Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
ཨ་རིའི་རླུང་འཕྲིན་ཁང་གིས་དམིགས་བསལ་ལས་རིམ་མང་པོ་ཞིག་པོ་ཊི་ཁ་སི་ལེ་ཚན་གྱི་ངོ་བོའི་ཐོག་རྒྱང་སྒྲོག་བྱེད་བཞིན་པ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་སྡེ་ཚན་འདིར་ཡོངས་སུ་གསན་ཐུབ།... more
FAQs about པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 293 episodes available.
May 07, 2023ཨ་རིའི་སྲིད་འཛིན་ཇཱོ་བྷའི་ཌན་གྱིས་སླར་ཡང་སྲིད་འཛིན་གྱི་འོས་མིར་བཞེངས པའི་གླེང་མོལ། - སྤྱི་ཟླ་ལྔ་པ། ༠༧, ༢༠༢༣༄༅། ཐེངས་འདིའི་ཕལ་སྐད་གླེང་མོལ་གྱི་ལེ་ཚན་ནང་ཨ་རིའི་སྲིད་འཛིན་ཇཱོ་བྷའི་ཌན་གྱིས་སླར་ཡང་སྲིད་འཛིན་གྱི་འོས་མིར་བཞེངས་རྒྱུར་ཐག་ཆོད་གནང་བའི་རྒྱུ་མཚན་དང་གནད་འགག་སོགས་ཀྱི་སྐོར་གླེང་མོལ་གནང་བ་ཞིག་གསན་གྱི་རེད།...more19minPlay
May 02, 2023ཁྲིམས་དང་རང་དབང་། བོད་དོན་དག་ཐེར། - སྤྱི་ཟླ་ལྔ་པ། ༠༣, ༢༠༢༣༄༅། །བོད་ཀྱི་རྒྱལ་ས་ལྷ་སར་༡༩༨༧་དང་༡༩༨༨་ལོའི་ནང་རྔམ་སྟོན་ཁྲོམ་སྐོར་དེ་ཞི་བའི་ངང་བྱས་ཡོད་ནའང་། དེར་རྒྱ་ནག་གིས་དྲག་པོས་གནོན་འདོམས་བྱས་ཡོད་པའི་ཐད་རྒྱ་ནག་དང་བོད་ཀྱི་གནད་དོན་དཔྱད་ཞིབ་པ་ཚོས་ཇི་ལྟར་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་སྐོར། ནམ་མཁའ་བསྟན་འཛིན་ལགས་དང་བདེ་ཆེན་རྒྱ་མཚོ་ལགས་གཉིས་ཀྱིས་གླེང་མོལ་གནང་གི་རེད།...more13minPlay
May 02, 2023ནང་པའི་སེམས་ཁམས་རིག་པ་དང་བོད་ཀྱི་རིག་གཞུང་ལ་འཛམ་གླིང་ཞི་བདེ་བསྐྲུན་པའི་ནུས་པ་ཡོད། - སྤྱི་ཟླ་ལྔ་པ། ༠༢, ༢༠༢༣དེ་སྔར་ལོ་ངོ་འགའི་གོང་དུ་བོད་པའི་དགེ་རྒན་འདུ་འཛོམས་ཤིག་གི་སར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་སེམས་ཁམས་རིག་པ་དང་བོད་ཀྱི་རིག་གཞུང་གཉིས་ལ་འཛམ་གླིང་ཞི་བདེ་བསྐྲུན་རྒྱུའི་ནུས་པ་ཡོད་ཅེས་བཀའ་སློབ་གནང་བའི་དུམ་བུ་ཞིག་འདིར་འཁོད་ཡོད།...more13minPlay
May 01, 2023ཨ་མེ་རི་ཀ་དང་ལྷོ་ཀོ་རི་ཡའི་འབྲེལ་བའི་གནད་འགག་མདོར་ཙམ་གླེང་བ། - སྤྱི་ཟླ་ལྔ་པ། ༠༡, ༢༠༢༣རྩོམ་སྒྲིག་པའི་གཏམ་ཚོགས་ཀྱི་ལེ་ཚན་ནང་ཉེ་ལམ་ལྷོ་ཀོ་ཡའི་སྲིད་འཛིན་ཨ་མེ་རི་ཀར་གཞུང་འབྲེལ་གཟིགས་སྐོར་ལ་ཕེབས་སྐབས་གྲོས་ཚོགས་ཚང་འཛོམས་སར་གསུང་བཤད་གནང་བར་མགྲོན་འབོད་གནང་ནས་ཆེ་མཐོང་ཞུ་དགོས་པའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་དང་གནད་འགག་སོགས་ཀྱི་སྐོར་བློ་བཟང་ཡེ་ཤེས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།...more13minPlay
