འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

By VOANews
Download on the App Store

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། episodes

  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༡༢ - ཟླ་བ་བཅུ་གཉིས། ༡༢, ༢༠༢༠
    ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་ཊེ་སི་མོན་ཊི་ཊུ་ཊུ་ལགས་ལ་ཨ་རིའི་ཚོགས་པ་ཞིག་གིས་ཞི་བདེའི་གཟེངས་རྟགས་ཤིག་གནང་ཡོད་པར་འཚམས་འདྲི་དང་ཐུགས་སྨོན་གནང་ཡོད་པ། ཧོང་ཀོང་གི་མི་སྣ་གྲགས་ཅན་ལྗེ་མས་ལེ་ལ་ཧོང་ཀོང་འཛིན་སྐྱོང་གཞུང་གིས་ཧོང་ཀོང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིར་བཟུང་ནས་ཕྱིའི་རྒྱལ་ཁབ་ལ་ངན་འབྲེལ་བྱེད་མཁན་གྱི་ཉེས་མིང་བཏགས་ཡོད་པ། ལོ་རེའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་ལྟར་འཛམ་གླིང་ས་ཆ་གང་སར་བོད་མི་རྣམས་ཀྱིས་ཉིན་མོ་འདི་སྲུང་བརྩི་ཞུས་ཡོད་པ།
    རྒྱ་ནག་གཞུང་གིས་པེ་ཅིན་དུ་ཡོད་པའི་རྒྱལ་སྤྱིའི་མིང་གྲགས་ཅན་གྱི་གསར་འགྱུར་ལས་ཁུངས་བྷི་ལམ་བྷིར་གྷི་ཡི་གསར་འགོད་པ་ཞིག་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་དོགས་ཡོད་མི་སྣར་ངོས་འཛིན་གྱིས་བཀག་ཉར་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢་ཚེས་༡༡ - ཟླ་བ་བཅུ་གཉིས། ༡༡, ༢༠༢༠
    བོད་སོགས་རྒྱ་ནག་གི་བཙན་འོག་ཚུད་པའི་མི་དམངས་ཀྱིས་ངོ་རྒོལ།
    ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་ཧོང་ཀོང་ལ་ཡོང་མི་ཆོག་པའི་བཀག་སྡོམ།
    འཛམ་གླིང་གི་སྨན་སྦྱོར་བཟོ་ལས་ཁང་ཁག་གིས་འགོག་ཁབ་བཟོ་ཐབས།
    ཐེ་ཝན་གཞུང་གིས་བྷ་ཌན་གྱི་ལངས་ཕྱོགས་ལ་ངང་སྒུག
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༡༠ - ཟླ་བ་བཅུ་གཉིས། ༡༠, ༢༠༢༠
    ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་འགྲོ་བ་མིའི་འཚོ་རྟེན་དང་བྱམས་བརྩེའི་དགོས་མཁོ་ཅེས་པའི་བརྗོད་གཞིའི་ཐོག་བཀའ་མོལ་གནང་ཡོད་པ།
    བོད་ཀྱི་ས་ཁུལ་འདྲ་མིན་ནས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ལ་ཞོར་ལས་རུ་སོང་ཡོད་པའི་བོད་མི་རྣམས་ལ་མི་རིགས་དབྱེ་འབྱེད་ཀྱིས་མཐོང་ཆུང་བྱས་པའི་གནས་ཚུལ་བྱུང་འདུག་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙུགས་སྲིང་སྟེ་བོད་ཀྱི་པཎ་ཆེན་རིན་པོ་ཆེ་བཙལ་བ་ཞེས་པའི་སྙན་ཐོ་ཞིག་གསར་འགོད་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དག་ལ་འགྲེམས་སྤེལ་ཞུས་ཡོད་པ། ཁ་ན་ཊའི་ཁྲོ་རན་ཁྲོ་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་དང་ཡུ་གུར། ཧོང་ཀོང་བཅས་ཀྱི་ལས་འགུལ་བ་ཁག་ཅིག་གིས་ཉིན་གསུམ་རིང་ཟས་བཅད་ངོ་རྒོལ་གནང་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༠༩ - ཟླ་བ་བཅུ་གཉིས། ༠༩, ༢༠༢༠
    ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་ཧོང་ཀོང་གི་མི་རྣམས་ལ་ཆབ་སྲིད་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་ཕྱོགས་ཐད་ཀྱི་ཁྲིམས་འཆར་ཤིག་ལ་གྲོས་འཆམ་བྱུང་ཡོད་པ།
