Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚ... more
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.
August 18, 2018བོད་ནང་གི་མི་རིགས་དབྱེ་འབྱེད་ཀྱི་གནས་སྟངས་ལ་རྒྱ་ནག་གི་ལན་འདེབས། - ཟླ་བ་བརྒྱད་པ། ༡༩, ༢༠༡༨སུད་སི་ཡི་གྲོང་ཁྱེར་ཇི་ནི་ཝ་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཆུང་གིས་ཉེ་ཆར་རྒྱ་ནག་ནང་གི་མི་རིགས་དབྱེ་འབྱེད་ཀྱི་གནས་སྟངས་ལ་བསྐྱར་ཞིབ་གནང་བའི་སྐབས་སུ། བོད་ནང་གི་མི་རིགས་དབྱེ་འབྱེད་ཀྱི་གནས་སྟངས་དང་སྲིད་བྱུས་ཁག་གི་ཐད་ལ་གླེང་སློང་ཤུགས་ཆེ་བྱུང་འདུག ཐེངས་འདིའི་ལས་རིམ་ནང་འབྲེལ་ཡོད་མི་སྣ་གཉིས་དང་མཉམ་དུ་བསྐྱར་ཞིབ་ཚོགས་འདུའི་སྟེང་རྒྱལ་ཚོགས་ཀྱི་མཁས་པ་དང་དཔོན་རིགས་ཚོས་བོད་ནང་གི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ག་རེའི་ཐད་...more25minPlay
August 12, 2018བཙན་བྱོལ་བོད་མིའི་དྲ་རྒྱར་གནོད་འཚེ་བཏང་བའི་སྙན་ཐོའི་ནང་དོན་དང་གལ་གནད་གླེང་བ། - ཟླ་བ་བརྒྱད་པ། ༡༣, ༢༠༡༨བོད་དོན་ལས་འགུལ་ལྟེ་གནས་ཁང་གི་དྲ་རྒྱའི་བདེ་འཇགས་ཉམས་ཞིབ་པ་བློ་བཟང་རྒྱ་མཚོ་ལགས་ལ་སྙན་ཐོ་འདིའི་ནང་ལ་ཞིབ་འཇུག་གི་སྒྲུབ་ཐོ་གསར་བ་ག་རེ་འཁོད་ཡོད་པ་དང་། དྲ་རྒྱའི་བདེ་འཇགས་སྤྱིའི་སྐོར་ལ་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།...more23minPlay
August 04, 2018བོད་ཀྱི་ཁོར་ཡུག་ཐད་རྒྱ་གཞུང་གིས་རྒྱབ་ཤ་དཀར་པོ་བཏོན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ལན་འདེབས། - ཟླ་བ་བརྒྱད་པ། ༠༥, ༢༠༡༨གཟའ་འཁོར་འདིའི་བགྲོ་གླེང་མདུན་ཅོག་ལས་རིམ་ནང་། བོད་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་དང་མཉམ་དུ་བོད་ཀྱི་ཁོར་ཡུག་ཐད་ཀྱི་རྒྱབ་ཤ་དཀར་པོའི་སྐོར་དང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་ཡིག་ཆ་འདིའི་ཐད་ལན་འདེབས་གནང་བའི་སྐོར་གླེང་སློང་བྱས་ཡོད།།...more23minPlay
July 21, 2018བྱང་ཨ་རིའི་བོད་ཕྲུག་ཚོར་དབྱར་སྦྱོང་། - ཟླ་བ་བདུན་པ། ༢༢, ༢༠༡༨གཟའ་འཁོར་འདིའི་ལས་རིམ་ལ་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བློ་བཟང་སྙན་གྲགས་དང་ཨ་རིའི་བྱང་ཀེ་ལི་ཧྥོ་ཎི་ཡའི་བོད་ཕྲུག་ཚོའི་དབྱར་སྦྱོང་ལས་འཆར་གྱི་འགན་ཁུར་པ་བྱམས་པ་ལྷ་དབང་། དེ་བཞིན་ཨ་རིའི་ཆི་ཁ་སྒོ་གྲོང་ཁྱེར་གྱི་དབྱར་སྦྱོང་ལས་འཆར་གྱི་དགེ་རྒན་ཤེས་རབ་རྒྱ་མཚོ་བཅས་འབྲེལ་ཡོད་ལས་སྣེ་གསུམ་ལ་དབྱར་སྦྱོང་ལས་འཆར་འདིའི་དམིགས་ཡུལ་དང་ཕན་ཐོགས་སོགས་ལ་བཀའ་མོལ་ཞུ་ཡི་ཡོད།།...more23minPlay
July 07, 2018༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་འབྲེལ་བའི་དམིགས་བསལ་ལས་རིམ། - ཟླ་བ་བདུན་པ། ༠༧, ༢༠༡༨བོད་མི་གཙོ་བོར་འགྱུར་བའི་ཧི་མ་ལ་ཡའི་དད་ལྡན་མང་ཚོགས་དང། ནང་ཆོས་སློབ་གཉེར་གནང་མཁན་འཛམ་གླིང་ས་ཕྱོགས་ཁག་གི་དད་ལྡན་པ། དེ་བཞིན་༧གོང་ས་མཆོག་ལ་དད་གུས་དང་བསྔགས་བརྗོད། རྗེས་སུ་ཡི་རངས་ཞུ་མཁན་མི་དམངས་ཚོས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་རྣམ་པ་འདྲ་མིན་ཐོག་ནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པས། ད་རིང་གི་དམིགས་བསལ་ལས་རིམ་འདིིིའི་ནང་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཕྱོགས་དང་།...more23minPlay
July 01, 2018བོད་པ་ཁ་ཆེ་ཚོའི་གནས་སྟངས་དང་མ་འོངས་པའི་མདུན་ལམ། - ཟླ་བ་བདུན་པ། ༠༢, ༢༠༡༨རྒྱ་གར་རྒྱལ་ས་ལྡི་ལིར་གནས་འཁོད་པའི་པར་པ་སྐལ་བཟང་འཇིགས་མེད་ཀྱིས་ལྷ་སའི་ཁ་ཆེ་འཇིགས་ཟིན་པའི་སྤྱི་ཚོགས་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོས་ཏེ་རྒྱ་གར་དུ་གཞིས་ཆགས་ཡོད་པའི་བོད་པ་ཁ་ཆེ་ཚོའི་གནས་སྟངས་དང་ལོ་རྒྱུས། མ་འོངས་པའི་ཕུགས་བསམ་བཅས་པ་བརྙན་འཕྲིན་ཐོག་ཏུ་ཕབ་ལེན་གནང་ཡོད་ཅིང་། གློག་བརྙན་དེ་ཟླ་བ་འདིའི་ཕྱི་ཚེས་༡་ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོམ་སྟོན་ཁང་དུ་ཐེངས་དང་པོར་བསྟན་འདུག...more22minPlay
June 22, 2018ཀེ་ན་ཊའི་གྲོས་ཚོགས་སུ་བོད་ཕྲུག་ན་གཞོན་གསུམ་གྱི་ལས་སྦྱོང་། - ཟླ་བ་དྲུག་པ། ༢༣, ༢༠༡༨ཀེ་ན་ཊའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཚོགས་པས་ལོ་ལྟར་དབྱར་ཁའི་དུས་སུ་ཀེ་ན་ཊའི་ནང་གནས་འཁོད་བོད་ཕྲུག་ན་གཞོན་ཁག་གཅིག་ལ་ཡུལ་དེའི་གྲོས་ཚོགས་ནང་གཟའ་འཁོར་བདུན་ཙམ་གྱི་རིང་ལས་སྦྱོང་བྱ་རྒྱུའི་གོ་སྐབས་གནང་བཞིན་པ་ལྟར། ད་ལོར་བོད་ཕྲུག་ན་གཞོན་དྲུག་གིས་གྲོས་ཚོགས་སུ་ལས་སྦྱོང་བྱས་ཡོད།...more24minPlay
