Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
December 02, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༢ - ཟླ་བ་བཅུ་གཉིས། ༠༢, ༢༠༢༠ཨ་རིའི་འདེམས་ཐོན་སྲིད་འཛིན་ཇོ་བྷད་ཊན་གྱིས་མ་འོངས་བར་ཨ་རིའི་འཚོ་བའི་གནས་སྟངས་སྐྱོ་བའི་ས་ཁུལ་ཁག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ལ་ཉེ་རིང་མེད་པར་དྲང་སྙོམས་ཤིག་ཡོང་ཐབས་གནང་འཆར་ཡོད་པ། རྒྱ་ནག་ཏུ་ཏོག་དབྱིབས་རིམས་ནད་ཐོག་མར་བྱུང་སའི་ཧུའུ་པེ་ཞིང་ཆེན་གྱི་འཕྲོད་བསྟེན་སྡེ་ཚན་ལས་ཁུངས་ནས་རིམས་ནད་འགོས་ཁྱབ་ཐད་ཀྱི་གསང་བའི་ཡིག་ཆ་ཞིག་ཕྱི་ལ་ཤོར་ཡོད་པ། ཨ་རིར་སྤྱི་ཟླ་བཅུ་གཅིག་པ་གཅིག་པུའི་ནང་རིམས་ནད་ཕོག་མཁན་གྱི་མི་གྲངས་ས་ཡ་བཞི་ལྷག་བྱུང་ཡོད་པ་དང་། སྤྱི་ལོ་ཉིས་སྟོང་ཉེར་གཅིག་མ་སླེབས་སྔོན་དུ་འགོག་སྨན་ཚོང་འགྲེམས་བྱ་ཐུབ་རྒྱུའི་ཚོད་དཔག་བྱེད་བཞིན་པ། རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཁག་ཅིག་གིས་མ་འོངས་བར་རྒྱ་གར་གྱི་མི་དམངས་ཚང་མར་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་རྒྱག་དགོས་མིན་ཐད་གླེང་སློང་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།1 hrPlay
December 01, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢་ཚེས་༡། - ཟླ་བ་བཅུ་གཉིས། ༠༡, ༢༠༢༠བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས། རྒྱ་ནག་གིས་བལ་ཡུལ་ལ་དམག་དོན་རོགས་རམ་ཁས་ལེན། གཞུང་འཛིན་གསར་པའི་དཔལ་འབྱོར་དབུ་ཁྲིད་མཚན་འདོན། ཆུན་དྷོ་ཝན་གྱིས་གཞན་ལ་མིང་ཤས་བཟོས་པར་ཁྲིམས་གཅོད། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་སྤེལ་ཕྱོགས་ལ་བསྐྱར་ཞིབ་དགོས་སྐད།1 hrPlay
November 30, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡་ཚེས་༣༠ - ཟླ་བ་བཅུ་གཅིག་པ། ༣༠, ༢༠༢༠རྒྱ་ནག་གི་འབྲོག་ལམ་ནང་འཛུགས་སྐྲུན་དང་རྒྱ་གར་བྱང་ཤར་གྱི་བརྒྱུད་ལམ། རྒྱ་ནག་གིས་འགོག་ཁབ་དེ་ཕྱི་སྲིད་ཀྱི་ལག་ཆར་བསྒྱུར་ནས་ཤུགས་རྐྱེན་སྤེལ་ཐབས་བྱེད་པ། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་བལ་ཡུལ་དུ་འཚམས་འདྲིར་འབྱོར་བ་།1 hrPlay
November 29, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༢༨ - ཟླ་བ་བཅུ་གཅིག་པ། ༢༩, ༢༠༢༠རྒྱ་ནག་ས་གནས་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་གཏན་སྡོད་བྱེད་མཁན་ཡིན་ནའང་། ཐོབ་ཐང་དཔང་འཁྱེར་ལག་ཏུ་མེད་ཚེ་གཙུག་ལག་ཁང་ལ་མཆོད་མཇལ་དང་བསྐོར་བ་བྱེད་དུ་འགྲོ་རུ་འཇུག་གི་མེད་པ། བོད་དུ་རྒྱ་གཞུང་གི་འདྲ་མཉམ་མིན་པའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་སྤེལ་མྱོང་སའི་དགོན་སྡེ་ཁག་ཏུ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ་རྒྱ་ཆེན་པོས་སྤེལ་བཞིན་པ། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་རྒྱ་བསྐྱེད་ཀྱི་འཐབ་ཇུས་དག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐའ་མཚམས་རྒྱ་བསྐྱེད་ཀྱི་ཆེད་བཀོལ་བཞིན་ཡོད་པ། ཟླ་འདིའི་ནང་ཕ་ཀི་སི་ཐན་གཞུང་གིས་སྦལ་ཏི་སི་ཏན་དེ་གནས་སྐབས་སུ་རང་སྐྱོང་གི་གནས་བབས་ནས་ཞིང་ཆེན་ཏུ་བསྒྱུར་རྒྱུའི་གསལ་བསྒྲགས་བྱས་ཡོད་པའི་ཐད་དབྱེ་ཞིབ་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།1 hrPlay
November 28, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༢༨ - ཟླ་བ་བཅུ་གཅིག་པ། ༢༨, ༢༠༢༠ཨ་རིའི་སྲིད་འཛིན་ཌམ་གྱིས་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཚོས་ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་ཡིན་པར་འོས་ཤོག་འཕངས་ཚེ། ཁོས་ཀྱང་དེ་བཞིན་ཁས་ལེན་བྱ་རྒྱུ་ཡིན་ཅེས་བཤད་ཡོད་པ།ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་མང་པོས་འདེམས་ཐོན་སྲིེད་འཛིན་ཇོ་བྷད་ཊན་གྱིས་ཀྱང་མ་འོངས་བར་སྲིད་འཛིན་ཁྲི་རོམ་ཕུ་ཡི་དུས་སྐབས་ནང་བཞིན་ཐེ་ཝན་ལ་འབྲེལ་བ་འཛུགས་དགོས་པའི་རེ་འདུན་འདོན་བཞིན་པ། བོད་རྔ་བའི་དགེ་འདུན་པ་ཞིག་ལོ་སྔོན་མའི་སྤྱི་ཟླ་བརྒྱད་པའི་ནང་རྔ་བ་རྫོང་གི་ཉེན་རྟོག་པའི་འཛིན་བཟུང་བྱས་པའི་རྗེས་ནས་གར་སོང་གི་གནས་སྟངས་ཅི་ཡང་ཤེས་ཀྱི་མེད་པ། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཉམས་ཞིབ་པར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་གནས་ཚུལ་ཐད་ལོག་བཤད་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།1 hrPlay
November 27, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡་ཚེས་༢༧ - ཟླ་བ་བཅུ་གཅིག་པ། ༢༧, ༢༠༢༠ཨ་རིར་དུས་ཆེན་སྐབས་སུ་ནད་དུག་འགོ་ཁྱབ་ཆེ་རུ་འགྲོ་སྲིད་པ། རྒྱ་གར་གྱིས་རྒྱ་ནག་གི་བཀོལ་ཆས་ཁག་མུ་མཐུད་དུ་བཀག་སྡོམ། ཀོང་ཀོང་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་རྒྱུ།སྲིད་འཛིན་གྱིས་བདེ་འཇགས་སློབ་སྟོན་པ་ཟུར་པར་ཉེས་པ་ཆག་ཡང་།1 hrPlay
