འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

By VOANews
Download on the App Store

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། episodes

  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༡༢ - ཟླ་བ་བཅུ་གཅིག་པ། ༡༢, ༢༠༢༠
    ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་བྷི་ཧར་མངའ་སྡེའི་འོས་བློན་ཆེན་ལ་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་ཡོད་པ། ཉེ་ཆར་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་གསལ་བསྒྲགས་བྱས་པའི་སྐུ་ཞབས་ཇོ་བྷད་ཊན་གྱིས་སྲིད་དབང་རྩིས་ལེན་གྱི་གྲ་སྒྲིག་བྱེད་བཞིན་པ་དང་། ལས་ཐོག་སྲིད་འཛིན་ཁྲི་རོམ་ཕུ་ཡིས་འོས་བསྡུ་དྲང་བདེན་བྱུང་མེད་པའི་ཁྲིམས་གཏུག་བྱེད་བཞིན་པ། འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་བཞིན་པའི་སྐབས་འདིར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནང་ཁུལ་དུ་བཅོས་བསྒྱུར་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་མང་པོ་ཞིག་གིས་རིམས་ནད་བསྐྱར་དུ་འགོས་ཁྱབ་འགྲོ་སྲིད་པའི་ཉེན་ཁ་མཐོང་ནས་འགྲོ་འོང་བཀག་སྡོམ་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༡༡ - ཟླ་བ་བཅུ་གཅིག་པ། ༡༡, ༢༠༢༠
    ཉེ་ཆར་ཨ་རིའི་གཞུང་གིས་ཡང་བསྐྱར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་ལ་དྲག་གནོན་བྱེད་བཞིན་པའི་ལས་དོན་དང་འབྲེལ་བའི་དཔོན་རིགས་བཞི་ལ་ཉེས་ཆད་གཅོད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ། ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྐུ་ཞབས་ཇོ་བྷད་ཊན་སྲིད་འཛིན་དུ་འོས་འདེམས་བྱུང་བའི་ཁྱབ་བསྒྲགས་བྱས་ཡོད་ནའང་། སྲིད་འཛིན་ཁྲི་རོམ་ཕུ་དང་ཁོང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་འོས་བསྡུ་དྲང་བདེན་བྱུང་ཡོད་མེད་ཀྱི་གནད་དོན་ཐད་མུ་མཐུད་ནས་ཁྲིམས་གཏུག་བྱེད་བཞིན་པ། རྒྱ་གར་དུ་ཏོག་དབྱིབས་རིམས་ནད་ལ་གཡོལ་བའི་ཆེད་དུ་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་ལས་རིགས་འདྲ་མིན་གྱི་ཆེད་ལས་བ་རྣམས་ཧི་མ་ལ་ཡའི་རི་རྒྱུད་དང་མཚོ་འགྲམ་སོགས་སུ་གནས་སྤོ་བྱེད་བཞིན་པ། སྐུ་ཞབས་ཇོ་བྷད་ཊན་གྱིས་མ་འོངས་བར་སྲིད་འཛིན་ལས་འགན་འཁུར་རྒྱུའི་ལོ་དང་པོའི་ནང་དམངས་གཙོའི་ཆེད་དུ་འཛམ་གླིང་གི་ཚོགས་ཆེན་ཞིག་འཚོགས་རྒྱུ་ཡིན་པ་སོགས་ཀྱི་འཆར་གཞི་བཏོན་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༡༠ - ཟླ་བ་བཅུ་གཅིག་པ། ༡༠, ༢༠༢༠
    ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་སྲིད་འཛིན་འོས་འདེམས་ཀྱི་མཇུག་འབྲས་ངོས་ལེན་ཞུ་དགོས་པའི་ཐད་ཀྱི་གནོན་ཤུགས་སྤྲོད་བཞིན་པ་དང་། ཉེ་ཆར་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བའི་སྐུ་ཞབས་ཇོ་བྷད་ཊན་གྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་ཚོགས་ཆུང་ཞིག་བཙུགས་ཡོད་པ། རྒྱ་ནག་གིས་གཞུང་འབྲེལ་གྱི་ཐོག་སྐུ་ཞབས་ཇོ་བྷད་ཊན་ཨ་རིིའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲི་ཞུས་མེད་པ། ཨ་རི་དང་འཇར་མན་གྱི་སྤྱི་གཉེར་ཁང་གཉིས་ནས་མཉམ་འབྲེལ་གྱིས་བཟོས་པའི་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་ཞིག་གིས་ནད་དུག་འགོག་ཚད་བརྒྱ་ཆའི་དགུ་བཅུའི་ཡན་ཟིན་ཏེ་མི་འགྱངས་བར་འགོག་སྨན་བེད་སྤྱོད་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༩ - ཟླ་བ་བཅུ་གཅིག་པ། ༠༩, ༢༠༢༠
    ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གཉིས་ནས་སྐུ་ཞབས་ཇོ་བྷད་ཊན་ལགས་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲི་གནང་ཡོད་པ། ད་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཅི་ལྟར་ངོས་འཛིན་བྱེད་ཀྱི་ཡོད་མེད་ཐད་ཀྱི་བསམ་ཚུལ་རྒྱུས་ལོན་བྱས་ཡོད་པ། སྐུ་ཞབས་ཇོ་བྷད་ཊིན་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བའི་རྗེས་སུ་དབྱིན་ཇི་སོགས་རྒྱལ་ཁབ་ཁག་ཅིག་ནས་འཚམས་འདྲི་ཞུས་ཡོད་ནའང་། རྒྱ་ནག་དང་ཨུ་རུ་སི་སོགས་རྒྱལ་ཁབ་ཁག་ཅིག་གིས་ད་དུང་རྣམ་འགྱུར་ཅི་ཡང་བསྟན་མེད་པ། ཨ་རིའི་གྲོས་ཚོགས་གོང་མའི་ནང་ཆབ་སྲིད་ཚོགས་པ་གང་གི་འཐུས་མི་གྲངས་མང་བ་ཆགས་མིན་དེ་ཨ་རིའི་མངའ་སྡེའི་ཇོར་ཇི་ཡ་ཡི་ནང་གྲོས་ཚོགས་འཐུས་མི་སུ་ཞིག་འོས་འདེམས་བྱེད་མིན་ལ་རག་ལས་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༨ - ཟླ་བ་བཅུ་གཅིག་པ། ༠༨, ༢༠༢༠
    ཨ་རིའི་སྲིད་འཛིན་གྱི་སློབ་སྟོན་པ་ཚོས་སྲིད་འཛིན་ཊམ་གྱིས་ཐེངས་འདིའི་འོས་འདེམས་ལ་ཕམ་ཉེས་བྱུང་བ་ངོས་ལེན་གནང་དགོས་པའི་སྐུལ་མ་གཏོང་གི་ཡོད་ཀྱང་སྲིད་འཛིན་གྱིས་འོས་བསྡུའི་གྲུབ་འབྲས་ངོས་ལེན་གྱི་གཏམ་བཤད་གནང་མིན་ད་དུང་ཡང་ངེས་གཏན་མེད་པ། ད་ལོར་ཨ་རི་ཡིས་ཐེ་ཝན་ལ་བསྟུད་མར་ཐེངས་མང་པོར་ཁ་ལོ་བ་མེད་པའི་དམག་འཐབ་གནམ་གྲུ་སོགས་མཚོན་ཆ་མང་པོ་བཙོང་བའི་རྒྱུ་མཚན་གྱི་ཐད་དབྱེ་ཞིབ་བྱས་ཡོད་པ། ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བའི་ཇོ་བྷད་ཊན་གྱི་སློབ་སྟོན་པ་སོགས་ནས་མ་འོངས་བའི་སྲིད་ཇུས་ལ་འགྱུར་བ་གཏོང་ཕྱོགས་དང་། མི་སྣ་བསྐོ་འཇོག་སོགས་ཀྱི་ཐད་གྲ་སྒྲིག་བྱེད་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༧ - ཟླ་བ་བཅུ་གཅིག་པ། ༠༧, ༢༠༢༠
    ད་སྔ་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་འདེམས་ཤོག་རྩིས་བཤེར་བྱས་པ་ལྟར་ན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇོ་བྷད་ཊན་ལ་རྒྱལ་ཁབ་ཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་པས་ཁོང་གི་བདེ་འཇགས་ཀྱི་ཐད་སྲུང་སྐྱོབ་མི་སྣ་མང་རུ་བཏང་ཡོད་པ། བོད་ནང་གི་ཆོས་སྡེ་ཆེན་མོ་ཡ་ཆེན་སྒར་ཏུ་རྒྱ་གཞུང་གིས་རྒན་གསོ་ཁང་ཞིག་འཛུགས་རྒྱུར་ཁ་གཡར་ནས་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་བཞིན་པ་མ་ཟད་ས་གནས་དེ་གའི་དུད་ཁྱིམ་བདུན་གྱི་ས་ཆ་གཞུང་བཞེས་བཏང་ཡོད་པ། ཨ་རིའི་གཞུང་གིས་དེ་སྔོན་ཤར་ཏི་ཀི་སི་ཐན་གྱི་ཚོགས་པ་ཞིག་འཇིགས་སྐུལ་རིང་ལུགས་པའི་མིང་ཐོ་ཡི་གྲས་སུ་འཁོད་ཡོད་པ་དེ་ཕྱིར་འཐེན་བྱས་པ། ཐེ་ཝན་གྱི་སྲིད་འཛིན་ནས་མ་འོངས་བའི་ཨ་རིའི་སྲིད་འཛིན་དང་མཉམ་དུ་ཨ་རི་དང་ཐེ་ཝན་བར་གྱི་འབྲེལ་ལམ་མུ་མཐུད་ནས་ཡར་རྒྱས་གཏོང་རྒྱུ་ཡིན་པའི་གཏམ་བཤད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡་ཚེས་༦། - ཟླ་བ་བཅུ་གཅིག་པ། ༠༦, ༢༠༢༠
    འཛམ་གླིང་གིས་ཨ་རིའི་སྲིད་འཛིན་འོས་བསྡུའི་འགྲུབ་འབྲས་ལ་ངང་སྒྲུག
    རྒྱ་གར་གྱིས་གང་མགྱོགས་འགོག་ཁབ་མཁོ་འགྲེམ་བྱ་རྒྱུ།
