Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚ... more
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.
November 16, 2019བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྲ་སྙན་བཟོ་སྟངས། - ཟླ་བ་བཅུ་གཅིག་པ། ༡༦, ༢༠༡༩བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དེང་རབས་བོད་ཀྱི་སྒྲ་སྙན་བཟོ་ཚོང་ཁང་ཞེས་པ་ནི་བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་སྲོལ་རྒྱུན་སྒྲ་སྙན་དང་པི་ཝང་མང་ཤོས་བཟོ་མཁན་གྱི་གྲས་ཤིག་ཡིན་ཞིང་། བཟོ་ལས་ཁང་དེས་བོད་གཙོས་འཛམ་གླིང་ཡུལ་གྲུ་གང་སར་སྒྲ་སྙན་ཕྱིར་ཚོང་བྱེད་བཞིན་ཡོད་པ་རེད། གཟའ་འཁོར་འདིའི་ལས་རིམ་ལ་བཟོ་ལས་ཁང་དེ་འཛུགས་མཁན་པ་སངས་སྟོབས་རྒྱལ་ལགས་སུ་བཟོ་ལས་ཁང་དེའི་འཕེལ་རིམ་དང་སྒྲ་སྙན་བཟོ་སྟངས་ཀྱི་ལག་སྩལ་སོགས་ལ་གླེང་མོལ་ཞུས་ཡོད།...more19minPlay
November 09, 2019བོད་ཀྱི་ཞིང་འབྲོག་མི་མང་གནས་སྤོར་དང་དེའི་ཤུགས་རྐྱེན། - ཟླ་བ་བཅུ་གཅིག་པ། ༡༠, ༢༠༡༩འདས་པའི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་གྱི་རིང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་འབྲོག་ས་ཁུལ་ནས་བོད་པ་འབུམ་ཕྲག་མང་པོ་ས་གནས་གཞན་ལ་གནས་སྤོར་བྱེད་དུ་བཅུག་ཡོད་ཅིང་། དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོང་ཟེར་བའི་ལས་གཞིའི་འོག་ཏུ་བོད་ཀྱི་ཞིང་འབྲོག་མི་མང་རྣམས་ས་གནས་གཞན་ལ་གནས་སྤོར་བྱེད་དུ་འཇུག་ཡོད་ཅེས་རྒྱ་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་ཡོད་རེད། ཞིང་འབྲོག་མི་མང་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཀྱི་ཡོད་མེད་ཐད་ལ་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་མཉམ་དུ་གླེང་མོལ་...more25minPlay
November 02, 2019འབྲས་ལྗོངས་ཀྱི་བོད་པའི་འབྲོག་པའི་གནས་སྟངས། - ཟླ་བ་བཅུ་གཅིག་པ། ༠༢, ༢༠༡༩རྒྱ་གར་བྱང་ཤར་གྱི་འབྲས་ལྗོངས་སུ་བོད་པའི་འབྲོག་པའི་ཁྱིམ་ཚང་ཁག་ཅིག་ཡོད་ཅིང་། ཁོ་ཚོར་དེང་རབས་ཀྱི་མཐུན་རྐྱེན་སོགས་འདང་ངེས་མེད་པའི་དཀའ་ངལ་མང་དག་འཕྲད་བཞིན་ཡོད་ཀྱང་ད་དུང་ཡང་སྔོན་ཆད་བོད་ལ་ལོ་ངོ་སྟོང་ཕྲག་གི་རིང་དུ་རོལ་མྱོང་བའི་འབྲོག་པའི་འཚོ་བ་དེ་རོལ་བཞིན་ཡོད་རེད། འབྲས་ལྗོངས་ཀྱི་འབྲོག་པའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བའི་བོད་པ་ཞིག་ལ་འབྲོག་པའི་གནས་སྟངས་དང་དཀའ་ངལ། དེ་བཞིན་བོད་པའི་འབྲོག་པ་ཚོའི་མ་འོངས་པའི་མདུན་ལམ་སོགས་ལ་གླེང་མོལ་ཞུ་ཡི་ཡིན།...more20minPlay