November 26, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༢༦ - ཟླ་བ་བཅུ་གཅིག་པ། ༢༦, ༢༠༢༠༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་འཇར་མན་གྱི་ཨེ་ཡིན་སི་ཐཱན་གླེང་སྟེགས་ཁང་གི་ཉམས་ཞིབ་པ་དག་དང་ལྷན་དུ་ནང་དོན་རིག་པ་དང་ཚན་རིག་ཐད་ཀྱི་གསུང་བཤད་གནང་ཡོད་པ། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་དང་དད་ལྡན་པ་སོགས་ཀྱིས་རྒྱ་ནག་ཏུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་བཀག་འགོག་གི་ཆེད་དུ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱ་འཆར་ཡོད་པ། དེ་སྔོན་རྒྱལ་རོང་གི་བུ་མོ་ཞིག་རང་གི་ཁྱོ་ག་སྔོན་མས་མེ་ལ་སྒྲོན་ནས་རྐྱེན་ལམ་དུ་བཏང་བའི་གནས་ཚུལ་དེའི་སྐོར་ལ་མུ་མཐུད་ནས་གླེང་སློང་བྱེད་བཞིན་པ། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇོ་བྷད་ཊན་གྱིས་ཕོ་བྲང་དཀར་པོས་སྲིད་དབང་རྩིས་སྤྲོད་བྱ་རྒྱུར་མཐུན་འགྱུར་གནང་གི་ཡོད་པའི་ཐད་གསར་འགོད་པའི་དྲི་བར་ལན་བཏབ་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།1 hrPlay
November 25, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༥ - ཟླ་བ་བཅུ་གཅིག་པ། ༢༥, ༢༠༢༠ཉེ་ཆར་ཡེ་ཤུའི་བླ་ཆེན་ཕོབ་ཕུ་ཡིས་དཔེ་དེབ་གསར་བ་ཞིག་བཏོན་ཡོད་པའི་ནང་དུ་རྒྱ་ནག་ཏུ་ཡུ་གུར་བ་རྣམས་ཀྱིས་མནར་གཅོད་མྱངས་གི་ཡོད་པའི་གནས་ཚུལ་བཤད་ཡོད་པ། རྒྱ་ནག་གི་དམག་དཔུང་གིས་འབྲུག་ཡུལ་གྱི་ས་མཚམས་སུ་ལམ་དང་ཟམ་པ། འཐབ་ར་སོགས་དམག་དོན་ཐད་ཀྱི་འཛུགས་སྐྲུན་བྱེད་ཀྱི་འདུག་ཅེས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་ཡོད་པ། ཟླ་འདིའི་ནང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་བལ་ཡུལ་དུ་རྒྱལ་དོན་འཚམས་འདྲིར་ཕྱིན་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཐད་གྲོས་མོལ་བྱེད་འཆར་ཡོད་པ། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇོ་བྷད་ཊན་གྱིས་མ་འོངས་བའི་འཛིན་སྐྱོང་གཞུང་གི་མགོ་ཁྲིད་མི་སྣ་བསྐོ་འཇོག་བྱེད་ཕྱོགས་ཐད་དབྱེ་ཞིབ་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།1 hrPlay
November 24, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡་ཚེས་༢༤ - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༠བྷ་ཌན་གྱིས་ཕྱི་སྲིད་དྲུང་ཆེ་གསར་པ་འདེམས་སྒྲུག རྒྱ་ནག་གི་ཆ་རྐྱེན་ལྟར་ཕྱི་ལ་སྒོ་མོ་འབྱེད་རྒྱུ་ཡིན་ཟེར། རྒྱ་གར་ལ་འགོག་ཁབ་འགྲེམ་སྤེལ་གྱི་དཀའ་ངལ། འགྲོ་འོང་བཀག་སྡོམ་ཀྱིས་གནམ་གཤིས་དྲོད་ཚད་དམའ་རུ་བཏང་མེད་པ།དམངས་གཙོའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོའི་མཉམ་འབྲེལ་གྲོས་མོལ།1 hrPlay
November 23, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡་ཚེས་༢༣ - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༠ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay