Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
November 22, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༢ - ཟླ་བ་བཅུ་གཅིག་པ། ༢༢, ༢༠༢༠དབུས་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་རིམས་ནད་ཛ་དྲག་ལས་དོན་ཚོགས་ཆུང་གིས་རིམས་ནད་དང་འབྲེལ་བའི་བདུན་རེའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཨ་རིའི་སྲིད་འཛིན་ལས་ཤག་ཕོ་བྲང་དཀར་པོ་རུ་ཨ་རིའི་གཞུང་འབྲེལ་མི་སྣ་དང་མཉམ་དུ་བོད་དོན་སྐོར་ལ་གྲོས་མོལ་གནང་ཡོད་པ། ཨ་རིའི་སློབ་ཆེན་ཁག་ཅིག་གི་ནང་དུ་རྒྱ་ནག་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་སྐོར་ལ་གཏམ་བཤད་བཀོད་སྒྲིག་གནང་ཡོད་པར་རྒྱ་ནག་གིས་དྲ་ལམ་བརྒྱུད་གཏམ་བཤད་མཁན་ལ་གནོན་ཤུགས་སྤྲད་ཡོད་པ། ཨ་རིའི་སྲིད་ཁྲི་རོམ་ཕུ་གཟའ་འཁོར་འདིའི་གཟའ་མཇུག་ལ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སྟེང་མཉམ་ཞུགས་བྱ་འཆར་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།1 hrPlay
November 21, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༢༡ - ཟླ་བ་བཅུ་གཅིག་པ། ༢༡, ༢༠༢༠ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་བཞག་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཉིས་ནས་དགའ་བསུའི་བསྔགས་བརྗོད་ཞུས་ཡོད་པ། བོད་དོན་ལས་འགུལ་བ་བསྟན་འཛིན་དོན་གྲུབ་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་འབྲས་ལྗོངས་ཀྱི་སྣ་ཐོད་ལའི་བོད་དང་རྒྱ་གར་གྱི་ས་མཚམས་བར་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་པའི་གནས་ཚུལ། མ་འོངས་བར་སྐུ་ཞབས་ཇོ་བྷད་ཊན་གྱིས་ཨ་རིའི་སྲིད་འཛིན་གྱི་ལས་འགན་འཁུར་སྐབས་རྒྱ་ནག་དང་འབྲེལ་བའི་ལས་དོན་སོགས་ཀྱི་ཐད་མགོ་ཁྲིད་མི་སྣ་གང་དག་བསྐོ་འཇོག་བྱེད་མིན་ཐད་དབྱེ་ཞིབ་བྱས་ཡོད་པ། ཨ་རིར་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་མི་གྲངས་མང་ནས་མང་རུ་འགྲོ་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།1 hrPlay
November 20, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༢༠ - ཟླ་བ་བཅུ་གཅིག་པ། ༢༠, ༢༠༢༠ཨ་རི་ལ་ད་སྔ་ཏོག་དབྱིབས་རིམས་ནད་ཀྱིས་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་དེ་འབུམ་གཉིས་དང་ཁྲི་ལྔ་ལྷག་བརྒལ་ཡོད་ནའང་ད་དུང་གཅིག་གྱུར་གྱི་ནད་ཡམས་སྔོན་འགོག་གི་བྱ་ཐབས་ཤིག་ལག་ལེན་བྱ་ཐུབ་ཀྱི་མེད་པ། རྒྱ་ནག་གིས་རྒྱ་གར་དེ་ཁ་གཏད་ཡུལ་གྱི་དགྲ་ཟླ་ལ་ངོས་འཛིན་བྱེད་བཞིན་པ་དང་། རྒྱ་གར་གྱིས་ཨ་རི་དང་ཨོ་སི་ཁྲི་ལི་ཡ་སོགས་རྒྱལ་ཁབ་དང་འབྲེལ་ལམ་ཡར་རྒྱས་གཏོང་བཞིན་པར་རྒྱ་ནག་གིས་འགོག་རྐྱེན་བཟོ་ཐབས་བྱེད་ཀྱི་ཡོད་པ། ཨ་རི་དང་ཡུ་རོབ་མཉམ་འབྲེལ་སོགས་དམངས་གཙོའི་རྒྱལ་ཁབ་ཁག་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པ། གཞན་སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོའི་བོད་ཀྱི་སྲིད་སྐྱོང་གི་འོས་མི་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ལ་བཅར་འདྲི་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།1 hrPlay
