Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚ... more
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.
January 19, 2019བོད་ཕྲུག་ཚོར་སློབ་ཡོན་རོགས་རམ། - ཟླ་བ་དང་པོ། ༢༠, ༢༠༡༩༄༅།། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་གནས་འཁོད་མ་རུ་རི་བོད་ཁྱིམ་གྱི་སློབ་ཕྲུག་ཟུར་པ་ཁག་ཅིག་གཙོས་ཝ་ཤིང་ཊོན་མངའ་ཁུལ་གྱི་བོད་པ་ཚོས་རྒྱ་གར་བྱང་ཕྱོགས་སུ་ཆགས་པའི་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཁག་ཅིག་ལ་སློབ་ཡོན་རོགས་རམ་གྱི་ལས་གཞི་ཞིག་གཉེར་འགོ་བཙུགས་ནས་ལོ་དྲུག་ཙམ་འགྲོ་བཞིན་ཡོད་ཅིང་། ལས་གཞི་དེའི་ཁོངས་སུ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་༢༥་ཙམ་ལ་སློབ་ཡོན་རོགས་རམ་སྤྲོད་ཀྱི་ཡོད་རེད།། འབྲེལ་ཡོད་ལས་སྣེ་བཀྲ་ཤིས་དབང་ཕྱུག་ལགས་སུ་གླེང་མོལ་ཞུ་ཡིན་ཡིན།།...more23minPlay
January 12, 2019རྒྱ་གར་གྲོས་ཚོགས་སུ་འབོད་ལས་འགུལ། - ཟླ་བ་དང་པོ། ༡༢, ༢༠༡༩གཟའ་འཁོར་འདིའི་ལས་རིམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཡེ་ཤེས་ཕུན་ཚོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཚོར་མཇལ་འཕྲད་གནང་དགོས་དོན་དང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་གང་འདྲ་བྱུང་ཡོད་པའི་ཐད་དུ་བཀའ་མོལ་ཞུ་ཡི་ཡིན།།...more23minPlay
January 05, 2019ནན་སི་ཕེ་ལོ་སི། བོད་དོན་དང་བུད་མེད། - ཟླ་བ་དང་པོ། ༠༥, ༢༠༡༩གཟའ་འཁོར་འདིའི་ལས་རིམ་ལ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་སྒྲུབ་ཚེ་རིང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་། དེ་བཞིན་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་པ་ཚེ་བརྟན་ཆོས་སྒྲོན་བཅས་ལ་ནན་སི་ཕེ་ལོ་སི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་འདེམས་ཐོན་བྱུང་བའི་དོན་སྙིང་དང་བོད་དོན། བུད་མེད་ཀྱི་གནས་བབ་ཡར་རྒྱས་གཏོང་ཐབས་བཅས་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་རྒྱུ་ཡིན་མིན་སོགས་ལ་གླེང་མོལ་ཞུ་ཡི་ཡིན།།...more24minPlay
December 30, 2018བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གློ་ནད་བཅོས་ཐབས། - ཟླ་བ་བཅུ་གཉིས། ༣༠, ༢༠༡༨གཟའ་འཁོར་འདིའི་ལས་རིམ་ལ་བདེ་ལེགས་སྨན་ཁང་གི་གློད་ནད་སྡེ་ཚན་གྱི་འགན་འཛིན་སྨན་པ་བསོད་ནམས་སྟོབས་རྒྱལ་དང་རྒྱ་གར་ལྷོ་ཕྱོགས་ཀྱི་དགའ་ལྡན་བྱང་བརྩེ་གྲྭ་ཚང་གི་སྨན་པ་དོན་གྲུབ་བཀྲ་ཤིས་གཉིས་ལ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་གློ་ནད་ཁྱབ་གདལ་རྒྱ་ཆེ་ཆུང་ཅི་ཙམ་ཡོད་མེད། ནད་གཞི་དེར་སྔོན་འགོག་གྱི་ཐབས་ལམ་ཅི་ཡོད་སོགས་ལ་གླེང་མོལ་ཞུས་ཡོད།།...more24minPlay
December 22, 2018བོད་ཕྲུག་ཚོར་གློ་ནད་འགོས་དོན། - ཟླ་བ་བཅུ་གཉིས། ༢༢, ༢༠༡༨ཨ་མི་རི་ཀའི་ཇཱོན་ཧོབ་ཀིན་སི་གཙུག་ལག་སློབ་གྲྭ་དང་ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭ་གཉིས་ཟུང་འབྲེལ་གྱིས་ཕྱི་ལོ་༢༠༡༧་ལོའི་ཟླ་བ་༤་པ་ནས་༢༠༡༨ ལོའི་ཟླ་བ་༣་པའི་བར་དུ་རྒྱ་གར་གྱི་བོད་པ་བཙན་བྱོལ་བའི་སློབ་གྲྭ་ཁག་ལ་ཞིབ་འཇུག་བྱས་ནས་བོད་ཕྲུག་༥༠༠༠་ལྷག་དང་ལས་བྱེད་པ་༩༠༠་མ་ཟིན་ཙམ་ལ་གློ་ནད་འགོས་ཁྱབ་བྱུང་ཡོད་མེད་ཞིབ་འཇུག་བྱས་འདུག ཉེ་དུས་ཞིབ་འཇུག་ལས་འཆར་དེའི་རྙེད་དོན་ཁག་རྒྱལ་སྤྱིའི་འགོས་ནད་དུས་དེབ་གྲགས་ཅན་ཞིག་གི་ནང་དུ་བཀོད། སྨན་པ་དཀོན་མཆོག་ལ་གླེང་མོལ་ཞུས་ཡོད།།...more21minPlay
