འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

By VOANews
Download on the App Store

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། episodes

  • སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༡་ཚེས་༡། - ཟླ་བ་དང་པོ། ༠༡, ༢༠༢༡
    ༢༠༢༠་ལོར་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གི་ཉེན་ཁར་དོ་སྣང་།
    རྒྱ་གར་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་ཐུབ་མེད་པ།
    རྒྱ་ནག་གིས་མཚོ་ཐོག་དམག་དོན་རྒྱ་བསྐྱེད་བྱེད་བཞིན་པ།
    རྒྱ་གར་གྱི་ཞིང་པས་ཟ་སྣུམ་རང་ཁ་གསོ་ཐུབ་དགོས་པའི་གནད་འགག
    ཨ་ཧྥི་རི་ཀར་འགོག་ཁབ་བགོ་འགྲེམ་གྱི་ཐོབ་སྐལ་འདྲ་མཉམ་དགོས་པ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༣༡ - ཟླ་བ་བཅུ་གཉིས། ༣༡, ༢༠༢༠
    རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ནག་སེལ་གཤེད་བཅོམ་གྱི་ལས་འགུལ་སྤེལ་ནས་བོད་མི་དྲུག་ལ་ལོ་གཉིས་ནས་བཅུ་བདུན་བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ།བལ་ཡུལ་དུ་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་དང་བོད་མི་དམངས་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་སྔ་སྣུར་བྱས་ཏེ་ཟླ་འདིའི་སྤྱི་ཚེས་ཉེར་ལྔ་ནས་མགོ་འཛུགས་བྱས་ཡོད་པ། ཉེ་ཆར་དབྱིན་ཡུལ་སོགས་སུ་འགོས་ཁྱབ་འགྲོ་བཞིན་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་ཀྱི་ཉེན་ཚབས་རང་བཞིན་སོགས་ལ་བགྲོ་གླེང་བྱས་ཡོད་པ། ཨ་རིའི་གནད་འགག་ཅན་གྱི་མངའ་སྡེ་ཇོར་ཇི་ཨ་ཡི་ནང་དུ་གྲོས་ཚོགས་གོང་མའི་འཐུས་མི་གཉིས་འོས་འདེམས་བྱེད་ལ་ཉེ་བའི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༣༠ - ཟླ་བ་བཅུ་གཉིས། ༣༠, ༢༠༢༠
    ཨ་རིའི་འདེམས་ཐོན་སྲིད་འཛིན་ཇོ་བྷད་ཊན་གྱིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་སྲིད་དབང་རྩིས་སྤྲོད་ཀྱི་འགྲོ་ལུགས་ལུགས་མཐུན་ངང་སྒྲུབ་མ་སོང་ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་པ། ཉེ་ཆར་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལིས་རྒྱལ་ཡོངས་གྲོས་ཚོགས་ཕྱིར་བསྡུ་བྱས་པར་བལ་ཡུལ་གྱི་རྒྱལ་སར་མི་མང་པོས་ངོ་རྒོལ་བྱས་ཡོད་པ།
    རྒྱ་གར་ཏུ་བདུན་ཕྲག་གཅིག་གི་རྗེས་ནས་བཟུང་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་རྒྱག་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་ལྟར་ད་ལྟ་ནས་དེའི་ཐད་གསབ་སྦྱོང་སྤྲོད་བཞིན་ཡོད་པ། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཉེ་ཆར་ནས་བསྐྱར་དུ་རིམས་ནད་ཕོག་མཁན་གྱི་མི་བཅུ་གྲངས་ཤིག་བྱུང་བ་ལ་བརྟེན་ནས་ས་ཁུལ་ཁག་ཅིག་གི་ནང་བཀག་སྡོམ་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།་༢༠༢༠་ཟླ་༡༢་ཚེས་༢༩། - ཟླ་བ་བཅུ་གཉིས། ༢༩, ༢༠༢༠
    ཨ་རིས་བོད་དང་ཐེ་ཝན་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ནག་ལ་ཁོང་ཁྲོ་བསླངས།
    རྒྱ་ནག་གི་སྐུ་ཚབ་ཚོགས་པས་བལ་ཡུལ་གྱི་འགོ་ཁྲིད་ཚོར་ཐུག་འཕྲད།
    བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་ཞིག་ལ་ཁྲིམས་བཅད།
    རྒྱ་ནག་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་ཁྲིམས་བཤེར།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢་ཚེས་༢༨། - ཟླ་བ་བཅུ་གཉིས། ༢༨, ༢༠༢༠
    ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད།  དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༢༧ - ཟླ་བ་བཅུ་གཉིས། ༢༧, ༢༠༢༠
    ཨ་རིས་ཤར་ཏི་ཀི་སི་ཐན་གྱི་ལས་འགུལ་ཚོགས་པ་ཞིག་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནས་ཕྱིར་འཐེན་བྱས་པར་བཙན་བྱོལ་ཡུ་གུར་བ་ཚོས་དགའ་བསུ་བྱས་ཡོད་པ།
    ད་ལོར་རྒྱ་ནག་ཝུའུ་ཧན་དུ་ཏོག་དབྱིབས་རིམས་ཁྱབ་སྟངས་སྐོར་གྱི་གནས་ཚུལ་བརྙན་ལམ་ནས་གསལ་བསྒྲགས་བྱེད་མཁན་ཞིག་ལ་རྒྱ་ནག་གཞུང་གིས་ཉེས་འཛུགས་ཁྲིམས་གཏུག་བྱས་ཡོད་པ། རྒྱ་ནག་གཞུང་གིས་ཤར་ཏི་ཀི་སི་ཐན་གྱི་ཡུ་གུར་བར་དྲག་གནོན་བྱེད་བཞིན་པར་བརྟེན་ཡོ་རོབ་མནའ་འབྲེལ་དང་རྒྱ་ནག་བར་དུ་ཚོང་གི་འབྲེལ་ལམ་སོགས་ཀྱི་གྲོས་མཐུན་འཇོག་རྒྱུ་ནར་འགྱངས་སུ་ལུས་ཡོད་པ། རྒྱ་ནག་གཞུང་གིས་ཨོ་སི་ཁྲི་ལི་ཡ་ནས་རྒྱ་ནག་ཏུ་རྡོ་སོལ་ནང་འདྲེན་བྱེད་མཁན་གྱི་མཚོ་གྲུ་དག་བཀག་འགོག་བྱས་ཏེ་ད་ལྟ་ཉིན་གྲངས་མང་པོ་འགོར་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༢༦ - ཟླ་བ་བཅུ་གཉིས། ༢༦, ༢༠༢༠
    ད་ལོར་རྒྱལ་ཁབ་མང་པོའི་ནང་ཏོག་དབྱིབས་རིམས་ནད་ལ་རྐྱེན་བྱས་ནས་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་རོལ་རྒྱུར་ཤུགས་རྐྱེན་ཐེབས་ཡོད་པ། སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་རྔ་བ་ས་ཁུལ་གྱི་ཆབ་སྲིད་བཙོན་མ་ཞིག་ཉེ་ཆར་གློད་གྲོལ་བཏང་ཡོད་པ། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ་སོགས་སུ་བོད་མི་དང་རྒྱ་མི་གཉེན་སྒྲིག་བྱེད་རྒྱུར་སྐུལ་སློང་བྱེད་བཞིན་པའི་གནས་ཚུལ་གྱི་ཐད་ལ་དཔྱད་བརྗོད་སྤེལ་ཡོད་པ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕས་ཨོ་ཡིས་རྒྱ་ནག་ས་གནས་གཞུང་གིས་ཞིན་ཅང་ཡུ་གུར་བར་དྲག་གནོན་བྱེད་བཞིན་པ་དེ་མི་རིགས་རྩ་མེད་བཟོ་ཐབས་ཤིག་ཡིན་མིན་ལ་ཞིབ་འཇུག་བྱ་རྒྱུའི་དགོས་འདུན་བཏོན་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཉིས། ༢༥, ༢༠༢༠