November 19, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༡༨ - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༠རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནས་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་དང་བོད་གཉིས་ས་འབྲེལ་ཡིན་པ་ལས་རྒྱ་ནག་ལ་ས་མཚམས་ཀྱི་འབྲེལ་བ་གང་ཡང་མེད་ཅེས་གཏམ་བཤད་གནང་ཡོད་པ། ཁ་སང་སྤྱི་ཚེས་བཅོ་བརྒྱད་ཉིན་ནས་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ཏུ་རྒྱ་གར་དང་བོད་ཀྱི་ས་མཚམས་བར་རྒྱ་ནག་གིས་བོད་ཀྱི་སྟེང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད་འཕྲུལ་རྟའི་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ། ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་གསུམ་འཛིན་བཟུང་བྱས་ཡོད་པ། ཉི་ཧོང་དང་ཨོ་སི་ཁྲི་ལི་ཡ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྲུང་དམག་དོན་ཐད་ཀྱི་གྲོས་མཐུན་རྒྱ་བསྐྱེད་པར་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་སྐྱོན་བརྗོད་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།1 hrPlay
November 18, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༡༨ - ཟླ་བ་བཅུ་གཅིག་པ། ༡༨, ༢༠༢༠ཡོ་རོབ་རྒྱལ་ཁབ་སི་བས་སི་རུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བོད་དང་ཞིན་ཅང་གི་གནད་དོན་ཐད་སྔར་ལས་ལྷག་པའི་དོ་སྣང་ཞུ་དགོས་པའི་ཐད་སི་བས་སི་ཡི་ཕྱི་སྲིད་ལས་ཁུངས་ལ་འབོད་སྐུལ་ཞུས་ཡོད་པ། དེང་སྐབས་འཛམ་གླིང་རྒྱལ་ཁབ་མང་པོས་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་བཟོ་སྐྲུན་བྱེད་བཞིན་པ་ལྟར་རྒྱ་གར་གྱི་རིམས་འགོག་སྨན་ཁབ་གསར་བཟོའི་ཐད་ནས་ཀྱང་གྲུབ་འབྲས་ལེགས་པོ་ཐོན་ཡོད་པ། སྐུ་ཞབས་ཇོ་བྷད་ཊན་གྱིས་ཕོ་བྲང་དཀར་པོའི་གནད་ཡོད་ལས་བྱེད་བསྐོ་འཇོག་གི་ཐད་མི་སྣ་ཁག་ཅིག་མཚན་འདོན་གནང་ནས་མ་འོངས་བར་སྲིད་འཛིན་གྱི་ལས་འགན་འཁུར་རྒྱུར་གྲ་སྒྲིག་བྱེད་བཞིན་པ། ཐེ་ལན་ཊི་རྒྱལ་ཁབ་དུ་མི་མང་གིས་ངོ་རྒོལ་བྱས་པའི་གནོན་ཤུགས་ལ་བརྟེན་ནས་གྲོས་ཚོགས་ཀྱིས་རྩ་ཁྲིམས་བཅོས་སྒྱུར་ལ་བགྲོ་གླེང་བྱེད་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།1 hrPlay
November 17, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡་ཚེས་༡༧། - ཟླ་བ་བཅུ་གཅིག་པ། ༡༧, ༢༠༢༠བོད་ནང་གི་འཁྱག་རོམ་ཞུ་བའི་ཛ་དྲག་ལ་ཚན་རིག་པ་ཚོ་བློ་འཚབ། ཡུ་རོབ་མཉམ་འབྲེལ་དང་དབྱིན་ཡུལ་གྱིས་བསྐྱར་དུ་གྲོས་མོལ་དབུ་འཛུགས། སྲིད་འཛིན་ཊམ་གྱི་འོས་བསྡུ་ཚོགས་ཆུང་གིས་ཞུ་གཏུག་ཁག་ཅིག་ཕྱིར་འཐེན། འགོག་ཁབ་གཉིས་པ་དེར་ལམ་ལྷོངས་ཡོང་གི་ཡོད་པ།1 hrPlay
November 16, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡་ཚེས་༡༦། - ཟླ་བ་བཅུ་གཅིག་པ། ༡༦, ༢༠༢༠སྲིད་འཛིན་ཊམ་གྱིས་བྷ་ཌན་ལ་རྒྱལ་ཁ་ཐོབ་པར་ངོས་ལེན་གནང་། ཁེམ་རོན་དུ་འཛམ་གླིང་གཅིན་སྙིའི་ནད་སྔོན་འགོག་ཉིན་མོ་སྲུང་བརྩི་བྱས་པ། རྒྱ་གར་ནང་གནམ་གཤིས་གྲང་ངར་དང་མཁའ་རླུང་འབག་རྩོག་གིས་ནད་རིམས་ཁྱབ་གདལ་ཇེ་ཆེར། ལྷོ་རྒྱ་ནག་རྒྱ་མཚོའི་གནས་སྟངས་ལ་བློ་འཚབ་མུ་མཐུད་ཡོད་པ།1 hrPlay