    ཨ་རིའི་ཚོང་དོན་དྲུང་ཆེ་ཡིས་རྒྱ་ནག་ནི་ཡ་གླིང་གི་དམག་དོན་དང་དཔལ་འབྱོར་ཐད་ཀྱི་འཇིགས་ཉེན་ཆེ་ཤོས་ཡིན་པའི་ཐད་ཉེན་བརྡ་བཏང་ཡོད་པ། རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིན་གྱིས་རྒྱ་ནག་ཏུ་སྒེར་གཅོད་དབང་སྒྱུར་ཤུགས་ཆེ་རུ་གཏོང་བཞིན་པ་ཡིས་རྒྱ་ནག་གུང་ཁྲན་ཏང་གི་སྒེར་གཅོད་དབང་སྒྱུར་མུ་མཐུད་ནས་གནས་ཐུབ་མིན་གྱི་ཤུགས་རྐྱེན་ཐད་དཔྱད་བརྗོད་སྤེལ་ཡོད་པ། འཛམ་གླིང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་ཇེ་མཐོ་རུ་སོང་ཡོད་པའི་ཐད་རྒྱ་ནག་དང་བལ་ཡུལ་གྱིས་མཉམ་ཏུ་གསལ་བསྒྲགས་ཡོད་པ་སོགས་ཀྱི་་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢་ཚེས་༨། - ཟླ་བ་བཅུ་གཉིས། ༠༨, ༢༠༢༠
    ཇཱོ་བྷ་ཌན་གྱིས་འཕྲོད་བསྟེན་དྲུང་ཆེ་འདེམས་སྒྲུག
    རྒྱ་གར་གྱི་གྱེན་ལོག་པ་ཚོར་རྒྱ་ནག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐད།
    ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུ་ཉུང་དུ་གཏོང་དགོས་ཟེར།
    རྒྱ་གར་གྱིས་འགོག་ཁབ་ལ་ཆོག་མཆན་མྱུར་དུ་འགོད་རྒྱུ།
    དབྱིན་ཡུལ་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོང་འབྲེལ་དཀའ་ངལ།
    རྒྱལ་ཁབ་ཁག་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ཟེར།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢་ཚེས་༧། - ཟླ་བ་བཅུ་གཉིས། ༠༧, ༢༠༢༠
    རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་ཁུལ་དུ་ས་ཁོངས་བདག་དབང་ལ་རྩོད་ལེན།
    ཨ་རིའི་རྒྱལ་སྲུང་སྔོན་རྩིས་ནང་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་སྒྲོམ་གཞི་གསར་པ་བཏོན།
    ཨ་མི་རི་ཀའི་ནང་ཏོག་དབྱིབས་ནད་དུག་གི་ནད་པའི་གྲངས་ཚད་མཐོ་ཤོས་ལ་སླེབས་པ།
    སོ་མ་ལི་ཡ་ནས་ཨ་རིའི་དཔུང་དམག་ཕྱིར་འཐེན་གྱི་དུས་ཚོད་འོས་འཚམས་མིན་པ།
    རྒྱ་ནག་དམར་ཤོག་གིས་ཨ་རིའི་རྒྱལ་སྲུང་ལ་ཉེན་ཁ་བཟོ་ཡི་ཡོད་པའི་གླེང་སློང་བྱས།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༦ - ཟླ་བ་བཅུ་གཉིས། ༠༦, ༢༠༢༠
    བོད་ཀྱི་ཁྲི་ཀ་ས་ཁུལ་ནས་ཡིན་པའི་བུ་མོ་ཞིག་ལ་རྒྱ་ནག་ས་གནས་གཞུང་གིས་བསྙོན་འཛུགས་ཀྱིས་འཛིན་བཟུང་དང་། གཅར་རྡུང་བྱས་ཏེ་སྨན་ཁང་དུ་བསྐྱལ་ཡོད་པའི་གནས་ཚུལ། ཨ་རིར་འདས་པའི་ཟླ་ངོ་ཁ་ཤས་ཀྱི་རིང་ཏོག་དབྱིབས་རིམས་བྱུང་ཏེ་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེན་བྱུང་ཏུ་བཅུག་ཅིང་། ད་དུང་མུ་མཐུད་ནས་རིམས་ནད་ཕོག་མཁན་མང་རུ་འགྲོ་བཞིན་ཡོད་པ། ཨ་རིའི་གྲོས་ཚོགས་གོང་མའི་གསང་བའི་ལས་དོན་ཚོགས་ཆུང་ཁག་གཉིས་ནས་རྒྱ་ནག་ཨ་རིའི་བདེ་འཇགས་ཐད་ཉེན་ཁ་ཆེ་ཤོས་ཡིན་པའི་་སྙན་ཐོ་བཏོན་ཡོད་པ། ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་གིས་ཡོ་རོབ་རྒྱལ་ཁབ་ཊན་མར་ཁི་རུ་སྐྱབས་བཅོལ་ཞུས་ཟིན་པའི་གསལ་བསྒྲགས་སྤེལ་བར་རྒྱ་ནག་གཞུང་གིས་ཊན་མར་ཁི་རྒྱལ་ཁབ་ལ་སྐྱོན་བརྗོད་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༥ - ཟླ་བ་བཅུ་གཉིས། ༠༥, ༢༠༢༠
    ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་རྒྱལ་སའི་ནང་ཡོད་པའི་མཐོ་རིམ་སློབ་གཉེར་ཁང་ཞིག་གི་ལོ་འཁོར་ལྷན་ཚོགས་ཀྱི་སྟེང་དམིགས་བསལ་གསུང་འཕྲིན་བསྩལ་གནང་ཡོད་པ། རྒྱ་ནག་ས་གནས་གཞུང་གིས་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་བཙུན་རྩོམ་པ་པོ་མིང་གྲགས་ཅན་ཞིག་འཛིན་བཟུང་བཙན་ཁྲིད་བྱས་འདུག་པ། ཨ་མེ་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱི་མཐོ་རིམ་མགོ་ཁྲིད་ཞིག་གིས་རྒྱ་ནག་ནི་དམག་ཆེན་གཉིས་པའི་རྗེས་སུ་འཛམ་གླིང་གི་དམངས་གཙོ་དང་རང་དབང་གི་ཐད་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པའི་ཉེན་བརྡ་བཏང་ཡོད་པ། རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཁག་ཅིག་འཛིན་བཟུང་གིས་ཉེས་འཛུགས་བྱས་ཡོད་པར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕས་ཨོ་ཡིས་སྐྱོན་བརྗོད་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢་ཚེས་༤། - ཟླ་བ་བཅུ་གཉིས། ༠༤, ༢༠༢༠
    འཛམ་གླིང་གི་ཡར་རྒྱས་ལས་དོན་སྒྲུབ་མཁན་གྲས་སུ་བོད་པ་ཞིག་འདེམས་ཐོན།
    བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྒྱ་གར་ལ་ཕེབས་འཆར།
    ཨོ་གླིང་རྒྱལ་ཁབ་དང་རྒྱ་ནག་གི་ཕྱི་འབྲེལ་ཇེ་སྡུག
    ཨ་རིས་རྒྱ་ནག་གི་དམར་ཤོག་ཚོགས་མི་ཚོར་ཐོངས་མཆན་དམ་དྲག
    ཨ་རིའི་གཞུང་གིས་ཞིན་ཅང་གི་སྲིན་བལ་ཐོན་སྐྱེད་བཀག་སྡོམ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢་ཚེས་༠༣ - ཟླ་བ་བཅུ་གཉིས། ༠༣, ༢༠༢༠
    རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་ཆེན་པོ་ཡར་ཀླུང་གཙང་བའིི་རྒྱུད་དུ་ཆུ་མཛོད་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་པ་དང་། དེས་བོད་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་སྣོད་བཅུད་གཉིས་ལ་གནོད་ཆེན་པོ་སྐྱེལ་རྒྱུའི་ཉེན་ཁ་ཡོད་པ། ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མི་ལས་གྲུབ་པའི་ལས་དོན་ཚོགས་ཆུང་ཞིག་གིས་རྒྱ་ནག་དང་འབྲེལ་བ་ཡོད་པའི་སྙན་ཐོ་ཤོག་ངོས་ལྔ་བརྒྱ་ལྷག་ཅན་ཞིག་བཏོན་ཡོད་པ།
    རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མི་སྣས་ཨོ་སི་ཁྲི་རི་ལིས་ཡ་རྒྱལ་ཁབ་ལ་དམའ་འབེབས་བྱས་ཡོད་པའི་འདྲ་པར་དྲ་ལམ་དུ་སྤེལ་བས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྡུག་རུ་འགྲོ་བཞིན་པ། དབྱིན་ཇིའི་རྒྱལ་ཁབ་ཀྱིས་ཐེངས་དང་པོར་ཨ་རི་དང་འཇར་མན་གྱི་སྨན་རྫས་བཟོ་གྲྭས་བཟོས་པའི་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་བེད་སྤྱོད་བཏང་ཆོག་པའི་ཆོག་མཆན་སྤྲད་ཟིན་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr

About འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

From the publisher's feed

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

More shows like འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

ཀུན་གླེང་གསར་འགྱུར།  - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།

1 Listeners

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། by VOA

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། by VOA

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། by VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། by VOA

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།

0 Listeners