    ཨ་རི་ལྟར་རྒྱ་གར་ལའང་བོད་དོན་སྲིད་ཇུས་ཁ་གསལ་ཞིག་དགོས་པ། རྒྱ་ནག་གཞུང་གིས་ཨ་ལིས་པ་པ་སྤྱི་གཉེར་ཁང་ལ་ཞིབ་བཤེར་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༢༤ - ཟླ་བ་བཅུ་གཉིས། ༢༤, ༢༠༢༠
    ཉེ་ཆར་ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཐད་ཀྱི་ཁྲིམས་ཡིག་ཅིག་གཏན་འབེབས་བྱས་ཡོད་པ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་ཡ་ལན་སློག་ཡོད་པ།
    བོད་ཀྱི་ན་གཞོན་ཞིག་གིས་རང་གིས་བཟོས་པའི་གནམ་གྲུ་ཆུང་ཆུང་ཞིག་འཕུར་སྐྱོད་བྱེད་དུ་བཅུག་པའི་སྔོན་ཆད་ཀྱི་གནས་ཚུལ་ཞིག་ལ་ཉེ་ཆར་དྲ་ལམ་ཏུ་དོ་སྣང་ཤུགས་ཆེན་པོ་བྱེད་བཞིན་པ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་རྒྱལ་ཁབ་ཞིག་གིས་འཕྲིན་གཏོང་བརྒྱུད་ལམ་ཡར་རྒྱས་གཏོང་རྒྱུར་རྒྱ་ནག་གི་སྤྱི་གཉེར་ཁང་དང་མཉམ་འབྲེལ་བྱེད་རྒྱུའི་ཐད་ཨ་རིའི་གྲོས་ཚོགས་འཐུས་མིས་ཉེན་བརྡ་བཏང་ཡོད་པ།
    ཨ་རིའི་སྲིད་འཛིན་ནས་རིམས་ནད་ལ་རྐྱེན་བྱས་པའི་རོགས་སྐྱོར་མ་དངུལ་ད་དུང་མང་རུ་མ་བཏང་ཚེ་ཁྲིམས་འཆར་དེར་མིང་རྟགས་བཀོད་རྒྱུ་མིན་པའི་ཉེན་བརྡ་བཏང་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༢༣ - ཟླ་བ་བཅུ་གཉིས། ༢༣, ༢༠༢༠
    ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས་ཏེ་སྲིེད་འཛིན་གྱིས་མིང་རྟགས་འགོད་རྒྱུར་ཕུལ་ཡོད་པ། ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་བྱས་པའི་རྗེས་ལ་བོད་གཞུང་དམངས་གཉིས་ཀྱིས་དགའ་བསུ་དང་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ། ཨ་རིའི་གྲོས་ཚོགས་སུ་རིམས་ནད་ལ་རྐྱེན་བྱས་ཏེ་མི་དམངས་ལ་ཡང་བསྐྱར་ཨ་སྒོར་ཐེར་འབུམ་དགུ་བཅུའི་རོགས་སྐྱོར་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་ནའང་འདེམས་ཐོན་སྲིད་འཛིན་གྱིས་ད་དུང་ཡང་རོགས་དངུལ་མང་རུ་གཏོང་རྒྱུའི་དགོས་འདུན་འདོན་བཞིན་པ། ཨ་རིའི་གྲོས་ཚོགས་སུ་ཐེ་ཝན་སྲུང་སྐྱོབ་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr

About འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

From the publisher's feed

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

More shows like འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

ཀུན་གླེང་གསར་འགྱུར།  - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།

1 Listeners

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། by VOA

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། by VOA

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། by VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། by VOA

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།

0 Listeners