November 15, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༡༥ - ཟླ་བ་བཅུ་གཅིག་པ། ༡༥, ༢༠༢༠ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྐུ་ཞབས་ཇོ་བྷད་ཊན་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་ཁྱབ་བསྒྲགས་བྱས་ཡོད་ནའང་སྲིད་འཛིན་ཌོ་ནལ་ཊམ་ནས་མུ་མཐུད་ནས་འོས་བསྡུ་ལུགས་མཐུན་བྱུང་མེད་པའི་ཁྲིམས་གཏུག་བྱེད་བཞིན་པ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕས་ཨོ་ཡོ་ཡིས་རོབ་དང་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་གི་ནང་ཉིན་གྲངས་བཅུ་ཙམ་གྱི་རིང་རྒྱལ་དོན་འཚམས་འདྲི་གནང་མགོ་བཙུགས་ཡོད་པ། ཧོང་ཀོང་དུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལག་བསྟར་བྱས་པ་དང་བསྟུན་ནས་ད་ལྟ་གསར་འགོད་པ་དག་གི་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་བྱེད་བཞིན་ཡོད་པ། ཉེ་བའི་ཆར་ནས་རྒྱ་ནག་དམར་ཤོག་ཚོགས་པས་ཞིས་ཅིན་ཕིན་གྱི་བསམ་བློ་ཟེར་བ་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།1 hrPlay
November 14, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༡༤ - ཟླ་བ་བཅུ་གཅིག་པ། ༡༤, ༢༠༢༠༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་ཚན་རིག་ཀུན་བཏུས་ཀྱི་དེབ་ཕྲེང་དབུ་འབྱེད་དང་འབྲེལ་ནས་གསུང་བཤད་གནང་ཡོད་པ། ཨ་རིའི་འོས་བསྡུའི་སྐོར་གྱི་ལས་བྱེད་མཐོ་ཤོས་ཁག་ཅིག་ནས་ད་ལོའི་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཐད་ཀྱི་བསམ་ཚུལ་བཤད་ཡོད་པ། རྒྱ་ནག་གཞུང་གིས་དེ་རིང་གཞི་ནས་སྐུ་ཞབས་ཇོ་བྷད་ཊན་ལ་ཨ་རིའི་སྲིད་འཛིན་འོས་འདེམས་ཁྲོད་རྒྱལ་ཁབ་ཐོབ་པར་རྟེན་འབྲེལ་ཞུས་ཡོད་པ། རྒྱ་ནག་ཏུ་བཅའ་སྡོད་བྱས་ཡོད་པའི་ཀེ་ན་ཊ་དང་སུ་བས་སི་ཡི་གཞུང་ཚབ་ཆེན་མོ་བོད་ལ་གཟིགས་སྐོར་ལ་ཕེབས་ཏུ་བཅུག་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།1 hrPlay
November 13, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༡༣ - ཟླ་བ་བཅུ་གཅིག་པ། ༡༣, ༢༠༢༠ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ནས་ཉེ་ཆར་གྱི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ད་དུང་ངོས་ལེན་གནང་མེད་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་ལ་འཚམས་འདྲི་ཞུས་ཏེ་ཏོག་དབྱིབས་རིམས་ནད་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་གནད་དོན་གལ་ཆེན་ཁག་ལ་གྲོས་སྡུར་གནང་གི་ཡོད་པ། རྒྱ་ནག་གཞུང་གིས་ཧོང་ཀོང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལས་གནས་ནས་ཕྱིར་ཕུད་བཏང་བར་ཨ་རི་སོགས་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་དག་གིས་སྐྱོན་བརྗོད་བྱེད་བཞིན་པ། རྒྱ་གར་གཞུང་གིས་སྤྱི་ཚོགས་འབྲེལ་དྲ་རྒྱ་བེད་སྤྱོད་གཏོང་ཕྱོགས་ཐད་སྒྲིག་གཞི་གསར་བ་ཞིག་བཟོ་འཆར་ཡོད་པར་མི་མང་པོས་གསར་འགྱུར་རང་དབང་ལ་དོ་ཕོག་འགྲོ་སྲིད་པའི་སེམས་ཁྲལ་བྱེད་བཞིན་པ། ཨ་རིའི་གཞུང་གིས་ཁྲིམས་ལུགས་གསར་པ་ཞིག་ལག་བསྟར་བྱས་ནས་རྒྱ་ནག་གི་གསར་འགོད་པ་ཁག་ཅིག་ཨ་རི་ནས་ཕྱིར་ཕུད་གཏོང་འཆར་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།1 hrPlay