འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

By VOANews
Download on the App Store

འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། episodes

  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡་ཚེས༢། - ཟླ་བ་བཅུ་གཅིག་པ། ༠༢, ༢༠༢༠
    ཨ་རི་བ་ས་ཡ་༩༡ལྷག་གིས་སྔོན་ཚུད་ནས་འོས་ཤོག་འཕེན་ཟིན་པ།
    འོས་འདེམས་ཚོགས་ཆུང་ཞེས་པའི་བྱུང་རིམ་དང་དེས་མཐའ་མའི་གྲུབ་འབྲས་ཐག་གཅོད་བྱེད་ཚུལ།
    སྤྱི་མཐུན་ཚོགས་པར་གྲོས་ཚོགས་གོང་མ་མ་མཐུད་ཐོབ་རྒྱུར་འབད་བརྩོན།
    ཨེ་ཤའི་མི་སྣ་ཁག་གཅིག་གིས་སྲིད་འཛིན་ཊམ་ལ་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ།
    ཨ་རིའི་འོས་བསྡུས་རྒྱ་ནག་དང་ཡོ་རོབ་དབར་གྱི་ཚོང་དོན་གྲོས་མོལ་ལ་ཤུགས་རྐྱེན་ཐེབས་སྲིད་པ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡་ཚེས་༡ - ཟླ་བ་བཅུ་གཅིག་པ། ༠༡, ༢༠༢༠
    རྒྱ་ནག་གིས་ལྷོ་ནུབ་ས་ཁུལ་དུ་ཡོད་པའི་ཁྲིན་ཏུའུ་གྲོང་ཁྱེར་ནས་མགོ་བཙུགས་ཏེ། བོད་ཀྱི་ས་ཁུལ་གཡག་རྔ་དང་ཉིང་ཁྲི་བརྒྱུད་ནས་རྒྱལ་ས་ལྷ་སའི་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་མགོ་བཙུགས་ཡོད་པ། ཨ་རིའི་སྲིད་འཛིན་འོས་བསྡུའི་ཉིན་མོར་སླེབས་རྒྱུར་དུས་ཡུན་ཉི་མ་གཉིས་ལས་མེད་པའི་སྐབས་འདིར། ཡོ་རོབ་རྒྱལ་ཁབ་ཁག་གིས་ཨ་རིའི་འོས་བསྡུ་དང་འབྲེལ་ནས་མ་འོངས་བའི་ཕྱི་འབྲེལ་སྲིད་ཇུས་འཛིན་ཕྱོགས་ཀྱི་ཐད་བསམ་ཚུལ་འདྲ་མིན་འདོན་གྱི་ཡོད་པ། ད་ལོར་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་བར་བོད་དང་རྒྱ་གར་གྱི་ས་མཚམས་སུ་འགལ་ཟླ་བྱུང་བ་དང་བསྟུན་ནས་རྒྱ་གར་གྱིས་སྐམ་མཚོ་གཉིས་ནས་རྒྱ་ནག་གི་དམག་དཔུང་ལ་ཁ་གཏད་གཅོག་ཐབས་ཀྱི་འཆར་གཞི་འཐེན་བཞིན་པ། ཧོང་ཀོང་དུ་རྒྱ་ནག་གཞུང་གིས་གཏན་ལ་ཕབ་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་འགལ་མཁན་རྣམས་ཁ་པར་སོགས་བརྒྱུད་ནས་ཞུ་གཏུག་ཞུ་དགོས་པའི་སྐུལ་འདེད་གཏོང་བཞིན་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༣༡ - ཟླ་བ་བཅུ་པ། ༣༡, ༢༠༢༠
    བདུན་ཕྲག་རྗེས་མའི་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་ལྟར། སྲིད་འཛིན་འོས་མི་གཉིས་ནས་མུ་མཐུད་དུ་ཨ་རིའི་གནད་འགག་ཅན་གྱི་མངའ་སྡེ་ཁག་གི་ནང་འོས་བསྡུའི་གཏམ་བཤད་ཀྱི་ལས་འགུལ་སྤེལ་བཞིན་པ་དང་། ད་སྔ་ཨ་རིའི་མི་གྲངས་བྱེ་བ་བརྒྱད་ལྷག་གིས་སྲིད་འཛིན་འོས་འདེམས་ཀྱི་འོས་ཤོག་འཕངས་ཟིན་པ། བོད་ཀྱི་ས་ཁུལ་འབྲི་རྫོང་དུ་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་རུ་ཕྱིན་ཡོད་པའི་ཐད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྙན་ཐོ་ཞིག་བཏོན་ཡོད་པ་དང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་དེའི་ཐད་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བོད་མི་ན་གཞོན་ཁག་ཅིག་གིས། སྤྱི་ལོ་ཉིས་སྟོང་བཅུ་ལོར་བོད་ཀྱི་ས་ཁུལ་རེབ་གོང་དུ་སློབ་མ་སྟོང་ཕྲག་ཁ་ཤས་ཀྱིས་བོད་ཀྱི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ནས་ལོ་འཁོར་བཅུ་འཁོར་བར་ངག་མེད་མགྲིན་ཚབ་པ་ཅེས་པའི་རྗེས་དྲན་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༣༠ - ཟླ་བ་བཅུ་པ། ༣༠, ༢༠༢༠
    ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།་༢༠༢༠་ཟླ་༡༠་ཚེས་༢༩ - ཟླ་བ་བཅུ་པ། ༢༩, ༢༠༢༠
    རྒྱ་ནག་གིས་སིངྒ་ལར་གྱོང་གུན་སྤྲོད་པའི་ཚོང་ལས་སྲིད་ཇུས།
    ཨ་རི་དང་ཉི་ཧོང་གི་མཉམ་འབྲེལ་དམག་སྦྱོང་།
    ཧོང་ཀོང་བའི་གྱོད་གཞིར་ལག་པ་འཆང་མི་ཆོག་པའི་ཐག་གཅོད།
    རྒྱ་གར་ཌོ་ནལ་ཊམ་གྱི་ཕྱོགས་གཏོགས་མིན་པའི་རྣམ་པ་སྟོན་ཐབས།
    ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་འདེམས།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༨ - ཟླ་བ་བཅུ་པ། ༢༨, ༢༠༢༠
    ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་ཉིན་མོ་སླེབས་རྒྱུའི་བར་དུ་དུས་ཡུན་བདུན་ཕྲག་གཅིག་ལས་མེད་པའི་སྐབས་འདིར། སྲིད་འཛིན་འོས་མི་གཉིས་ནས་གནད་འགག་ཅན་གྱི་མངའ་སྡེ་ཁག་གི་ནང་འོས་བསྡུའི་གཏམ་བཤད་ཀྱི་ལས་འགུལ་རྒྱ་ཆེན་པོར་སྤེལ་བཞིན་པ། ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་སྲུང་དྲུང་ཆེ་གཉིས་རྒྱ་གར་དུ་ཕྱིན་ཡོད་པ་དང་། ཨ་རི་དང་རྒྱ་གར་གཉིས་བར་རྒྱལ་སྲུང་དམག་དོན་གྱི་ཐད་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་ཅིག་བཞག་ཡོད་པ། ཉེ་བའི་ཉིན་ཁ་ཤས་ཀྱི་རིང་ཨ་རིར་ཏོག་དབྱིབས་རིམས་ནད་གསར་དུ་ཕོག་མཁན་གྱི་མི་གྲངས་མང་རུ་ཕྱིན་ཡོད་ནའང་། རིམས་ནད་ལ་བརྟེན་ནས་འཆི་སྐྱོན་བྱུང་མཁན་གྱི་གྲངས་ཀ་མང་རུ་འཕར་མེད་པ། རྒྱ་ནག་ཏུ་ཏོག་དབྱིབས་རིམས་ནད་ལ་བརྟེན་ནས་དབུལ་ཕྱུག་གི་ཁྱད་པར་ཆེ་རུ་ཕྱིན་འདུག་ཅེས་གནད་དོན་དབྱེ་ཞིབ་མཁན་གྱིས་དཔྱད་བརྗོད་སྤེལ་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༦ - ཟླ་བ་བཅུ་པ། ༢༦, ༢༠༢༠
    ཨ་རིའི་སྲིད་འཛིན་འོས་བསྡུ་བྱེད་ལ་ཉེ་བའི་སྐབས་འདིར་ནད་དུག་འགོས་པ་མང་དུ་འགྲོ་བཞིན་པ།
    ཁེ་ནེ་ཊས་རྒྱ་ནག་ལ་མགོ་བོ་སྒུར་རྒྱུ་མེད་པའི་ཁ་ཏ་བྱས་པ།
    རྡུལ་ཕྲན་གོ་མཚོན་བཀག་འགོག་ཆིངས་ཡིག་ལ་རྒྱལ་ཁབ་༥༠་ཡིས་ངོས་ལེན་བྱས་པ།
    རྒྱ་གར་གྱིས་བྷར་མར་དམག་དོན་རོགས་རམ།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༥ - ཟླ་བ་བཅུ་པ། ༢༥, ༢༠༢༠
    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་འཁོར་བདུན་བཅུ་དོན་ལྔ་འཁོར་བའི་ཉིན་མོ་དང་བསྟུན་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་འབྲེལ་བའི་སྙན་ཐོ་ཞིག་བཏོན་ཡོད་པ།
    ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་སྟོན་པ་གཞོན་པས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ཤུགས་རྐྱེན་སོགས་ཀྱི་ཐད་བརྙན་ལམ་ནས་གཏམ་བཤད་སྤེལ་ཡོད་པ། རྒྱ་ནག་གཞུང་གིས་བོད་གྱི་ཡུལ་ཤུལ་རག་སྟོན་ཡུལ་ཚོའི་སློབ་ཆུང་སློབ་མ་ཉིས་བརྒྱ་ལྷག་རྒྱ་ནག་ནང་སློབ་གྲྭར་འགྲོ་དགོས་པའི་བཙན་བཀའ་བཏང་ཡོད་པའི་གནས་ཚུལ་གྱི་སྐོར། རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་གི་ཁ་པར་སོགས་སུ་ཏིན་ཁྲོ་ཁི་ཅེས་པའི་དྲ་ལམ་སྙི་ཆས་ཕབ་ལེན་བྱེད་དུ་བཅུག་རྗེས་མི་དེ་དག་ལ་འགྲོ་འདུག་དང་སྨྲ་བརྗོད་ལ་ཚོད་འཛིན་བྱེད་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༣ - ཟླ་བ་བཅུ་པ། ༢༣, ༢༠༢༠
