འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

By VOANews
Download on the App Store

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། episodes

  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༡༠ - ཟླ་བ་བཅུ་པ། ༡༠, ༢༠༢༠
    རྒྱ་ནག་གཞུང་གིས་ཆབ་མདོ་བཅིངས་འགྲོལ་བཏང་སྟེ་ལོ་འཁོར་བདུན་བཅུ་འཁོར་བའི་དགའ་སྟོན་བྱེད་ཀྱི་ཡོད་ནའང་དོན་དངོས་ཐོག་ས་གནས་བོད་མིས་འདི་ནི་རྒྱ་གཞུང་གིས་ཆབ་མདོ་བཙན་འོག་ཏུ་བཅུག་ནས་ལོ་འཁོར་བདུན་བཅུ་འཁོར་བའི་ལོ་ཡིན་པར་ངོས་འཛིན་བྱེད་བཞིན་པ། སྤྱི་ལོ་ཉིས་སྟོང་ཉི་ཤུ་ལོའི་ནོ་པེལ་ཞི་བདེའི་གཟེངས་རྟགས་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཟའ་འབྲུའི་ལས་འཆར་ལྷན་ཁང་ལ་གནང་ཡོད་པ། རྒྱལ་སྤྱིའི་སྟེང་གི་གཞུང་དང་སྒེར་གྱི་ཚོགས་སྡེ་མང་པོ་ཞིག་ནས་སྤྱི་ལོ་ཉིས་སྟོང་ཉི་ཤུ་རྩ་གཉིས་ལོར་རྒྱ་ནག་ཏུ་རྒྱལ་སྤྱིིའི་དགུན་དུས་ཨོ་ལོམ་ཕིས་ཁི་ལུས་རྩལ་འགྲན་ཚོགས་འཚོགས་རྒྱུར་ངོ་རྒོལ་བྱེད་བཞིན་པ།
     ཉེ་ཆར་ཨ་མི་རི་ཀའི་མངའ་སྡེ་མཱི་ཆི་གྷན་གྱི་སྤྱི་ཁྱབ་བཙན་ཁྲིད་བྱ་རྒྱུའི་ལྐོག་གཡོ་ངན་ཇུས་འཐེན་མཁན་དག་རེས་གཟའ་ཕུར་བུའི་ཉིན་འཛིན་བཟུང་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༨ - ཟླ་བ་བཅུ་པ། ༠༨, ༢༠༢༠
    རྒྱ་གར་ངྷ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་འཁོར་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པའི་སྐོར་དང་།
    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་སུམ་བཅུ་སོ་དགུ་ཡིས་རྒྱ་ནག་གིས་བོད་པ་དང་ཡུ་གུར་བ། ཧོང་ཀོང་བ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕྲོག་བཞིན་པའི་གནས་ཚུལ་གྱི་ཐད་སྐྱོན་བརྗོད་བྱས་ཡོད་པ།
    ཨ་རིའི་ནང་སྤྱི་ཟླ་བཅུ་བའི་ཚེས་བདུན་གྱི་དགོང་མོར་ད་ལོའི་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མི་གཉིས་ཀྱིས་ཡུ་ཊ་མངའ་སྡེའི་ནང་དུ་འོས་བསྡུའི་བགྲོ་གླེང་བྱེད་ཀྱི་ཡོད་པ། ཐེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པས་ཐེ་ཝན་གཞུང་གིས་ཨ་རི་དང་མཉམ་དུ་ཕྱི་འབྲེལ་སླར་གསོ་དང་ཨ་རིའི་ས་ནས་དམག་དོན་གྱི་རོགས་རམ་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཨ་རིའི་གཞུང་ལ་འབོད་སྐུལ་ཞུ་དགོས་པའི་གྲོས་འཆར་གཉིས་བཏོན་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༧ - ཟླ་བ་བཅུ་པ། ༠༧, ༢༠༢༠
    བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ཟུར་པ་བཀྲ་ཤིས་དབང་འདུས་ལགས་ཀྱིས་སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོའི་བོད་མིའི་སྲིད་སྐྱོང་གི་ལངས་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ། ཨ་རིའི་སྲིད་འཛིན་ཁྲི་རོམ་ཕུ་སྟངས་དཔྱལ་གཉིས་ལ་ཏོག་དབྱིབས་རིམས་ནད་ཕོག་ནས་སྲིད་འཛིན་སྨན་ཁང་དུ་སོང་ཡོད་ནའང་། རིམས་ནད་ཀྱི་ཉེན་ཁ་ཆེན་པོ་མེད་པས་སྨན་ཁང་ནས་ཕྱིར་བུད་ཅིང་གཏམ་བཤད་གནང་ཡོད་པའི་སྐོར། དེ་རིང་གཟའ་ལྷག་པའི་ཉིན་གྱི་དགོང་མོར་ད་ལོའི་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མི་གཉིས་ཀྱིས་རྒྱལ་ཡོངས་ཀྱི་བརྙན་འཕྲིན་འཕྲིན་ལམ་བརྒྱུད་ནས་འོས་བསྡུའི་བགྲོ་གླེང་གནང་འཆར་ཡོད་པ། རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་ཐེ་ཝན་གྱིས་ཨ་རིའི་རྒྱབ་སྐྱོར་ཐོབ་ཐབས་བྱེད་བཞིན་པ་དང་། ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་མཚོན་ཆའི་སྤྱི་གཉེར་ཁང་ཁག་གི་འབྲེལ་ཡོད་ལས་སྣེ་ཚོས་དྲ་ལམ་ཏུ་ཚོགས་འདུ་འཚོགས་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༦ - ཟླ་བ་བཅུ་པ། ༠༦, ༢༠༢༠
    ཨ་རིའི་མངའ་སྡེ་ཁག་ཅིག་ལ་ནད་དུག་འགོ་མཁན་ཇེ་མང་དུ་ཕྱིན་པ།