    རྒྱ་གར་དུ་ཉིན་གཅིག་ལ་མི་ཁྲི་ལྔར་ནད་དུག་འགོས་པ།
    ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲིམས་གཏུག
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༥ - ཟླ་བ་བཅུ་གཅིག་པ། ༠༥, ༢༠༢༠
    ཨ་རིའི་འོས་བསྡུའི་ཉིན་མོ་མཇུག་རྫོགས་ཟིན་ནའང་གནད་འགག་ཅན་གྱི་མངའ་སྡེ་ཁག་ཅིག་གི་ནང་དུ་ད་དུང་ཡང་མུ་མཐུད་ནས་འོས་ཤོག་རྩིས་བཤེར་བྱེད་བཞིན་པ་དང་། མངའ་སྡེ་དེ་དག་ནང་གི་འོས་ཤོག་རྩིས་བཤེར་བྱས་ཚར་རྗེས་གཞི་ནས་ཨ་རིའི་སྲིད་འཛིན་སུ་ལ་འོས་ཐོབ་མིན་གྱི་གསལ་བསྒྲགས་སྤེལ་དགོས་པ་དང་། གཞན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཡང་འོས་ཐེངས་འདིའི་འོས་བསྡུའི་སྐབས་འོས་འདེམས་་བྱས་ཡོད་པ་སོགས་ད་ལོའི་ཨ་རིའི་དམིགས་བསལ་གྱི་འོས་བསྡུ་ཆེན་མོའི་གནས་ཚུལ་གྱི་སྐོར་ལ་ང་ཚོའི་རླུང་འཕྲིན་ཁང་ནས་བགྲོ་གླེང་བྱས་ཡོད་པའི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༤ - ཟླ་བ་བཅུ་གཅིག་པ། ༠༤, ༢༠༢༠
    སྤྱི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་ནི་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་ཉིན་མོ་ཡིན་པ་ལྟར་ཨ་རིའི་མི་དམངས་ནས་འོས་ཤོག་འཕེན་བཞིན་པའི་གནས་ཚུལ་དང་།
    ད་ལོར་ཨ་རིའི་མི་དམངས་ནས་འོས་མི་སུ་ཞིག་སྲིད་འཛིན་དུ་འོས་འདེམས་བྱེད་མིན་ལ་འཛམ་གླིང་ཡོངས་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ། གཞན་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཨ་རིའི་འོས་བསྡུ་ཆེན་མོར་ཅི་ཙམ་གྱིས་དོ་སྣང་བྱེད་ཀྱི་ཡོད་མེད་ཐད་བཀའ་འདྲི་ཞུས་པ་ཁག་དང་། དེ་བཞིན་བོད་པ་ཨ་རི་བ་མང་ཆེ་བས་སྲིད་འཛིན་འོས་མི་སུ་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་སོགས་ཨ་རིའི་འོས་བསྡུ་ཆེེན་མོ་དང་འབྲེལ་བའི་གནས་ཚུལ་སོགས་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།་༢༠༢༠་ཟླ་༡༡་ཚེས་༣། - ཟླ་བ་བཅུ་གཅིག་པ། ༠༣, ༢༠༢༠
    ཨ་རིའི་འོས་འདེམས་ཀྱི་མཐའ་མའི་དྲིལ་བསྒྲགས་ལས་འགུལ།
    ཨབ་གྷ་ཎི་སི་ཐན་གྱི་ཁ་བྷུལ་གཙུག་ལག་སློབ་གྲྭར་གཏོར་རྒོལ།
    ཨ་རིའི་འོས་བསྡུའི་ལོ་རྒྱུས་དང་འདི་ལོའི་འོས་བསྡུའི་རེ་བ་དང་དོག་པ།
    རྒྱ་ནག་གིས་སི་ཁྲོན་ནས་བོད་ལ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན།
    སྲིད་འཛིན་ལ་སུ་བདམས་ཀྱང་ཨ་རྒྱའི་འགྲན་སྡུར་སོར་གནས།
    པ་ཀི་སི་ཐན་གྱིས་ཀ་ཤི་མིར་ལ་ཞིང་ཆེན་གྱི་གནས་བབ་སྤྲོད་རྒྱུ།
    1 hr

About འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

From the publisher's feed

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

More shows like འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

ཀུན་གླེང་གསར་འགྱུར།  - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།

1 Listeners

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། by VOA

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། by VOA

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། by VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། by VOA

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།

0 Listeners