December 16, 2018བོད་ལ་འགྲོ་སྐྱོད་འདྲ་མཉམ་གྱི་ཁྲིམས་འཆར་དེའི་གནད་འགག - ཟླ་བ་བཅུ་གཉིས། ༡༦, ༢༠༡༨གཟའ་འཁོར་འདིའི་ལས་རིམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་སྒྲུབ་ཚེ་རིང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དམིགས་བསམ་ལས་འཆར་འགན་འཛིན་བསྟན་ཆོས་རྒྱ་མཚོ་རྣམ་གཉིས་ལ་ཨ་རིའི་གྲོས་ཚོགས་ཀྱིས་ཁྲིམས་འཆར་དེ་གཏན་འབེབས་བྱུང་བ་དེའི་གལ་གནད་སོགས་ལ་གླེང་མོལ་ཞུ་ཡི་ཡིན།།...more21minPlay
December 08, 2018བོད་དོན་འཐབ་རྩོད་དང་ལས་འགུལ་གྱི་ཁ་ཕྱོགས། - ཟླ་བ་བཅུ་གཉིས། ༠༩, ༢༠༡༨ད་ལྟའི་བོད་དོན་འཐབ་རྩོད་དང་ལས་འགུལ་ཁག་གི་ནུས་པ་ཉམས་ཀྱི་ཡོད་པ་ཡིན་ནམ། ཡང་ན་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་དེའི་ཁ་ཕྱོགས་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་ཡིན་མིན། དེ་བཞིན་དུ་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་ཐབས་ལ་ཐབས་ལམ་ཅི་ཞིག་ཡོད་མེད་སོགས་ལ་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ལམ་བཟང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་རྣམས་གཉིས་ལ་གླེང་མོལ་ཞུ་ཡི་ཡིན།།...more23minPlay
December 03, 2018རྒྱ་གཞུང་གིས་བོད་མི་བཙན་སྤོར་བྱེད་བཞིན་པའི་ལས་འཆར། - ཟླ་བ་བཅུ་གཉིས། ༠༣, ༢༠༡༨བོད་ཀྱི་མདོ་ཁམས་གོ་འཇོ་དང་སྨར་ཁམས་ཁུལ་གྱི་བོད་མང་པོ་ཞིག་བོད་ཀྱི་རྒྱལ་ས་ལྷ་ས་དང་ཆབ་མདོ། གཞི་ཀ་རྩེ་དང་ལྷོ་ཁ། ཉིང་ཁྲི་བཅས་ལ་བཙན་སྤོར་བྱེད་དུ་འཇུག་གི་ཡོད་ཅིང་། ད་ལོའི་ལོ་གསར་རྗེས་སུ་ཁམས་ཁུལ་གྱི་བོད་པ་ཚོ་མུ་མཐུད་དུ་དབུས་ཁུལ་ལ་གནས་སྤོར་བྱ་དགོས་པའི་འཆར་གཞི་ཡོད་པའི་སྐོར།...more19minPlay
November 23, 2018བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཏམ་བཤད་ལས་འགུལ། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༡༨བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཁག་ཅིག་ཨ་མི་རི་ཀ་དང་ཁེ་ན་ཌ། དེ་བཞིན་ཨོ་གླིང་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་ཁག་ལ་ཕེབས་ནས་གཏམ་བཤད་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ཅིང་། གཞོན་བུའི་རྒྱུན་ལས་ཚེ་དབང་སྒྲོལ་མ་དང་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས་ཨོ་གླིང་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་གནས་འཁོད་བོད་པ་དང་གཞོན་ནུའི་ཡན་ལག་སྒྲིག་འཛུགས་ཁག་གི་འཐུས་མི་ཚོར་ཐུག་འཕྲད་གནང་སྟེ་བོད་དོན་དྲིལ་བསྒྲགས་བྱེད་བཞིན་ཡོད་པར་མ་ཟད།...more25minPlay
November 17, 2018སྲིད་སྐྱོང་ཝ་ཤིང་ཊོན་ལ་ཕེབས་དོན་དང་དེའི་གནད་འགག - ཟླ་བ་བཅུ་གཅིག་པ། ༡༨, ༢༠༡༨༡༣་ནས་༡༥་བར་དུ་ཉི་མ་གསུམ་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་ཏེ་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་འཐུས་མི་ཁག་དང་སྲིད་གཞུང་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་པ་རེད། ལས་རིམ་ལ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་སྒྲུབ་ཚེ་རིང་དང་སྐུ་ཚབ་དོན་གཅོད་ལས་ཁང་གི་ལས་བྱེད་པ་བསྟན་འཛིན་དཔལ་སྐྱིད་གཉིས་ལ་ཐེངས་འདིར་སྲིད་སྐྱོང་ཝ་ཤིང་ཊོན་ཕེབས་དོན་དང་དེའི་གལ་གནད་བཅས་ལ་གླེང་མོལ་ཞུ་ཡི་ཡིན།།...more22minPlay
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.