    སྲིད་འཛིན་ཊྲམ་ཕོ་བྲང་དཀར་པོར་ཕྱིར་ལོག་གནང་ཡོད་པ།
    ཨ་རིའི་སྲིད་འཛིན་འོས་བསྡུར་དམངས་གཙོ་ཚོགས་པར་རེ་བ་ཇེ་ཆེ།
    ཐའེ་ཝན་གྱིས་ཨ་རི་ལ་མཚོན་ཆ་ཉོ་སྒྲུབ་ཀྱི་ཐོ་ཡིག་སྤྲོད་འཆར།
    ཨིན་ཌོ་ཞི་བདེ་རྒྱ་མཚོའི་ཐབས་ཇུས་ཚོགས་འདུ་ཉི་ཧོང་དུ་ཚོགས་པ།
    1 hr 2 min
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས༥། - ཟླ་བ་བཅུ་པ། ༠༥, ༢༠༢༠
    སྲིད་འཛིན་ཌོ་ནཱལ་ཊྲམ་གཟའ་ཟླ་བའི་ཉིན་ཕོ་བྲང་དཀར་པོར་ཕྱིར་ལོག་གནང་སྲིད་པ།
    ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨེ་ཤ་ཡའི་གཟིགས་བསྐོར་མཁོ་བསྡུ་གནང་བ།
    རྒྱ་གར་གྱིས་ཏོག་དབྱིབས་ཀྱི་སྨན་ཁབ་ས་ཡ་༥༠༠ཙམ་ཐོབ་ཐབས།
    ཏོག་དབྱིབས་ནད་དུག་གིས་བཙན་བྱོལ་ནང་གི་དགོན་སྡེ་ཚོའི་སློབ་གཉེར་ལ་དོ་ཕོགས་གང་ཡང་བྱས་མེད།
    1 hr 2 min
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༣ - ཟླ་བ་བཅུ་པ། ༠༣, ༢༠༢༠
    ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢། - ཟླ་བ་བཅུ་པ། ༠༢, ༢༠༢༠
    རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་ཝ་ཤིང་ཊོན་དུ་ངོ་རྒོལ།
    ནེའུ་ཡོཀ་གྲོང་ཁྱེར་གྱི་རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་ངོ་རྒོལ།
    སྤྱི་མཐུན་ཚོགས་པའི་འཐུས་མི་ཚོའི་རྒྱ་ནག་གི་ཉེན་ཚབས་ཞིབ་འཇུག་སྙན་ཐོ།
    རྒྱ་གར་ལ་ཏོག་དབྱིབས་རིམ་ནད་ཇི་ལྟར་ཁྱབ་ཀྱི་ཡོད་པར་བརྟག་དཔྱད།
    རྒྱ་དཀར་ནག་གིས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བསྐྱར་ཟློས།
    དབྱིན་ཡུལ་གྱིས་རྒྱ་ནག་གི་ཕྱི་འགྲིམ་སློབ་མར་དོགས་ཟོན།
    1 hr
  • སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་པ། ༠༡, ༢༠༢༠
    ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།
    1 hr 3 min
  • སྔ་དྲོའི་རླུང་འཕྲིན། ༢༠༢༠ ཟླ་ ༩ ཚེས་༣༠ - ཟླ་བ་དགུ་པ། ༣༠, ༢༠༢༠
    བོད་ཀྱི་ས་ཁུལ་འདམ་གཞུང་དུ་ཉེ་སྔོན་སྤྱི་ཟླ་བརྒྱད་པ་ནས་བཟུང་རྒྱ་ནག་གི་དམག་སྡེས་གཞི་རྒྱ་ཆེ་བའི་དམག་སྦྱོང་ཞིག་གི་མགོ་བཙུགས་ཤིང་། ས་གནས་བོད་མི་ཁག་དམག་སྦྱོང་བྱེད་ཡུལ་ནས་བཙན་གྱིས་གནས་སྤོར་དུ་བཅུག་ཡོད་པ།
    དབུས་འོས་བསྡུ་ལྷན་ཁང་ནས་ས་གནས་འོས་བསྡུའི་འགན་འཛིན་རྣམས་ལ་བརྡ་ཁྱབ་བཏང་སྟེ་ཉེ་ཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་བའི་བཀའ་ཁྱབ་ལག་བསྟར་བྱེད་དགོས་པར་སྐུལ་ཡོད་པ། རྒྱ་དཀར་ནག་གཉིས་ཀྱིས་རྩོད་བཞིན་པའི་བོད་དང་རྒྱ་གར་གྱི་ས་མཚམས་ཐད་རྒྱ་ནག་གཞུང་གིས་འགྲེལ་བཤད་བྱས་ཡོད་པ་རྒྱ་གར་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སོགས་ནས་ད་ལྟའི་ཏོག་དབྱིབས་རིམས་ནད་ལ་བརྟེན་ནས་འཆི་སྐྱོན་བྱུང་བ་རྣམས་གྲངས་ཀ་ཙམ་ལ་ངོས་འཛིན་མི་བྱེད་པར་དུས་ངན་འདི་ལྟ་བུའི་ནང་ཁེར་རྐྱང་ངང་རྐྱེན་འདས་སུ་ཕྱིན་པའི་མི་འདི་རྣམས་ལ་དྲན་གསོ་ཞུ་འོས་པའི་འདོད་ཚུལ་བརྗོད་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr

About འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

From the publisher's feed

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

More shows like འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

ཀུན་གླེང་གསར་འགྱུར།  - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།

1 Listeners

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། by VOA

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། by VOA

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། by VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། by VOA

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།

0 Listeners