April 29, 2023བཅད་གཏུབ་བྱས་པའི་བརྙན་ཐུང་བརྒྱུད་བསྒྲགས་བྱེད་མཁན་སུ་ཡིན་དང་ཁོང་ཚོའི་སྐུལ་སློང། - སྤྱི་ཟླ་བཞི་པ། ༣༠, ༢༠༢༣གཟའ་འཁོར་འགའ་ཤས་གོང་རྒྱ་གར་དང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁ་ཤས་ཀྱིས་༧གོང་ས་མཆོག་གིས་རྒྱ་གར་གྱི་ཕྲུ་གུ་ལོ་ཆུང་ཞིག་ལ་བྱམས་སྐྱོང་གནང་བའི་བརྙན་ཐུང་དེ་བཅད་བཏུབ་བྱས་ཏེ་སྤྱི་ཚོགས་དྲ་ལམ་ནང་ཁྱབ་སྤེལ་གཏོང་མཁན་དེ་སུ་ཡིན་པ་དང། ཁོང་ཚོའི་སྐུལ་སློང་དང་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ཐད་ལ་གླེང་མོལ་ཞུ་ཡི་རེད།...more34minPlay
April 25, 2023ཁྲིམས་དང་རང་དབང་། བོད་དོན་དག་ཐེར། - སྤྱི་ཟླ་བཞི་པ། ༢༥, ༢༠༢༣༄༅། །ཐེངས་འདིའི་ལས་རིམ་ནང་རྒྱ་ནག་གཞུང་གིས་བོད་ནང་ལ་དུས་ཆེན་གང་རྒྱུན་སྲོལ་བཞིན་ཡོད་ལུགས་བརྗོད་ཀྱི་ཡོད་པ་དེར་བོད་ཀྱི་གནད་དོན་དཔྱད་ཞིབ་པའི་འགྲེལ་བརྗོད་གནང་བའི་སྐོར་ནམ་མཁའ་བསྟན་འཛིན་ལགས་དང་བདེ་ཆེན་རྒྱ་མཚོ་ལགས་གཉིས་ཀྱིས་གླེང་མོལ་གནང་བ་ཞིག་གསན་གྱི་རེད།...more16minPlay
April 25, 2023དགེ་བཤེས་ལྷག་རྡོར་ལཊ་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་སྐོར་གསུངས་པ། - སྤྱི་ཟླ་བཞི་པ། ༢༥, ༢༠༢༣རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་༧གོང་ས་མཆོག་གི་དགོངས་གཞི་ལྟར། གཞན་གྱིས་ཡིད་མོས་ཆེན་པོ་བྱེད་སའི་བོད་མི་རིགས་ལ་ཧ་ཅང་རིན་ཐང་བྲལ་བའི་ཆོས་དང་རིག་གཞུང་བཟང་པོ་ཞིག་ཡོད་པ་དེར་བོད་མི་གཞོན་སྐྱེས་ཚོས་དོ་སྣང་ཆེ་ཙམ་བྱས་ཏེ། སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་གནང་བ་ཞིག།...more14minPlay
April 23, 2023རྒྱ་གར་གྱིས་ནང་ཆོས་ཕྱི་འབྲེལ་ལ་སྒྱུར་ཐབས། - སྤྱི་ཟླ་བཞི་པ། ༢༤, ༢༠༢༣དེ་རིང་གི་རྩོམ་སྒྲིག་པའི་གཏམ་ཚོགས་ཀྱི་ནང་ལ། རྒྱ་གར་གྱིས་ནང་ཆོས་ཕྱི་འབྲེལ་ཐབས་ཇུས་ལ་ཇི་ལྟར་སྒྱུར་ཐབས་བྱེད་ཀྱི་ཡོད་པའི་སྐོར་ངོ་སྤྲོད་ཞུས་ཡོད།...more13minPlay
April 23, 2023མདུན་ཅོག་བགྲོ་གླེང་། - སྤྱི་ཟླ་བཞི་པ། ༢༤, ༢༠༢༣༄༅། །ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་དུ་ལྡི་ལིར་ཚོགས་པའི་རྒྱལ་སྤྱི་ནང་པའི་ལྷན་ཚོགས་སྤྱི་ཡོངས་སྐོར་དང་། ཁྱད་པར་དུ་ལྷན་ཚོགས་ཀྱི་སྐུ་མགྲོན་དུ་༧གོང་ས་མཆོག་དང་སྲིད་བློན་མོ་ཌི་མཆོག་ཕེབས་པའི་གལ་གནད་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད།...more26minPlay
April 23, 2023རྡ་རམ་ས་ལ་དང་ས་ཆ་ཁག་གཅིག་གི་མྱོངཚོར་གླེང་པ། - སྤྱི་ཟླ་བཞི་པ། ༢༣, ༢༠༢༣༄༅། ད་རིང་གི་ཕལ་སྐད་གླེང་མོལ་ནང་ ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་ངའི་ལས་རོགས་པདྨ་བདེ་ཆེན་ལ་ཆེད་བཅར་ཞུས་གནང་བ་མ་ཟད། རྡ་རམ་ས་ལའི་ཉེ་འཁོར་ས་གནས་ཁག་ཅིག་ལ་གནས་སྐོར་ལ་ཕེབས་འདུག་པའི་མྱོང་བའི་སྐོར་ལ་གླེང་མོལ་ཞུས་པ་ཡིན།...more23minPlay
FAQs about པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 293 episodes available.