    ཉེ་ཆར་སྐུ་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་སྐུ་ཕུང་སི་བས་སུ་རུ་ཞུགས་འབུལ་གནང་ཡོད་པའི་གནས་ཚུལ་དང་།
    ་རྒྱ་གར་དང་བལ་ཡུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་བོད་མི་བརྒྱད་བཅུ་གྱ་གྲངས་བྱུང་སྟེ་གནས་སྟངས་ཛ་དྲག་ངང་དུ་ཡོད་པ།
    ཡེ་ཤུའི་གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་བར་གྱི་འབྲེལ་བ་བསྐྱར་གསོ་ཡོང་ཐབས་སུ་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོར་ཡེ་ཤུའི་ཆོས་དཔོན་བསྐོ་བཞག་ཐད་ཀྱི་གྲོས་མཐུན་ཞིག་བཞག་ཡོད་ནའང་། གྲོས་མཐུན་དེ་ཕར་འགྱངས་བྱས་ཡོད་པ། ཨ་རིའི་སྲིད་འཛིན་འོས་འདེམས་བྱ་རྒྱུར་ཉིན་བཅུ་གཅིག་ལས་མེད་པའི་སྐབས་འདིར་སྲིད་འཛིན་འོས་མི་གཉིས་ནས་ཚོགས་ར་གཅིག་ལ་འཛོམས་ནས་རྩོད་གླེང་མཐའ་མ་དེ་གནང་ཡོད་བཅས་ཀྱི་གནས་ཚུལ་ཡོད།
    1 hr
  • སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༢ - ཟླ་བ་བཅུ་པ། ༢༢, ༢༠༢༠
    ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རྣམ་གཉིས་ཐུག་འཕྲད་གནང་བར་རྒྱ་ནག་གིས་སྐྱོན་བརྗོད་བྱས་ཡོད་པ། ད་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་སླེབས་རྒྱུར་དུས་ཡུན་གཟའ་འཁོར་གཉིས་ལས་མེད་པའི་སྐབས་འདིར་འོས་བསྡུའི་ཐད་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་ཡོད་པའི་གནས་ཚུལ་དང་། ཨ་རིའི་འོས་བསྡུའི་གྲུབ་འབྲས་ལ་བརྟེན་ནས་མ་འོངས་བར་ཨ་རིའི་རྒྱལ་སྤྱིའི་འབྲེལ་ལམ་ལ་འགྱུར་ལྡོག་ཅི་ཙམ་འབྱུང་མིན་ལ་དབྱེ་ཞིབ་བྱས་ཡོད་པ། ད་ལོར་ཏོག་དབྱིབས་རིམས་ནད་ལ་རྐྱེན་བྱས་ནས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ནས་མ་རྨོས་ལོ་ཏོག་སོགས་སྟོན་འབྲས་ཕྱིར་འཚོང་བྱ་རྒྱུར་བར་ཆད་ཕོག་ནས་གྱོང་གུད་ཆེན་པོ་ཐེབས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།
    1 hr

About འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

From the publisher's feed

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

More shows like འཛམ་གླིང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

ཀུན་གླེང་གསར་འགྱུར།  - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།

1 Listeners

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་། by VOA

ཀུན་གླེང་གསར་ཤོས། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་། by VOA

དགོང་དྲོའི་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། by VOA

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། by VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

0 Listeners

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་། by VOA

བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།

0 Listeners