Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚ... more
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.
March 18, 2018ལོ་ངོ་༥༩སྔོན་་༧གོང་ས་མཆོག་རྒྱལ་ས་ལྷ་ས་ནས་རྒྱ་གར་ཕྱོགས་ལ་བཙན་བྱོལ་དུ་ཕེབས་དགོས་བྱུག་བར་ཕྱིར་དྲན། - ཟླ་བ་གསུམ་པ། ༡༩, ༢༠༡༨སྤྱི་ལོ་༡༩༥༩ ལོའི་ཟླ་༣ཚེས་༡༧ ཉིན་༧གོང་ས་མཆོག་ནས་དབུས་པའི་སྐུ་འཁོར་རྣམས་པ་ནོར་གླིང་ཕོ་བྲང་ནས་རྒྱ་གར་ཕྱོགས་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པས། ཟླ་བ་འདིའི་ཚེས་༡༧ ཉིན་༧གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་ལ་བཙན་བྱོལ་ལ་ཕེབས་ཏེ་ལོ་ངོ་༥༩ འཁོར་བཞིན་ཡོད་རེད། ༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་ལས་འགུལ་སྐབས་སུ་ནོར་གླིང་ཕོ་བྲང་ནང་ལ་ཡོད་པའི་མི་སྣ་ཞིག་ལ་སྐབས་དེའི་གནས་ཚུལ་ཀྱི་བྱུང་རིམ་སྐོར་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།...more25minPlay
March 10, 2018ཡོ་རོབ་ཁུལ་གྱི་བོད་མི་ཐུན་མོང་གིས་གྲོང་ཁྱེར་ཇེ་ནི་ཝའི་ནང་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཡོད་པ། - ཟླ་བ་གསུམ་པ། ༡༡, ༢༠༡༨ཡོ་རོབ་ཁུལ་གྱི་བོད་མི་ཚོ་ཐུན་མོང་གིས་སུད་སི་ཡི་གྲོང་ཁྱེར་ཇེ་ནི་ཝའི་ནང་ལ་༢༠༡༨ ལོའི་བོད་མིའི་རང་དབང་སྒེར་ལངས་ཆེན་མོ་གསུམ་བཅུའི་དུས་དྲན་ཐེངས་༥༩ སྲུང་བརྩི་གནང་ཡོད་པ་རེད། ཡོ་རོབ་གྱི་ལས་འགུལ་ཆེན་མོ་འདིར་ཡོ་རོབ་མངའ་ཁུལ་གྱི་ས་གནས་གང་ས་ནས་བོད་མི་ཁྱོན་བཞི་སྟོང་ལྔ་བརྒྱ་ཙམ་གྱིས་མཉམ་ཞུགས་གནང་ཡོད་པས། ལས་འགུལ་འདིའི་སྐོར་ལ་འབྲེལ་ཡོད་མི་སྣ་བཞི་དང་ལྷན་དུ་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།...more19minPlay
March 03, 2018བོད་པའི་སྨན་ཞབས་མཐུན་ཚོགས་ཀྱི་ལས་འགུལ། - ཟླ་བ་གསུམ་པ། ༠༤, ༢༠༡༨ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དང་མེ་ནི་སོ་ཊ་མངའ་སྡེའི་བོད་པ་སྨན་ཞབས་པའི་མཐུན་ཚོགས་ཀྱིས་རང་རང་གི་ས་གནས་སོ་སོའི་བོད་པ་ཚོར་འཕྲོད་བསྟེན་དང་འབྲེལ་བའི་གོ་རྟོགས་མཐོ་རུ་གཏོང་བའི་ལས་འགུལ་སྤེལ་བཞིན་ཡོད་ཅིང་། དེ་བཞིན་སྨན་ཞབས་སྦྱང་འདོད་ཡོད་མཁན་དང་སྨན་ཞབས་ཀྱི་སློབ་སྦྱོང་བྱེད་བཞིན་པའི་བོད་པ་ན་གཞོན་གཞན་ཚོར་ལམ་སྟོན་བྱ་རྒྱུའི་མཚོན་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣང་མང་ཞིག་སྤེལ་བཞིན་ཡོད་པའི་སྐོར། སྨན་ཞབས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་འབྲེལ་མཐུད་པ་གཉིས་ལ་བཀའ་མོལ་ཞུ་ཡི་རེད།།...more24minPlay
February 24, 2018སུད་སིའི་གྲོང་ཁྱེར་ཇེ་ནི་ཝའི་ནང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་ཞུ་སྐུལ་ལས་འགུལ་སྤེལ་བའི་དོན་སྙིང་། - ཟླ་བ་གཉིས་པ། ༢༥, ༢༠༡༨འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་༣༧ པ་དེ་སྐོང་ཚོགས་མ་བྱེད་གོང་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ནས་གྲོང་ཁྱེར་ཇེ་ནི་ཝའི་ནང་གཟའ་འཁོར་གཅིག་ཙམ་གྱི་རིང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་ཡོད་ཀྱི་དཔོན་རིགས་མང་པོ་ཞིག་མཇལ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་བའི་དོན་ཚན་ལྔ་ཡི་གནད་དོན་ཐད་བཀའ་མོས་ཞུས་ཡོད།...more26minPlay
