འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

By VOANews
Download on the App Store

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། episodes

  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༡ - ཟླ་བ་བཅུ་པ། ༢༡, ༢༠༢༠
    ཨ་རིའི་སྲིད་འཛིན་ཁྲི་རོམ་ཕུ་ནས་མངའ་སྡེ་ཕིན་སོ་བས་ནས་ཡ་ཡི་ནང་དུ་ད་ལོའི་སྲིད་འཛིན་འོས་བསྡུའི་གཏམ་བཤད་ཀྱི་ལས་འགུལ་སྤེལ་བཞིན་པ།
    དེ་སྔོན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་གཞུང་གི་ཁྲིམས་ཞིབ་པ་ཡིན་པའི་བུད་མེད་ཅིག་ཕྱིས་སུ་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་དམངས་གཙོ་དོན་གཉེར་བ་རྣམས་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་རྩོད་པ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ། འཛམ་གླིང་གི་སྨན་རིགས་སྣ་མང་བཟོ་སྐྲུན་བྱེད་མཁན་ཡིན་པའི་རྒྱ་གར་གྱིས་ད་ལྟ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་སྨན་རྫས་བཟོ་སྐྲུན་བྱེད་རྒྱུ་སོགས་ཀྱི་ཐད་འབད་བརྩོན་བྱེད་བཞིན་ཡོད་པའི་གནས་ཚུལ། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡིན་པའི་སྐབས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕས་ཨོ་སངྒ་ལ་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲིར་འགྲོ་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༠ - ཟླ་བ་བཅུ་པ། ༢༠, ༢༠༢༠
    ཧོར་སོག་གི་དགེ་འདུན་པའི་ཡིག་རྒྱུགས།
    རྒྱ་དཀར་ནག་གི་དམག་དཔོན་རིམ་པའི་གྲོས་མོལ་ཐེངས་༨་པ་བྱ་རྒྱུ།
    ཐའེ་ལེན་ཌིའི་ངོ་རྒོལ་བས་ཧོང་ཀོང་གི་བྱ་ཐབས་སྤྱོད་བཞིན་པ།
    འཛམ་གླིང་ཡོངས་སུ་ནད་དུག་འགོས་པའི་ནད་པ་བྱེ་བ་བཞི་བརྒལ་བ།
    ཉི་ཧོང་གི་སྲིད་བློན་ཝྭི་ཏེ་ནམ་ལ་གཞུང་འབྲེལ་འཚམས་འདྲིར་ཕེབས་པ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༡༩། - ཟླ་བ་བཅུ་པ། ༡༩, ༢༠༢༠
    ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད།  དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༡༨ - ཟླ་བ་བཅུ་པ། ༡༨, ༢༠༢༠
    བོད་ཀྱི་ཆབ་སྲིད་བཙོན་པ་ཟུར་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཁ་སང་སྤྱི་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་སུ་བས་སུ་རུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ། ཨ་རིའི་ཕྱི་སྲིད་ལྷན་ཁང་སོགས་ནས་ཨ་རིའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཁག་གི་ནང་དུ་ཡོད་པའི་རྒྱ་ནག་གི་ཁུང་ཙི་སློབ་གླིང་དག་གིས་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པའི་ཐད་ཉེན་བརྡ་བཏང་ཡོད་པ། ནིག་ཙི་ལན་ཊི་ཡི་ལས་ཐོག་སྲིད་བློན་ལ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ཡང་བསྐྱར་རྒྱལ་ཁབ་ཐོབ་ཡོད་པ།
