Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚ... more
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.
October 13, 2017ཟུར་ཟའི་རི་མོའི་སྒྱུ་རྩལ་བ་གཉིས་ཀྱི་ལོ་རྒྱུས་དང་ཟུར་ཟའི་རི་མོའི་ཁྱད་ཆོས་དང་ཤུགས་རྐྱེན། - སྤྱི་ཟླ་བཅུ་པ། ༡༤, ༢༠༡༧ད་རིང་གི་ང་ཚོའི་ལས་རིམ་ནང་ལ་དབྱིན་ཡིག་ཐོག་གི་བོད་དོན་དང་འབྲེལ་བའི་དུས་དེབ་བོད་གནས་སྐྱར་ཞིབ་ནང་ལ་ཟུར་ཟའི་རི་མོ་བྲིས་གནང་མཁན་བསྟན་རྡོར་ལགས་དང་། འཇམ་དབྱངས་ཕུན་ཚོགས་ལགས་གཉིས་མཉམ་དུ་ཟུར་ཟའི་རི་མོའི་ཁྱད་ཆོས་དང་གོ་དོན། སྤྱི་ཚོགས་ནང་ལ་ཤུགས་རྐྱེན་ཇི་ཙམ་ཡོང་གི་ཡོད་མིན། དེ་བཞིན་ཁོང་གཉིས་ཀྱིས་ཟུར་ཟའི་རི་མོར་དོ་སྣང་སླེབས་སྟངས་སོགས་ཀྱི་ཐད་ལ་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།...more33minPlay
October 07, 2017བཟི་སྨན་ལང་ལ་ཤོར་མཁན་དངསྔོན་འགོག་གི་ལས་འགུལ་བ་ཞིག་ཆགས་སྟངས་ཀྱི་ལོ་རྒྱུས། - སྤྱི་ཟླ་བཅུ་པ། ༠༧, ༢༠༡༧གཟའ་འཁོར་འདིའི་ལས་རིམ་ནང་རྒྱ་གར་ལ་ཡོད་པའི་བཟི་སྨན་ལང་ཤོར་བ་གསོ་ཐབས་ཁང་ཞིག་གི་ནང་སློབ་སྟོན་པ་རྒན་པའི་ཕྱག་ལས་གནང་བཞིན་པ་འཆི་མེད་རྡོ་རྗེ་ལགས་ཡིན། ལོ་ངོ་༡༣ ཙམ་བཟི་སྨན་དང་ཆང་རག་བེད་སྦྱོད་བྱས་པའི་དབང་གིས་ཁོང་སྒེར་ལ་དཀའ་ངལ་ག་རེ་བྱུང་ཡོད་པ་དང་། རྗེས་སུ་བཟི་སྨན་སྤངས་སྟངས། མཐར་སྤྱི་ཚོགས་ནང་ལ་བཟི་སྨན་ལང་ཤོར་བ་ཚོར་སློབ་གསོའི་ལམ་སྟོན་གནང་མཁན་དང་སྔོན་འགོག་ལས་དོན་སྤེལ་མཁན་ཞིག་གང་འདྲ་ཆགས་ཡོད་པའི་སྐོར་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།...more25minPlay
September 30, 2017བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་དོ་སྣང་བྱེད་ཕྱོགས། - སྤྱི་ཟླ་དགུ་པ། ༣༠, ༢༠༡༧...more25minPlay
September 24, 2017བོ་དོང་པན་ཆེན་མཆོག་གི་སྐུ་ཚེ་ལོ་རྒྱུས་དང་གསུང་འབུམ། - སྤྱི་ཟླ་དགུ་པ། ༢༤, ༢༠༡༧བོ་དོང་པན་ཆེན་མཆོག་ལས་རྣམ་རྒྱལ་མཆོག་ནི་རབ་བྱུང་དྲུག་པའི་ཤིང་ཡོས་༡༣༧༤ ལོར་བོད་ལྷོ་ནུབ་ཁུལ་གྱི་ས་གནས་ཡི་གེ་ཞེས་པ་དེར་སྐུ་འཁྲུངས་ཡོད་པ་དང་། ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཁྲོད་བསྟན་བཅོས་མང་ཤོས་ལྗགས་རྩོམ་གནང་མཁན་གྱི་སྐྱེ་ཆེན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། བོ་དོང་པན་ཆེན་གྱིས་གསུང་འབུམ་ཁག་ལ་ལོ་ངོ་གཉིས་ཙམ་ཞུ་སྒྲིག་གནང་མྱོང་མཁན་གེ་ན་ཡེ་ཤེས་འཇིགས་མེད་ལགས་དང་མཉམ་དུ་བོ་དོང་པན་གྱི་སྐུ་ཚེ་ལོ་རྒྱུས་དང་ཁོང་གིས་ལྗགས་རྩོམ་གནང་བའི་གསུང་འབུམ་ཁག་ཐད་...more28minPlay
September 17, 2017༧སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས། - སྤྱི་ཟླ་དགུ་པ། ༡༧, ༢༠༡༧འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧སྐྱབས་རྗེ། ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན། སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་འཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར། ལས་རིམ་འདིའི་ནང་ལ་ཀེ་ནཊའི་ནང་གི་གཡུང་དྲུང་བོན་གྱི་ཆོས་ཚོགས་ཤེས་རབ་བྱམས་མ་གླེང་གི་མཁན་པོ་དགེ་བཤེས་ཡོང་རྡོང་ལ་སྨན་རི་ཁྲི་འཛིན་གྱི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས་སྐོར།...more22minPlay