February 17, 2018བོད་ཀྱི་རྣམ་ཐར་གཏོང་སྲོལ་གྱི་སྲོལ་རྒྱུན་དང་ལོ་རྒྱུས། - ཟླ་བ་གཉིས་པ། ༡༧, ༢༠༡༨༄༅། གཟའ་འཁོར་འདིའི་ལས་རིམ་ནང་བྷེ་ལེ་ཀོ་པི་བོད་ཀྱི་ལྷ་མོའི་ཚོགས་པ་གསར་འཛུགས་གནང་མཁན་གྲས་དང་། བཙན་བྱོལ་ནང་གི་བོད་མི་ན་གཞོན་མང་པོར་རྣམ་ཐར་ངོ་སྤྲོད་དང་སློབ་ཁྲིད་གནང་མྱོང་མཁན་ཀུན་བདེ་གླེང་ཐུབ་བསྟན་ལ...more26minPlay
February 10, 2018བྱང་ཨ་རིའི་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་དོན་འཆར་གཞི། - ཟླ་བ་གཉིས་པ། ༡༡, ༢༠༡༨...more28minPlay
February 03, 2018ཁེ་ན་ཌའི་གྲོས་ཚོགས་སུ་ཐོབ་པའི་ལས་སྦྱོང་ཉམས་མྱོང་།། - ཟླ་བ་གཉིས་པ། ༠༣, ༢༠༡༨ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་པ་ཚོས་རྒྱལ་ཁབ་དེའི་སྤྱི་དམངས་བོད་ཕྲུག་ན་གཞོན་ཚོར་གྲོས་ཚོགས་སུ་ལས་སྦྱོང་གི་གོ་སྐབས་སྤྲོད་ཀྱི་ཡོད་པ་དང་ལས་འཆར་འདི་འགོ་ཚུགས་ནས་ལོ་ཤས་ཤིག་འགྲོ་བཞིན་ཡོད་ཅིང་། ད་བར་ལས་འཆར་འདིའི་ཁོངས་སུ་ཁེ་ན་ཌའི་བོད་ཕྲུག་ན་གཞོན་༧༠་ཙམ་ལ་གྲོས་ཚོགས་སུ་ལས་སྦྱོང་གི་ཉམས་མྱོང་གསག་རྒྱུའི་གོ་སྐབས་ཐོབ་ཡོད་པས། ད་རིང་གི་ལས་རིམ་ནང་དུ་འབྲེལ་ཡོད་མི་སྣ་གསུམ་ལ་ལས་འཆར་དེའི་དགེ་མཚན་སོགས་ལ་བཀའ་མོལ་ཞུ་ཡི་ཡོད།།...more30minPlay
January 20, 2018རྒྱ་གར་དུ་གསུང་ཆོས་ཞུ་བར་ཡོང་མཁན་བོད་མི་རྣམས་ཕྱིར་ལོག་དགོས་པ་རྒྱ་ནག་གཞུང་གིས་བཙན་བཀའ་བཏང་བ། - ཟླ་བ་དང་པོ། ༢༡, ༢༠༡༨རྒྱ་གར་ལ་གནས་མཇལ་དང་གསུང་ཆོས། གཉེན་འཕྲད་ལ་ཡོང་བའི་བོད་མི་ཚོ་རང་ཡུལ་བོད་ལ་གང་མགྱོགས་ཕྱིར་ལོག་དགོས་པ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་བཞིན་ཡོད་པ་དང་། གནས་མཇལ་བ་འགའ་ཤས་ཀྱང་རང་ཡུལ་བོད་ལ་ཕྱིར་ལོག་བྱེད་བཞིན་ཡོད་པའི་སྐོར་རིག་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་རོགས་གནང་།...more25minPlay
January 13, 2018བཀྲིས་དབང་ཕྱུག་ལགས་ཀྱི་བོད་ཀྱི་སྐད་ཡིག་ཐད་བཅངས་པའི་བརྩེ་སེམས་དང་འཐབ་རྩོད། - ཟླ་བ་དང་པོ། ༡༣, ༢༠༡༨ལས་རིམ་འདིའི་ནང་ལ་བོད་གནད་ཉམས་ཞིབ་པ་གཉིས་ཀྱི་མཉམ་དུ་རྒྱ་ནག་དམར་ཤོག་གཞུང་གིས་བཀྲིས་དབང་ཕྱུག་ལགས་ལ་ཉེས་བཙུགས་བྱས་པ་དེ་རྒྱ་ནག་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ནས་དྲང་བདེན་ཁྲིམས་མཐུན་ཡིན་མིན་དང། ད་ལྟའི་ཆར་བོད་ཀྱི་སྐད་ཡིག་ལ་དཀའ་ངལ་གཙོ་བོ་ག་རེ་འཕྲད་བཞིན་ཡོད་པའི་ཐད་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།...more27minPlay
January 06, 2018རྡོ་རྗེ་གདན་གྱི་དང་བླངས་སྲི་ཞུ་དང་སྲི་ཞུ་བ་བཞིའི་ཉམས་མྱོང་། - ཟླ་བ་དང་པོ། ༠༦, ༢༠༡༨༧གོང་ས་མཆོག་གིས་རྒྱ་གར་རྡོ་རྗེ་གདན་དུ་དད་ལྡན་ཆོས་ཞུ་བ་སྟོང་ཚོ་མང་པོར་བཀའ་ཆོས་གནང་གི་ཡོད་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསུང་ཆོས་ཞུ་རུ་ཕེབས་པའི་དད་ལྡན་མི་མང་ལ་དང་བླངས་ཀྱིས་སྤྱི་ཚོགས་ཞབས་ཞུ་སྒྲུབ་བཞིན་ཡོད་ཅིང་། དེ་རིང་གི་ལས་རིམ་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བཀྲ་ཤིས་ལམ་བཟང་དང་དྭང་བླངས་ཞབས་ཞུ་བ་བསྟན་འཛིན་བདེ་སྐྱིད། ཀརྨ་དང་འཕྲིན་ལས་ཆོས་སྒྲོན་བཅས་མི་བཞི་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དང་བླངས་ཞབས་ཞུའི་སྐོར་བཀའ་མོལ་ཞུས་ཡོད།།...more23minPlay
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.