Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
December 22, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢་ཚེས་༢༢། - ཟླ་བ་བཅུ་གཉིས། ༢༢, ༢༠༢༠རྒྱ་ནག་གཞུང་གིས་མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་ལ་དམ་དྲག རྒྱ་ནག་གི་གློག་ཀླད་ལྟིག་གཞོག་བཟོ་ཚོང་ཁང་ལ་ཨ་རིས་དམ་དྲགཐེ་ཝན་གྱིས་ཁེ་ན་ཌར་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ། འཛམ་གླིང་ཡུལ་གྲུ་ཁག་གིས་དབྱིན་ཇིའི་འགྲུལ་པ་བཀག་སྡོམ།སྲིད་འཛིན་ཊམ་གྱིས་གཞི་མེད་སྐྱོན་འཛུགས་རྒྱུན་འཁྱོངས།1 hrPlay
December 21, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢་ཚེས་༢༡ - ཟླ་བ་བཅུ་གཉིས། ༢༡, ༢༠༢༠ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
December 20, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༢༠ - ཟླ་བ་བཅུ་གཉིས། ༢༠, ༢༠༢༠རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལྷན་ཁང་གི་འགན་འཛིན་ལ་རྒྱ་རིགས་ཡིན་པའི་མི་སྣ་ཞིག་བསྐོ་འཇོག་བྱས་པའི་ཐད་དབྱེ་ཞིབ་བྱས་ཡོད་པ། རྒྱ་ནག་ཏུ་ཏོག་དབྱིབས་རིམས་ནད་ཐོག་མར་འགོས་ཁྱབ་བྱུང་སྐབས་གཞུང་གིས་དངོས་ཡོད་གནས་ཚུལ་གསང་རྒྱ་བྱས་པའི་གནས་ཚུལ་རྒྱ་ནག་ནང་ཁུལ་གྱི་ཡིག་ཆ་ཁག་ཅིག་ལས་གསལ་སྟོན་བྱས་ཡོད་པ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕས་ཨོ་ཡིས་ཨུ་རུ་སུའི་དྲ་ཇག་གིས་ཨ་རིའི་གཞུང་དང་སྒེར་གྱི་སྤྱི་གཉེར་ཁང་དག་ལ་གཏོར་བརླག་བཏང་བའི་བྱ་སྤྱོད་ཐེར་འདོན་གནང་ཡོད་པ། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་རྒྱ་ནག་དུ་བཙོན་མ་རྣམས་ཀྱི་ལུས་པོའི་ཡན་ལག་དོན་ལྔ་སོགས་འདོན་གྱི་ཡོད་པ་མཚམས་འཇོག་གི་ཆེད་དུ་ཁྲིམས་འཆར་ཞིག་བཏོན་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།1 hrPlay
December 19, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༡༩ - ཟླ་བ་བཅུ་གཉིས། ༡༩, ༢༠༢༠ཨ་རིས་སྲིད་འཛིན་གཞོན་པ་མཱད་ཁི་ཕིན་སི་སོགས་གནད་ཡོད་མི་སྣ་རེ་ཟུང་ལ་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་རྒྱག་རྒྱུའི་མགོ་བརྩམས་ཡོད་པ། ཡོ་རོབ་གྲོས་ཚོགས་ནས་རྒྱ་ནག་གིས་ཡུ་གུར་བར་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་དང་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པར་དེའི་ཐད་ཞིབ་འཇུག་བྱེད་དུ་འཇུག་རྒྱུའི་དགོས་འདུན་བཏོན་ཡོད་པ། ཨ་མེ་རི་ཁའི་གྲོས་ཚོགས་འཐུས་མི་བདུན་བཅུ་དོན་གྲངས་ཀྱིས་ཕྱི་སྲིད་དྲུང་ཆེ་མཱད་ཁི་ཕིན་ཕས་ཨོ་ཡི་མིང་ཐོག་ཏུ་སྙན་ཞུ་ཕུལ་ནས་ཨ་རིས་ཐེ་ཝན་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་དགོས་འདུན་བཏོན་ཡོད་པ། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇོ་བྷད་ཊན་གྱི་སློབ་སྟོན་པས་མ་འོངས་བར་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ཐད་བགྲོ་གླེང་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།1 hrPlay
December 18, 2020སྔ་དྲོའི་རླུང་འཕྲིན།་༢༠༢༠་ཟླ་༡༢་ཚེས་༡༨། - ཟླ་བ་བཅུ་གཉིས། ༡༨, ༢༠༢༠སྲིད་འཛིན་ཊམ་ལ་བོད་རང་བཙན་ངོས་འཛིན་གནང་དགོས་པའི་ནན་སྐུལ། པེ་ཅིང་ལ་ཨོ་ལིམ་པིག་རྩེད་འགྲན་འཚོགས་རྒྱུ་ཕྱིར་འཐེན་བྱ་དགོས། ཧྥ་རན་སིའི་སྲིད་འཛིན་ལ་ཏོག་དབྱིབས་ནད་དུག་འགོས་པ། རྒྱ་ནག་གིས་ཁྲིམས་རྩོད་པ་ཚོར་དྲག་གནོན་ཆེན་པོ་བྱེད་ཀྱི་ཡོད་པ།རྒྱ་ནག་གིས་ཧོང་ཀོང་གི་ལས་འགུལ་བ་༡༠་ལ་དངོས་སུ་ཉེས་འཛུགས།1 hrPlay