    ད་ལོར་རྒྱ་ནག་ཝུའུ་ཧན་ནས་ཁྱབ་ཡོང་བའི་ཏོག་དབྱིབས་རིམས་ནད་ལ་རྐྱེན་བྱས་ཏེ་འཛམ་གླིང་གི་ཡུལ་སྐོར་གནས་ཡུལ་མིང་གྲགས་ཅན་དག་གི་ཡུལ་མིའི་འཚོ་བའི་གནས་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༡༧ - ཟླ་བ་བཅུ་པ། ༡༧, ༢༠༢༠
    དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་ཉེ་ཆར་བསྐོ་འཇོག་བྱས་མ་ཐག་པའི་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་་སྐུ་ཞབས་རོ་བྷར་ཁྲི་སྦྲད་སི་ཊོ་གཉིས་ཨ་རིའི་ཕྱི་སྲིེད་ལྷན་ཁང་དུ་ཐུག་འཕྲད་གནང་ཡོད་པ། ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་ཐེངས་གཉིས་པ་ཕྱིར་འཐེན་བྱས་པས་འོས་མི་གཉིས་ནས་སོ་སོའི་སར་མི་དམངས་ཀྱི་དྲི་བར་ལན་འདེབས་ཀྱི་རྣམ་པས་འོས་བསྡུའི་ལས་འགུལ་སྤེལ་འཆར་ཡོད་པ།
    རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིན་དཔལ་འབྱོར་དར་རྒྱས་ཆེ་བའི་ལྷོ་རྒྱུད་ས་ཁུལ་དུ་ཕྱོགས་བསྐྱོད་ཐེངས་གསུམ་བྱས་པའི་གནས་ཚུལ་དང་འབྲེལ་ནས་རྒྱ་ནག་གི་གནས་སྟངས་ལ་དབྱེ་ཞིབ་བྱས་ཡོད་པ། ཨ་རིའི་མི་དམངས་ཀྱི་ཁྲོད་དུ་ཐེ་ཝན་ལ་རྒྱ་ནག་གིས་འཇིགས་སྐུལ་ཐེབས་ཚེ་ཨ་རིའི་དམག་ཤུགས་བཀོལ་ནས་སྲུང་སྐྱོབ་བྱ་རྒྱུར་མོས་མཐུན་ཡོད་མཁན་གྱི་མི་གྲངས་མང་རུ་འཕར་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༡༦། - ཟླ་བ་བཅུ་པ། ༡༦, ༢༠༢༠
    ཐེ་ཝན་དང་འབྲེལ་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་བརྟག་དཔྱད་སྙན་ཐོ་བཏོན་པ།
    ཨ་རིའི་གཞུང་གིས་གྲོས་ཚོགས་ལ་ཧོང་ཀོང་གི་བསྐྱར་ཞིབ་སྙན་ཐོ་ཕུལ་བ།
    ཨ་རིས་ཐེ་ཝན་ལ་ལངས་ཕྱོགས་གསལ་སྟོན་བྱ་དགོས་པ།
    རྒྱལ་ཁབ་༤༠་ལྷག་གིས་དྲྭ་རྒྱའི་བདེ་འཇགས་དམ་དུ་གཏོང་རྒྱུ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༡༤ - ཟླ་བ་བཅུ་པ། ༡༤, ༢༠༢༠
    ཉེ་ཆར་ཨ་རིའི་སྲིད་འཛིན་ཁྲི་རོམ་ཕུ་ནས་ཁྲིམས་དཔོན་ཆེན་མོར་མིང་འདོན་བྱས་ཡོད་པའི་འོས་མི་ལ་ཨ་རིའི་གྲོས་ཚོགས་ནས་ཉན་ཞིབ་ཚོགས་འདུ་འཚོགས་ཡོད་པ།
    འཛམ་གླིང་གི་མ་རྐང་ཁྲོམ་ར་ཁག་ཏུ་ཁོར་ཡུག་ལ་གནོད་འཚེ་མེད་པའི་ནུས་པའི་ཐོན་ཁུངས་ཀྱི་སྤྱི་གཉེར་ཁང་དག་ལ་མ་རྩ་འཛུགས་མཁན་མང་རུ་འགྲོ་བཞིན་ཡོད་པ།
    ད་ལོར་བལ་ཡུལ་གྱི་ནང་ཕྱིའི་རྒྱལ་ཁབ་དག་གིས་མ་རྩ་གཏོང་འཆར་ཡོད་པའི་གྲས་ནས་བརྒྱ་ཆའི་དགུ་བཅུ་རྒྱ་ནག་གིས་ཟིན་པ་དེས་ཉོ་ཚོང་སྲིད་ཇུས་ཀྱི་ཐད་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་འབྲེལ་ཐག་རིང་རུ་ཕྱིན་པའི་ཐད་དཔྱད་ཞིབ་བྱས་ཡོད་པ།
    ཏོག་དབྱིབས་རིམས་ནད་སྔོན་འགོག་གི་འགོག་ཁབ་ཚོད་ལྟ་བྱེད་མཁན་སྤྱི་གཉེར་ཁང་རེ་ཟུང་གིས་ཚོད་ལྟ་བྱ་ཡུལ་གྱི་མི་ཁ་ཤས་ཀྱི་གནས་སྟངས་ལ་བརྟེན་ནས་འགོག་ཁབ་ལེགས་འགྲུབ་ཡོང་རྒྱུ་ནར་འགྱངས་སུ་ལུས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༡༣ - ཟླ་བ་བཅུ་པ། ༡༣, ༢༠༢༠
    རྒྱ་གཞུང་གིས་ཡུལ་ཤུལ་ཁུལ་གྱི་བོད་པ་གཉིས་འཛིན་བཟུང་།
    སྤྱི་མཐུན་ཚོགས་པར་འོས་འདེམས་དུས་སུ་ཕམ་ཉེས་འབྱུང་སྲིད་པ།
    རྒྱ་དཀར་ནག་གི་དམག་དོན་མི་སྣའི་གྲོས་མོལ་ཐེངས་བདུན་པ།
    སྲིད་དོན་ཚོགས་པ་གཉིས་ཀས་འོས་བསྡུའི་གྲུབ་འབྲས་ལ་རྩོད་པ་རྒྱག་འཆར།
    རྒྱ་ནག་དང་ཨ་རིའི་ཚོང་དམག་གཞན་ཞིག
    རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་སྡིགས་སྐུལ་གྱི་བརྙན་པར་བཀྲམ་པ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༡༢། - ཟླ་བ་བཅུ་པ། ༡༢, ༢༠༢༠
    རྒྱལ་སྤྱིའི་བུ་མོའི་ཉིན་མོ་དང་བོད་པའི་བུ་མོའི་གནས་བབ།
    ཨ་རིའི་གཞུང་འབྲེལ་མཐོ་རིམ་མི་སྣ་རྒྱ་གར་ལ་འཚམས་གཟིགས་གནང་གི་ཡོད་པ་རྒྱ་ནག་ལ་བརྡ་གཏོང་གི་ཡོད་པ།
    རྒྱ་གར་གྱི་ཆབ་སྲིད་པ་གཅིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་གྱང་ལ་ཐེ་ཝན་ལ་རྒྱབ་སྐྱོར་གྱི་སྦྱར་ཡིག་སྦྱར་བ།
    ཨ་རིས་ཨ་རྒྱ་གཉིས་དབར་གྱི་དམག་དོན་འགལ་ཟླའི་ཐོག་་གྲོས་མོལ་བྱེད་འདོད་མེད་པ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༡༡ - ཟླ་བ་བཅུ་པ། ༡༡, ༢༠༢༠
    ད་ལོའི་ནོ་པེལ་ཞི་བདེའི་གཟེངས་རྟགས་དེ་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་བཟའ་འབྲུའི་ལས་འཆར་ལྷན་ཁང་ལ་གནང་གཏན་འཁེལ་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲི་གནང་ཡོད་པ།
    རྒྱ་ནག་གི་སྒྱུ་རྩལ་པ་ཀྲང་ཧོན་ཟེར་བ་ཞིག་གིས་སྟོད་མངའ་རིས་ཡུལ་གྱི་གངས་དཀར་ཏི་སིའི་མདུན་དུ་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་བྱེད་འཆར་ཡོད་པར་བོད་མི་ཚོས་ངོ་རྒོལ་བྱེད་བཞིན་ཡོད་པ།
    ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕས་ཨོ་ཡིས་རྒྱ་ནག་གི་ཁ་གཏད་དུ་མནའ་འབྲེལ་གསར་འཛུགས་དང་། ཐེ་ཝན་གྱི་གནད་དོན་ནི་ཨ་རྒྱ་གཉིས་བར་གྱི་གནད་དོན་ཆེན་པོ་དེ་ཡིན་པ་བཅས་ཀྱི་གཏམ་བཤད་གནང་ཡོད་པ།
    རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་། སྤྱི་ཁྱབ་དམག་སྤྱི་ཆེན་མོ་གཉིས་གཟའ་འཁོར་འདིར་འབར་མའི་ནང་རྒྱལ་དོན་འཚམས་གཟིགས་ཕྱིན་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr

About འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

From the publisher's feed

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

More shows like འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

ཀུན་གླེང་གསར་འགྱུར།  - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།

1 Listeners

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། by VOA

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། by VOA

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། by VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། by VOA

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།

0 Listeners