Sign up to save your podcastsEmail addressPasswordRegisterOrContinue with GoogleAlready have an account? Log in here.
ཨ་རིའི་རླུང་འཕྲིན་ཁང་གིས་དམིགས་བསལ་ལས་རིམ་མང་པོ་ཞིག་པོ་ཊི་ཁ་སི་ལེ་ཚན་གྱི་ངོ་བོའི་ཐོག་རྒྱང་སྒྲོག་བྱེད་བཞིན་པ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་སྡེ་ཚན་འདིར་ཡོངས་སུ་གསན་ཐུབ།... more
FAQs about པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 293 episodes available.
April 18, 2023ཨིན་ཌོ་ནི་ཤི་ཡའི་རྒྱལ་ས་ཇཱ་ཀར་ཏཱ་མཚོ་ནང་ཐིམ་རྒྱུའི་ཉེན་ཁ། - སྤྱི་ཟླ་བཞི་པ། ༡༩, ༢༠༢༣༄༅། །གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་རྒྱ་མཚོའི་ཉེ་འགྲམ་དུ་ཡོད་པའི་ས་གནས་ཁག་ལ་ཆུ་ཚད་རྒྱས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ཨིན་ཌོ་ནི་ཤི་ཡའི་གྲོང་ཁྱེར་ཇཱ་ཀ་ཏའི་མཚོའི་ནང་ཐིམ་རྒྱུའི་ཉེན་ཁ་ཡོད་པའི་སྐོར་ལ་ངོ་སྤྲོད་ཞུ་རྒྱུ་ཡིན།...more14minPlay
April 18, 2023ཁྲིམས་དང་རང་དབང་གི་བོད་དོན་དག་ཐེར། - སྤྱི་ཟླ་བཞི་པ། ༡༩, ༢༠༢༣༄༅། ཐེངས་འདིའི་ལས་རིམིམ་ནང་བོད་ནང་གི་ཡུལ་སྲོལ་གོམ་གཤིས་ལ་རྒྱ་ནག་གིས་དམའ་འབེབས་བྱས་པ་དེར་བོད་ཀྱི་གནད་དོན་དཔྱད་ཞིབ་པ་ཚོས་འགྲེལ་བརྗོད་གནང་བའི་ཐད་ནམ་མཁའ་བསྟན་འཛིན་ལགས་དང་བདེ་ཆེན་རྒྱ་མཚོ་ལགས་གཉིས་ཀྱིས་གླེང་མོལ་གནང་བ་ཞིག་གསན་གྱི་རེད།...more18minPlay
April 17, 2023བདེ་སྐྱིད་ཀྱི་ས་བོན། - སྤྱི་ཟླ་བཞི་པ། ༡༨, ༢༠༢༣ཐེངས་འདིའི་བདེ་སྐྱིད་ཀྱི་ས་བོན་གྱི་ལེ་ཚན་ནང་ཟླ་ཤས་གོང་དུ་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་རྒྱ་གར་ཨོ་རི་ས་མངའ་སྡེའི་ནང་ཡོད་པའི་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་མང་ཚོགས་ལ་འཆམ་མཐུན་དང་ཞི་བདེའི་སྐོར་ལ་གསུང་བཤད་གནང་བའི་དུམ་བུ་ཞིག་འདིར་འཁོད་ཡོད།...more15minPlay
April 17, 2023རྒྱ་གར་སྤྱི་ཡོངས་རླུང་འཕྲིན་ཁང་། - སྤྱི་ཟླ་བཞི་པ། ༡༨, ༢༠༢༣དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་རྒྱ་གར་སྤྱི་ཡོངས་རླུང་འཕྲིན་ཁང་གི་བོད་སྐད་རླུང་འཕྲིན་ལས་རིམ་ཐོག་མར་གསར་འཛུགས་དང་རྒྱང་སྲིང་སྐོར་འདི་གའི་ལས་བྱེད་ནོར་བུ་བསམ་འཕེལ་ལགས་དང་བགྲོ་གླེང་ཞུ་ཡི་ཡིན།...more12minPlay
April 15, 2023བླ་མ་བཟོད་པ་མཆོག་གི་སྐུ་ཚེ་ལོ་རྒྱུས་དང་མཛད་རྗེས། - སྤྱི་ཟླ་བཞི་པ། ༡༦, ༢༠༢༣༄༅། །ཉེ་དུས་བལ་ཡུལ་དུ་སྐྱབས་རྗེ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིས་སུ་འཐིམས་ཏེ་ད་ཆ་ཐུགས་དམ་ལ་བཞུགས་ཡོད་པ་དང་ ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་། རིན་པོ་ཆེ་མཆོག་གི་མཛད་རྗེས་ཁག་གཅིག་ཐད་ལ་འབྲེལ་ཡོད་གཉིས་གདན་ཞུ་བྱས་ཏེ་གླེང་མོལ་ཞུ་ཡི་ཡིན།...more24minPlay