June 16, 2018རྒྱ་ནག་གི་ཆབ་སྲིད་ཀྱི་སློབ་གསོའི་གདུག་རྩུབ། - ཟླ་བ་དྲུག་པ། ༡༧, ༢༠༡༨ཉེ་དུས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ལ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་སློབ་གསོ་སྤེལ་སྟངས་ཅི་འདྲ་ཡོད་པ་དང་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཕྱོགས། ཆབ་སྲིད་ཀྱི་སློབ་གསོའི་རྒྱུད་རིམ་ཁྲོད་དུ་བོད་པ་ཚོར་སྡུག་སྦྱོང་མནར་གཅོད་གང་འདྲ་གཏོང་གི་ཡོད་པའི་གནས་ཚུལ་བརྒྱུད་རྣམས་བསྒྲགས་བྱས་ཡོད་ཅིང་།...more23minPlay
June 08, 2018རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢་པའི་རྒྱུགས་སྤྲོད་གྲུབ་འབྲས། - ཟླ་བ་དྲུག་པ། ༠༩, ༢༠༡༨༢༠༡༨་ལོའི་རྒྱ་གར་རྒྱལ་ཡོངས་འཛིམ་རིམ་༡༢་པའི་རྒྱུགས་སྤྲོད་ཆེན་མོར་བྷེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་བསྟན་འཛིན་སྟོབས་ལྡན་ལ་ཨང་གྲངས་བརྒྱ་ཆ་༩༤་དང་གྲངས་ཆུང་༢་ཐོབ་སྟེ་ཚོང་དོན་རིག་པའི་སློབ་ཕྲུག་ཡོངས་ཀྱི་རྩེད་ཕུད་བྱུང་ཡོད་ཅིང་། མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་མཁས་མཆོག་དབང་མོ་ལ་ཨང་གྲངས་བརྒྱ་ཆ་༩༢་ཐོབ་ནས་སྒྱུ་རྩལ་རིག་པའི་སློབ་ཕྲུག་ཡོངས་ཀྱི་ཨང་རིམ་དང་པོར་སོན།...more21minPlay
June 02, 2018ཕྱི་རྩོམ་བོད་འགྱུར་མ་བརྒྱ་རྩ་བརྒྱད། - ཟླ་བ་དྲུག་པ། ༠༣, ༢༠༡༨ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ལ་རྩེ་དཔེ་མཛོད་ཁང་གིས་ཕྱིའི་སྐད་ཡིག་གི་གྲགས་རྩོམ་༡༠༨་བོད་ཡིག་ལ་བསྒྱུར་རྒྱུའི་ལས་གཞི་མགོ་བརྩམས་ཏེ། ད་ཆ་དཔེ་དེབ་ཁག་ཅིག་དངོས་སུ་བསྒྱུར་ཟིན་པར་མ་ཟད། ད་དུང་དཔེ་དེབ་མང་པོ་ཞིག་བོད་ཡིག་ལ་སྒྱུར་བཞིན་ཡོད་ཅིང་། དེ་རིང་གི་ལས་རིམ་འདིར་ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་དང་ཕྱི་རྩོམ་བོད་འགྱུར་ལས་འཆར་གྱི་འགན་འཛིན་པདྨ་འབུམ་ལ་ཕྱིའི་སྐད་ཡིག་ཏུ་ཡོད་པའི་བརྩམས་ཆོས་རིགས་གང་འདྲ་ཞིག་བོད་ཡིག་ལ་སྒྱུར་བྱེད་ཀྱི་ཡོད་མེད་དང་།...more23minPlay
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.