October 26, 2019ལ་དྭགས་ཀྱི་བོད་པའི་འབྲོག་པའི་གནས་སྟངས། - ཟླ་བ་བཅུ་པ། ༢༧, ༢༠༡༩གཟའ་འཁོར་འདིའི་ལས་རིམ་ནང་དུ་ལ་དྭགས་ཀྱི་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་འགོར་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་གཞིས་ཆགས་ཡོད་པའི་བོད་པའི་འབྲོག་པ་ཚོའི་གནས་སྟངས་སྤྱི་དང། ལྷག་པར་དུ་འབྲོག་པ་ཚོར་འཕྲད་བཞིན་པའི་དཀའ་ངལ་གཙོ་བོ་ཅི་ཡིན། ད་ནས་ལོ་ཅི་ཙམ་ལ་འབྲོག་པའི་འཚོ་བ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན་སོགས་ལ་ལ་གླེང་མོལ་ཞུ་ཡི་ཡིན།...more25minPlay
October 20, 2019དཔའ་བོ་ཞེས་པའི་གློག་བརྙན་གྱི་སྒྲུང་དང་བཟོ་སྟངས། - ཟླ་བ་བཅུ་པ། ༢༠, ༢༠༡༩རྡ་རམ་ས་ལར་གནས་འཁོད་བོད་པའི་གློག་བརྙན་བཟོ་སྐྲུན་པ་བསོད་ནམས་ཚེ་བརྟན་ལགས་ཀྱིས་བཟོས་པའི་གློག་བརྙན་གསར་ཤོས་ནི་དཔའ་བོ་ཞེས་པ་དེ་ཡིན་ཞིང་། གློག་བརྙན་དེ་ལོ་ཤས་གོང་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རང་ལུས་མེར་སྲེག་གཏོང་མཁན་འཇམ་དཔལ་ཡེ་ཤེས་ལགས་ཀྱི་མི་ཚེའི་ལོ་རྒྱུས་ལ་གཞི་བཞག་སྟེ་བཟོས་ཡོད་རེད། གློག་བརྙན་བཟོ་སྐྲུན་པ་བསོད་ནམས་ཚེ་བརྟན་ལགས་སུ་གློག་བརྙན་དེའི་སྒྲུང་དང་འཁྲབ་སྟངས། མི་མང་གིས་གློག་བརྙན་འདིར་དགའ་མོས་གང་འདྲ་བྱེད་ཀྱི་ཡོད་མེད་སོགས་ལ་གླེང་མོལ་ཞུས་ཡོད།།...more23minPlay
October 12, 2019བལ་རྒྱ་གཉིས་ཀྱི་རྩིས་སྤྲོད་ཆིངས་ཡིག་ཕྱིར་འཐེན། - ཟླ་བ་བཅུ་པ། ༡༣, ༢༠༡༩༄༅།། ཟླ་བ་འདིའི་ཕྱི་ཚེས་༡༢་དང་༡༣་གཉིས་ལ་རྒྱ་ནག་གི་སྲིད་འཛིན་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་ཅིང་། སྐབས་དེར་ཕྱོགས་གཉིས་ཀྱིས་མི་སྣ་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་འཇོག་ཐབས་བྱས་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དགག་པ་ཤུགས་ཆེན་བརྒྱབ་ཡོད་རེད། གཟའ་ཁོར་འདིའི་ལས་རིམ་ནང་དུ་སྤྱི་འཐུས་ཚོགས་གཞོན་ཡེ་ཤེས་ཕུན་ཚོགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་རྣམ་གཉིས་གནད་དོན་དེའི་ཐད་དུ་གླེང་མོལ་ཞུས་ཡོད།...more22minPlay
October 04, 2019ཡུ་རོབ་སྐོར་སྐྱོད་ལས་འགུལ་གྱི་གྲུབ་འབྲས་དང་ཉམས་མྱོང། - ཟླ་བ་བཅུ་པ། ༠༥, ༢༠༡༩ཡུ་རོབ་སྤྱི་འཐུས་ལས་ཐོག་ཐུབ་བསྟན་དབང་ཆེན་གྱིས་ཟླ་བ་སྔོན་མའི་ཕྱི་ཚེས་༢་ནས་ཟླ་བ་རྗེས་མའི་ཕྱི་ཚེས་༨་བར་དུ་ཁྱོན་བསྡོམས་ཉིན་༦༨་ལ་ཡུ་རོབ་རྒྱལ་ཁབ་༣༠་ཡས་མས་ཤིག་ལ་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་ལས་འགུལ་ཞིག་སྤེལ་བཞིན་ཡོད་ཅིང་། ད་བར་རྒྱལ་ཁབ་༡༦་ལ་སྐོར་སྐྱོད་ཟིན་ཡོད་པ་དང་། ད་དུང་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་༡༤་ལ་ལས་འགུལ་སྤེལ་འཆར་ཡོད་རེད། གཟའ་འཁོར་འདིའི་ལས་རིམ་ལ་བོད་དོན་དྲིལ་བསྒྲགས་སྐོར་སྐྱོད་དེའི་གྲུབ་འབྲས་དང་ཉམས་མྱོང་སོགས་ལ་གླེང་མོལ་ཞུ་ཡི་ཡིན།...more23minPlay