April 10, 2023རྟེན་འབྲེལ་གྱི་རྣམ་གཞག་གི་གོ་དོན་དང་དེའི་ཕན་ཡོན། - སྤྱི་ཟླ་བཞི་པ། ༡༡, ༢༠༢༣ཐེངས་འདིའི་བདེ་སྐྱིད་ཀྱི་ས་བོན་གྱི་ལེ་ཚན་ལས། ནང་པའི་རྟེན་འབྱུང་གི་རྣམ་གཞག་སྐོར་ལ་སློབ་སྦྱོང་བྱས་པའི་ཕན་ཡོན་དང་གལ་གནད་ཀྱི་སྐོར་དགེ་བཤེས་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་གནང་བ་འདིར་གསལ།...more25minPlay
April 10, 2023སྲིད་བློན་ནེ་རུ་གྲོ་མོར་ཕེབས་ཡོད་པར་དྲན་གསོ། - སྤྱི་ཟླ་བཞི་པ། ༡༡, ༢༠༢༣དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་༡༩༥༨ལོར་རྒྱ་གར་གྱི་སྲིད་བློན་ནེ་རུ་འབྲུག་ཡུལ་དུ་ཕེབས་པའི་ལམ་ཞོར་དུ་གྲོ་མོ་ཁུལ་དུ་ཕེབས་ཡོད་ཅིང་། དེ་ནི་རྒྱ་གར་གྱི་སྲིད་བློན་གཅིག་བོད་ཀྱི་ས་ཐོག་ལ་ཕེབས་པ་དང་པོ་ཡིན་པའི་ལོ་རྒྱུས་སྐོར་དྲན་གསོ་ཞུ་ཡི་ཡིན།...more13minPlay
April 10, 2023ཨུ་རུ་སུའི་གསང་ཉུལ་བ་བརྒྱ་ཕྲག་མང་པོ་འཛིན་བཟུང་དང་ཕྱིར་འབུད། - སྤྱི་ཟླ་བཞི་པ། ༡༠, ༢༠༢༣ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པའི་གཏམ་ཚོགས་ལེ་ཚན་ལ་འདས་པའི་ལོ་དེར་ཨུ་རུ་སུའི་གསང་ཉུལ་བ་བརྒྱ་ཕྲག་མང་པོ་ཡུ་རོབ་རྒྱལ་ཁབ་ཁག་དང་ཨ་མི་རི་ཀ་སོགས་ནས་འཛིན་བཟུང་དང་ཕྱིར་འབུད་བྱུང་ཞིང་། ཡུཀ་རེན་གྱི་དམག་འཁྲུག་ལ་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་ནུས་པ་ཅི་ཙམ་འདོན་གྱི་ཡོད་མེད་སྙན་སྒྲོན་ཞུ་རྒྱུ་ཡིན།...more16minPlay
April 08, 2023བགྲོ་གླེང་མདུན་ཅོག་གི་ལས་རིམ་ནང་པན་ཅ་མ་རི་སློབ་ཕྲུག་གིས་བོད་མིའི་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་གྲུབ་པའི་སྐོར། - སྤྱི་ཟླ་བཞི་པ། ༠༩, ༢༠༢༣ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་ནང་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་པན་ཅ་མ་རི་སློབ་གྲྭས་བོད་མིའི་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་གྲུབ་པའི་སྐོར་ཉེ་ལམ་༧གོང་ས་མཆོག་ལ་སློབ་ཟུར་ཚོས་བརྟན་བཞུགས་འབུལ་སྐབས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་ཟུར་བཀྲིས་རྣམ་རྒྱལ་ལགས་དང་གླེང་མོལ་ཞུས་ཡོད།...more22minPlay
April 04, 2023ཁྲིམས་དང་རང་དབང་། - སྤྱི་ཟླ་བཞི་པ། ༠༥, ༢༠༢༣༄༅། །རྒྱ་ནག་གིས་བོད་ནང་འཚོ་བའི་གནས་སྟངས་སྔ་མོ་དང་ཚད་བསྡུར་བྱས་ན་ཡར་རྒྱས་སོང་ཡོད་ཅེས་རྒྱ་ནག་གིསི་བརྗོད་བབས་ལ་བོད་ཀྱི་གནད་དོན་དཔྱད་ཞིབ་པ་ཚོས་འགྲེལ་བརྗོད་བྱས་པའི་སྐོར་ནམ་མཁའ་བསྟན་འཛིན་ལགས་དང་བདེ་ཆེན་རྒྱ་མཚོ་ལགས་ཀྱི་གླེང་མོལ་གནང་བ་ཞིག་གསན་གྱི་རེད།...more16minPlay
FAQs about པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།:How many episodes does པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། have?The podcast currently has 293 episodes available.