September 09, 2017སྲིད་སྐྱོང་མཆོག་གི་མེ་སི་ཀོའི་མཛད་འཆར་དང་དེའི་ཤུགས་རྐྱེན། - སྤྱི་ཟླ་དགུ་པ། ༡༠, ༢༠༡༧སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་མི་སི་ཀོའི་རྒྱལ་སར་ཆེད་ཕེབས་གནང་སྟེ་མཐོ་རིམ་སློབ་གཉེར་ཁང་ཁག་ཅིག་ལ་གསུང་བཤད་གནང་ཡོད་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་ཅིག་ལ་བོད་དོན་ངོ་སྤྲོད་སོགས་གནང་ཡོད་པས། གཟའ་འཁོར་འདིའི་ལས་རིམ་ལ་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་དང་ལྷན་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གི་མེ་སི་ཀོའི་ནང་གི་ཕྱོགས་ཕེབས་སྐོར་ལ་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།...more24minPlay
September 02, 2017བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་ཨ་མི་རི་ཀའི་མཛད་དོན། - སྤྱི་ཟླ་དགུ་པ། ༠༢, ༢༠༡༧སྲིད་སྐྱོང་མཆོག་གིས་ཨ་རིའི་ས་གནས་ཁག་གི་གནད་ཡོད་ཆབ་སྲིད་མི་སྣ་དང་མཇལ་མོལ་གནང་བ་མ་ཟད། ཨ་རིའི་གདོད་མའི་མི་རིགས་ཀྱི་སློབ་ཕྲུག་ཚོར་གཏམ་བཤད་གནང་བ་སོགས་ཀྱི་མཛད་དོན་མང་པོ་ཡོད་པས། གཟའ་འཁོར་འདིའི་ལས་རིམ་ལ་སྲིད་སྐྱོང་ཕེབས་ཡུལ་གྱི་ས་གནས་མི་འདྲ་བ་གསུམ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་འབྲེལ་ཡོད་མི་སྣའི་མཉམ་དུ་ས་གནས་དེ་ཚོའི་ནང་ལ་སྲིད་སྐྱོང་མཆོག་གི་མཛད་དོན་གལ་ཆེ་བ་ག་རེ་བྱུང་ཡོད་པའི་ཐད་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།...more22minPlay
August 27, 2017རྒྱ་གཞུང་དམར་ཤོག་ཚོགས་པས་གསེར་རྟ་བླ་རུང་སྒར་གྱི་འཛིན་སྐྱོང་དོ་དམ་པ་བསྐོ་བཞག་གི་གནད་དོན། - སྤྱི་ཟླ་བརྒྱད་པ། ༢༧, ༢༠༡༧རྒྱ་ནག་དམར་ཤོག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་འཛིན་སྐྱོང་དོ་དམ་པ་བསྐོ་བཞག་དང་ཆོས་སྒར་གྱི་གྲ་བཙུན་ཚོའི་སློབ་སྦྱོང་དང་རང་དབང་ཐད་ཤུགས་རྐྱེན་གང་འདྲ་ཡོང་སྲིད་པའི་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་དེ་སྔ་བླ་རུང་ཆོས་སྒར་ལ་སློབ་གཉེར་གནང་མྱོང་མཁན་མཁན་པོ་བསམ་གྲུབ་ལགས་གཉིས་མཉམ་དུ་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།...more27minPlay
August 20, 2017ཧོང་ཀོང་གི་མ་འོངས་པའི་དམངས་གཙོའི་མདུན་ལམ། - སྤྱི་ཟླ་བརྒྱད་པ། ༢༠, ༢༠༡༧རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་ཆབ་སྲིད་ལ་ཤུགས་རྐྱེན་བཟོ་ཡི་ཡོད་པའི་སྐོར་བློ་འཚབ་གསར་པ་ཞིག་བྱུང་བཞིན་ཡོད་པ་དང་། ད་རིང་གི་ལས་རིམ་འདིའི་ནང་ལ་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ལྷན་དུ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་འགོ་ཁྲིད་གསུམ་ལ་བཙོན་བཅུག་གི་ཁྲིམས་བཅད་བཏང་བ་དེའི་ཁྲོད་ཀྱི་ཤུགས་རྐྱེན་དང་། མ་འོངས་ཧོང་ཀོང་གི་དམངས་གཙོའི་མདུན་ལམ་སོགས་ཀྱི་ཐད་ལ་བཀའ་མོལ་...more31minPlay
August 12, 2017སྤྱི་འཐུས་སྐུ་ཚབ་ཀྱིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་མཇལ་ནས་བོད་དོན་ཞུ་སྐུལ་གནང་པ། - སྤྱི་ཟླ་བརྒྱད་པ། ༡༢, ༢༠༡༧བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་བརྒྱད་ཙམ་གྱི་གྲོས་ཚོགས་འཐུས་༡༨ ཙམ་མཇལ་འཕྲད་གནང་སྟེ། བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་མ་ཟད། ད་དུང་ཉིན་ཁ་ཤས་རིང་རྒྱ་གར་གྱི་གྲོས་ཚོགས་འཐུས་གཞན་ཁག་མཇལ་འཕྲད་གནང་སྟེ་ཞུ་སྐུལ་གྱི་ལས་འགུལ་དེ་སྤེལ་འཆར་ཡོད་པའི་སྐོར་...more27minPlay
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.