December 17, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༡༧ - ཟླ་བ་བཅུ་གཉིས། ༡༧, ༢༠༢༠ཉེ་ཆར་ཨ་རིས་རྒྱལ་སྲུང་ཐད་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པའི་ནང་དུ། རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་སུ་བཙན་འཛུལ་བྱེད་བཞིན་པ་མཚམས་འཇོག་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ། རྒྱ་ནག་གིས་ཨོ་སི་ཁྲི་རི་ལིས་ཡ་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་འབྲུ་རིགས་ལ་སྒོ་ཁྲལ་སྤར་བས་ཨོ་སི་ཁྲི་རི་ལིས་ཡས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་གནས་ཚུལ་དེ་གཏུག་བཤེར་བྱས་ཡོད་པ། ཨ་རིས་ཐེ་ཝན་གྱི་དམག་གྲུའུ་སྟེང་ཨ་རིའི་མ་ལག་སྒྲིག་འཇུག་བྱ་རྒྱུར་ཆོག་མཆན་བཀོད་ཡོད་པ་ཐེ་ཝན་རྒྱལ་སྲུང་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་ཡོད་པ། རྒྱ་གར་དུ་ཞིང་བས་ངོ་རྒོལ་བྱེད་བཞིན་པའི་དཀའ་ངལ་སེལ་ཐབས་སུ་དབུས་གཞུང་ནས་གྲོས་མོལ་ལྷན་ཚོགས་ཤིག་འཛུགས་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།1 hrPlay
December 16, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༡༦ - ཟླ་བ་བཅུ་གཉིས། ༡༦, ༢༠༢༠རྒྱ་ནག་ནི་བསྟུད་མར་ལོ་གཉིས་ཀྱི་རིང་འཛམ་གླིང་སྟེང་གསར་འགོད་པ་བཙོན་འཇུག་བྱས་ཡོད་པའི་གྲངས་ཀ་མང་ཤོས་ཀྱི་རྒྱལ་ཁབ་རེད་ཅེས་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་སྙན་ཐོ་བཏོན་ཡོད་པ། ཨ་རིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་གྲོགས་རྒྱལ་ཁབ་བར་གྱི་འབྲེལ་ལམ་རྒྱ་བསྐྱེད་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པ། འཛམ་གླིང་རྒྱལ་ཁབ་རེ་ཟུང་གི་ནང་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་རྒྱག་རྒྱུའི་མགོ་བརྩམས་ཡོད་ནའང་། དཔལ་འབྱོར་གྱི་མཐུན་རྐྱེན་ཞན་པའི་རྒྱལ་ཁབ་ཏུ་འགོག་སྨན་རྒྱག་རྒྱུར་ད་དུང་འགོར་སྲིད་པ། དབྱིན་ཇིའི་སྲིད་བློན་བྷོ་རོད་སི་ཇོན་སོན་ལོ་རྗེས་མའི་ཟླ་དང་པོའི་ནང་རྒྱ་གར་ལ་རྒྱལ་དོན་འཚམས་འདྲིར་འགྲོ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཡོད།1 hrPlay
December 15, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢་ཚེས་༡༥། - ཟླ་བ་བཅུ་གཉིས། ༡༥, ༢༠༢༠དགེ་བཤེས་བསྟན་པ་དར་རྒྱས་ཉིན་༢༣་གྱི་རིང་དུ་ཐུགས་དམ་ལ་བཞུགས་པ།ཨ་རིའི་འདེམས་འཐུས་ལྷན་ཚོགས་ཀྱིས་བྷ་ཌན་སྲིད་འཛིན་ལ་འོས་འདེམས། རྒྱ་གར་ལ་ནད་དུག་ཁྱབ་ནས་ཕྲུ་གུ་ཚོ་ངལ་རྩོལ་བཀོལ་བ།ཨ་རིས་ཞིན་ཅང་གི་བཟོ་ཚོང་ལས་ཁང་ཁག་ལ་དམ་བསྒྲགས།1 hrPlay
December 14, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢་ཚེས་༡༤། - ཟླ་བ་བཅུ་གཉིས། ༡༤, ༢༠༢༠ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།1 hrPlay
December 13, 2020སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༡༣ - ཟླ་བ་བཅུ་གཉིས། ༡༣, ༢༠༢༠ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་རྒྱལ་སྲུང་ལས་དོན་ཐད་ཀྱི་ཁྲིམས་འཆར་ཞིག་ལ་ཆོག་མཆན་བཀོད་ཡོད་ཅིང་། ཁྲིམས་འཆར་འདིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གི་སྟོབས་ཤུགས་རྒྱ་བསྐྱེད་ལ་ཁ་གཏད་གཅོག་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད་པ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ཉིན་མོ་དང་བསྟུན་ནས་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ། འབྲུག་ཡུལ་གྱི་གྲོས་ཚོགས་ནས་མཚན་མཐུན་གཉེན་སྒྲིག་སོགས་ཀྱི་ཐད་དམ་དྲག་བྱེད་བཞིན་པའི་ཁྲིམས་ལུགས་ལ་ལེགས་བཅོས་བྱ་འཆར་ཡོད་པ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕས་ཨོ་ཡིས་ཉེ་ཆར་ཧོང་ཀོང་གཞུང་གིས་ཉེས་འཛུགས་བྱས་ཡོད་པའི་ཇེ་མས་ལས་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།1 hrPlay