལ་ཟིན་འདུག...more27minPlay
April 07, 2018ཁ་བྲལ་ལ་གདོང་ལེན་བྱས་པའི་མཇུག་འབྲས། - ཟླ་བ་བཞི་པ། ༠༨, ༢༠༡༨ཉེ་དུས་བོད་ཀྱི་ནག་ཆུ་རྫོང་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱིས་དོན་ཚན་༢༣་ཅན་གྱི་ཡིག་ཆ་ནག་ཚོགས་ངན་ཤུགས་གཙང་སེལ་ཞེས་པ་ཞིག་མི་དམངས་ལ་ཁྱབ་བསྒྲགས་བྱས་ཏེ། ས་གནས་དེར་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་དང་བཙན་བྱོལ་བོད་མི་ཚོར་འབྲེལ་མཐུད་བྱེད་མཁན་ཡོད་ན་མི་དེ་ཐེར་འདོན་དང་རྩིས་སྤྲོད་བྱ་དགོས་ཞེས་ནན་སྐུལ་བྱས་ཡོད་ཅིང་། གལ་སྲིད་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་རྣམས་རྩིས་སྤྲོད་བྱས་པ་ན་མི་དེར་སྲིད་གཞུང་གིས་དངུལ་སྒོར་བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་པའི་གནས་ཚུལ་ཡོད་རེད།...more28minPlay
March 30, 2018འབུམ་རམས་པའི་ལག་འཁྱེར་དང་ཉམས་ཞིབ་སློབ་སྦྱོང་། - ཟླ་བ་གསུམ་པ། ༣༡, ༢༠༡༨ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩ་ཁང་གི་རྒྱ་གར་ཚན་པའི་ལས་ཁུངས་སུ་འགན་འཛིན་གཞོན་པའི་ཕྱག་ལས་གནང་མྱོང་མཁན་ཚེ་དབང་རིག་འཛིན་ལགས་ཀྱིས་ཨ་རིའི་གཙུག་ལག་སློབ་གྲགས་ཆེན་གཉིས་ལ་འབུམ་རམས་པའི་ཉམས་ཞིབ་སློབ་སྦྱོང་བྱ་རྒྱུའི་སྙན་ཞུ་ཕུལ་ཏེ། ཁོང་ལ་གཙུག་ལག་སློབ་གྲྭ་གཉིས་ཀྱིས་སློབ་འཇུག་བྱ་རྒྱུའི་ཁས་ལེན་ཐོབ་ཅིང་། མཐར་ཚེ་དབང་རིག་འཛིན་ལགས་ཀྱིས་ཨ་རིའི་ཀོ་ལིམ་བྷི་ཡ་གཙུག་ལག་སློབ་གྲྭར་འབུམ་རམས་པའི་ཉམས་ཞིབ་ཀྱི་སློབ་གཉེར་བྱ་རྒྱུའི་ཐག་བཅད་འདུག...more25minPlay
March 25, 2018བྱིས་པའི་སློབ་གསོ་དང་སྐྱེད་སྲིང་། - ཟླ་བ་གསུམ་པ། ༢༦, ༢༠༡༨འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་ཆུང་བྱིས་པ་རྣམས་སྐྱེད་སྲིང་བྱེད་སྟངས་ཀྱི་ཐབས་ལམ་དང། དེ་བཞིན་བྱིས་པ་ཚོས་ཆུང་དུས་ནས་དཔེ་དེབ་ལྗགས་ཀློག་ལ་དོ་སྣང་དང་སྤྲོ་དབྱིངས་ཞུགས་པར་ལས་དོན་གང་འཚམ་སྤེལ་བཞིན་ཡོད་ཅིང་། ཐེངས་འདིར་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འགན་འཛིན་བུ་དྷ་སྐྱབས་ལ་ཤེས་ཡོན་ལྟེ་གནས་ཁང་དེས་བྱིས་པའི་ཤེས་ཡོན་གནས་ཚད་གོང་མཐོར་གཏོང་ཐབས་སུ་ཕྱག་ལས་ཅི་ཞིག་སྒྲུབ་བཞིན་ཡོད་མེད་དང་། བྱིས་པ་སྐྱེད་སྲིང་གི་ཐབས་ལམ་གསར་པ་ཅི་ཡོད་སོགས་...more29minPlay
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.