September 16, 2019བོད་དོན་སྲིད་ཇུས་ཀྱི་ཁྲིམས་འཆར་དང་ཁྲིམས་འཆར་འདིའི་གལ་གནད་དང་ཤུགས་རྐྱེན། - ཟླ་བ་དགུ་པ། ༡༦, ༢༠༡༩ཉེ་དུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐད་ཀྱི་ཁྲིམས་འཆར་ཞིག་གཏན་འབེབས་ཡོང་ཐབས་ལ་འབད་བརྩོན་གནང་ཡོད། ལས་རིམ་འདིའི་ནང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་ཚེ་རིང་ལགས་ལྷན་དུ་ཁྲིམས་འཆར་གྱི་ནང་དོན་དང་གལ་གནད། ༢༠༠༢ ཡི་ཁྲིམས་ཡིག་དང་ཁྲིམས་འཆར་གསར་པ་འདིའི་བར་གྱི་ཁྱད་པར་སོགས་ཀྱི་ཐད་ལ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།...more23minPlay
September 10, 2019ཨོ་གླིང་དང་ཡུ་རོབ་ཀྱི་བོད་དོན་ལས་འགུལ། - ཟླ་བ་དགུ་པ། ༡༡, ༢༠༡༩བོད་ཀྱི་དགུ་བཅུ་གསུམ་ལས་ཁང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་ས་ཁུལ་གང་སར་འགྲེམ་སྟོན་གྱི་ལམ་ནས་བོད་དོན་ཁྱབ་སྤེལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ཅིང་། འདི་དང་དུས་མཚུངས་སུ་ཡུ་རོབ་རྒྱལ་ཁབ་༣༠་ཐམ་པར་བོད་མི་དམངས་སྤྱི་འཐུས་ལས་ཐོག་ཐུབ་བསྟན་དབང་ཆེན་གྱིས་བོད་དོན་ཁྱབ་སྤེལ་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་རེད།དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་རྣམ་རྒྱལ་སྒྲོལ་དཀར་དང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་རྣམ་གཉིས་ལ་བོད་དོན་ཁྱབ་སྤེལ་ལས་འགུལ་སྐོར་གླེང་མོལ་ཞུས་ཡོད།...more25minPlay
September 01, 2019རྒྱལ་སྤྱིའི་གར་སོང་ཆ་མེད་ཉིན་མོའི་གལ་གནད། - ཟླ་བ་དགུ་པ། ༠༡, ༢༠༡༩གཟའ་འཁོར་འདིའི་ལས་རིམ་ལ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བགྲེས་པ་སངས་རྒྱས་སྐྱབས་ལ་རྒྱལ་སྤྱིའི་གར་སོང་ཆ་མེད་ཉིན་མོའི་གལ་གནད་དང་བོད་པ་ཚོས་དུས་ཚིགས་འདིར་རྗེས་དྲན་བྱེད་ཕྱོགས། དེ་བཞིན་བོད་པ་གར་སོང་མེད་དུ་གྱུར་པ་ཚོའི་གནས་སྟངས་སོགས་ལ་གླེང་མོལ་ཞུས་ཡོད།...more22minPlay
FAQs about བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།:How many episodes does བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 273 episodes available.