Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་... more
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.
October 13, 2023སྲིད་སྐྱོང་གི་ལྷོ་ཨ་རིའི་ཕྱོགས་སྐྱོད། - སྤྱི་ཟླ་བཅུ་པ། ༡༤, ༢༠༢༣ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་གདན་འདྲེན་ཞུས་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ཏུ་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་སྐུལ་གནང་བ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།...more20minPlay
October 11, 2023ཨེ་སི་རལ་དང་ཧ་མ་སི་བར་གྱི་འཐབ་འཁྲུག - སྤྱི་ཟླ་བཅུ་པ། ༡༡, ༢༠༢༣ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཀུན་གླེང་གསར་འགྱུར་སྙན་སྒྲོན་པ་ནོར་བུ་བསམ་འཕེལ་ལགས་དང་ལྷན་པ་ལི་སི་ཐན་གྱི་ཧ་མ་སི་ཡུལ་དམག་གིས་ཨེ་སི་རལ་ལ་གློ་བུར་འཇབ་རྒོལ་བྱས་ཏེ་ད་ལྟ་ཨེ་སི་རལ་གྱིས་རྒོལ་ལན་སློག་བཞིན་པ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།...more26minPlay
October 11, 2023རྒྱ་ནག་གིས་བཀག་སྡོམ་བྱས་པའི་བོད་སྐད་ཡིག་གི་རྩོམ་ཡིག་ཅིག - སྤྱི་ཟླ་བཅུ་པ། ༡༡, ༢༠༢༣ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཀྱིས་སྐད་ཡིག་ནི་མི་རིགས་ཤིག་གི་རིག་གནས་ཀྱི་སྲོག་ཤིང་དང་རྩིས་ཐང་། རང་དབང་སོགས་ལ་འབྲེལ་བ་ཡོད་པའི་ཐད་བགྲོ་གླེང་ཞུས་ཡོད།...more12minPlay
October 06, 2023གཞོན་ནུ་ལྷན་ཚོགས། - སྤྱི་ཟླ་བཅུ་པ། ༠༧, ༢༠༢༣གཞོན་ནུ་ལྷན་ཚོགས། རྡོ་རྗེ་ཚེ་བརྟན་ལགས་ཀྱིས་འདི་གའི་རྩོམ་སྒྲིག་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་རྣམ་རྒྱལ་ཤསྟྲི་གདན་འདྲེན་ཞུས་ནས་གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་དང་ལངས་ཕྱོགས། དགོས་པ་དང་བོད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་སོགས་ལ་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།...more15minPlay
October 06, 2023བོད་ཀྱི་གཞོན་ནུ་ཚོགས་པའི་རྒོལ་མཆོང་ལས་འགུལ། - སྤྱི་ཟླ་བཅུ་པ། ༠༧, ༢༠༢༣བོད་ཀྱི་གཞོན་ནུ་ཚོགས་པའི་རྒོལ་མཆོང་ལས་འགུལ། ཀུན་གླེང་ལས་རིམ་དུ་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒོལ་མཆོང་ལས་འགུལ་ཞེས་པའི་བོད་ཀྱི་གཞོན་ནུ་རྣམས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བའི་ཐད་ཀྱི་དངོས་བྱུང་གློག་བརྙན་ཞིག་གཟིགས་འབུལ་ཞུ་རྒྱུ་ཡིན།...more15minPlay
October 04, 2023ལྕམ་ཌ་ཡེན་ཧྥེན་སི་ཐན་དམ་པ་མཆོག་གི་བོད་དོན་སྐོར་གྱི་མཛད་རྗེས། - སྤྱི་ཟླ་བཅུ་པ། ༠༤, ༢༠༢༣ཀུན་གླེང་ལས་རིམ་དུ་་ཚེ་རིང་དབང་མོ་ལགས་ཀྱིས་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་ལྷན་དུ་ཨ་རིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་བ་ལྕམ་ཌ་ཡེན ཧྥེན་སི་ཐན་དམ་པ་མཆོག་གི་བོད་དོན་སྐོར་གྱི་མཛད་རྗེས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།...more26minPlay
October 04, 2023ཨ་རིའི་གཞུང་སྒོ་བརྒྱབ་སྲིད་པའི་ཉེན་ཁ་དང་ཚོགས་གཙོ་གནས་དབྱུང་། - སྤྱི་ཟླ་བཅུ་པ། ༠༤, ༢༠༢༣ཐེངས་འདིའི་ཀུན་གླེང་ལས་རིམ་ནང་ཚེ་རིང་དབང་མོ་ལགས་ཀྱིས་ཨ་རིའི་གཞུང་སྒོ་བརྒྱབ་སྲིད་པའི་ཉེན་ཁ་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་གནས་དབྱུང་བཏང་བའི་གནས་ཚུལ་སོགས་ཀྱི་ཐད་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་གླེང་མོལ་ཞུས་ཡོད།...more13minPlay
September 29, 2023སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་ཚོགས་དུས་དྲུག་པ། - སྤྱི་ཟླ་དགུ་པ། ༢༩, ༢༠༢༣ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་པ་གཞོན་པ་སྐལ་བཟང་སྦྱིན་པ་ལགས་དང་དམངས་གཙོ་དང་བགྲོ་གླེང་ལས་རིམ་གསར་གཏོད་པ་ལྷ་སྲུང་ལགས་གཉིས་གདན་འདྲེན་ཞུས་ནས་སྐབས་༡༧་པའི་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་༦་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།...more22minPlay
September 29, 2023རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་ཆོས་དབྱངས། - སྤྱི་ཟླ་དགུ་པ། ༢༩, ༢༠༢༣རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་དགུང་གྲངས་ཉི་ཤུ་རྩ་གསུམ་ཕེབས་སྐབས་དྭགས་པོ་བཤད་སྒྲུབ་གླིང་གི་མཁན་པོ་གནང་སྟེ་ཐུན་མོང་མ་ཡིན་པའི་དྭགས་གྲྭའི་ཆོས་དབྱངས་གསར་གཏོད་གནང་བ་ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་ཀུ་ལུ་མ་ན་ལིའི་ཁུལ་གྱི་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་དུ་རྒྱུན་འཛིན་གནང་བཞིན་པའི་སྐོར་ངོ་སྤྲོད་ཞུ།...more15minPlay
September 27, 2023ལ་དྭགས་ཀྱི་འཇམ་དབྱངས་སློབ་གྲྭ་དང་བོད་ཀྱི་རིག་གཞུང་། - སྤྱི་ཟླ་དགུ་པ། ༢༧, ༢༠༢༣ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ལ་དྭགས་འཇམ་དབྱངས་སློབ་གྲྭའི་ངེས་སྟོན་པ་དགེ་བཤེས་ལྷ་རམས་པ་བློ་བཟང་བསམ་གཏན་ལགས་དང་མཉམ་དུ་འཇམ་དབྱངས་སློབ་གྲྭའི་གནས་སྟངས་དང་། ཡང་ཧི་མ་ལའི་རི་རྒྱུད་དུ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ལ་གདོང་ལེན་བྱེད་དགོས་པ་གང་ཡོད་སྐོར་ལ་བགྲོ་གླེང་ཞུས་ཡོད།...more19minPlay
FAQs about ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 931 episodes available.